ཀུན་སྤྱོད། དུས་རབས་ཀྱིས་བཏོན་པའི་བླང་བྱ།

ཧོར་ནག་པ་ཀླུ་སྨྱོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-11-28

    རྒན་པོ་ཚེ་རྒྱལ་གྱིས་ང་རང་གྲོང་ཁྱེར་དུ་སོང་ན་མི་ལོབས་གི་ཟེར་ལ། ཨ་ཁུ་མགོན་པོ་ཡིས་གྲོང་ཁྱེར་ནས་སེམས་ལྷོད་ལ་འབབ་མི་ཐུབ་ཚུལ་བཤད། རེད་དེ། ང་རང་ལ་ཡང་དཔལ་འབྱོར་དང་ཁེ་ཕན་ཁོ་ན་གཙུག་ཏུ་བཀུར་བའི་ཁོར་ཡུག་འདི་རུ་ཕྱི་ཚུལ་མཛེས་པ་འོ་ཞོ་ལྟར་ཆགས་ཀྱང་ནང་ཚུལ་གང་ཞིག་ན་དུག་ཆུའི་དྲི་མས་སྦགས་པའི་ཚོར་སྣང་ཞིག་གིས་ནམ་རྒྱུན་ལུས་སེམས་གཉིས་ཀ་བློང་བློང་བོར་གྱུར་ཏེ་རྨི་ལམ་ཡང་མི་བདེ་བར་འཁྲིགས་ཀྱིན་ཡོད། འདི་དག་ནི་སྤྱི་ཚོགས་ཀྱི་ངོས་ཟུར་དང་གྲུ་ག་གང་རུང་ན་སྐྱུག་བྲོ་བའི་སྣང་བརྙན་དང་ཟློས་གར་མང་བོ་ཅི་དགར་དུ་བསྒྱུར་དང་བསྒྱུར་བཞིན་པའི་རྒྱུ་མཚན་གྱིས་རེད།
     མིའི་རིགས་ཀྱི་སྤྱི་ཚོགས་འདི་ཉེ་རབས་ཀྱི་དབྱིན་ཇིའི་བཟོ་ལས་གསར་བརྗེ་ནས་མགོ་ཚུགས་ཏེ་ཕྱི་དངོས་པོའི་དཔལ་ཡོན་གྱི་སྟེང་ནས་བྱ་ཕྲུག་ལ་གཤོག་རྩལ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་ཞིག་རེད་ལ། འཕེལ་རྒྱས་དེ་ཡང་མིའི་རིགས་ཀྱི་བློ་ཡུལ་ལས་ཡོངས་སུ་འགོངས་པ་ཞིག་ཡིན་པས་ཀུན་གྱི་མིག་རྒྱ་དང་ཐོས་རྒྱ་བསྐྱེད་དེ་བསམ་བློའི་འཁོར་རྒྱ་ཡང་ཆེས་ཆེར་ཕྱིན། སྤྱིར་འདི་ནི་གྱ་ནོམ་ཕུན་ཚོགས་ཀྱི་དགའ་སྟོན་ཞིག་ཡིན་ལགས་ཀྱང་ཡིད་སྐྱོ་བ་ཞིག་ལ་མིའི་རིགས་ཀྱི་སྟོན་ཐོག་ཏུ་དྲངས་པའི་གསོལ་སྐྱེམས་ནི་འཕྲོ་རིམ་འཕྲོར་ཐོན་པའི་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པ་སོགས་ཀྱི་དུག་ཆུ་རེད། འདི་ནི་འདས་སོང་གི་ལོ་རྒྱུས་ཐོག་ཏུ་སྔར་བྱུང་མ་མྱོང་བའི་གཏོར་བཤིག་དང་བཅོམ་བརླག་གི་གནོད་འཚེའི་གཞི་རྒྱ་ཆེས་ཆེ་བ་གཉིས་རེད་ལ། འདིའི་ནང་དུ་ཞི་ཐི་ལི་ཡི་ཡ་ཧུ་ད་པའི་མི་རིགས་རྩ་མེད་དུ་གཏོང་བ་དང་འཇར་པན་གྱི་སྐྱེ་དངོས་ཕྲ་རབ་ཀྱི་ཚོད་ལྟ་སོགས་ནག་ཉེས་ཀྱི་ལམ་ཚད་རྡོ་རིང་ལོ་རྒྱུས་ཡིག་ཚང་གིས་ཟིན་མ་ཟིན་པ་མང་བོ་གོམ་པ་གང་རེའི་མཚམས་ན་རེ་རེ་བརྩེངས་ཏེ་དཔག་ཚད་བྱེ་བའི་བར་དུ་བསྲིངས་ཡོད།
    འགའ་རེས་མི་དགེ་བ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སོ་ཟེར་བ་ལྟར་སྤྱི་ཚོགས་ནི་འགྲན་རྩོད་དང་ཀྱག་ཀྱོག་གི་བགྲོད་ལམ་སྟེང་ནས་འཕེལ་རྒྱས་སུ་འགྲོ་བ་ཞིག་ཡིན་པར་བཤད་ཀྱང་། འཕེལ་རྒྱས་དེའི་ནང་དུ་བརྩེ་བ་དང་གཞན་ཕན་ལྷག་བསམ་གྱི་འདམ་རྩྭ་དང་ཤུག་མས་མ་ཟིན་ན་གྱང་རྟིང་རུལ་བའི་མཁར་ཁང་དང་རྩ་བ་རུལ་བའི་སྡོང་རྒན་བཞིན་དུ་ལྡོག་པའི་འཕེལ་རྒྱས་དང་བཟང་ཆ་ལས་སྐྱོན་ཆ་མང་བའང་འབྱུང་སྲིད། དཔེར་ན་ཕ་མ་ལ་བརྩེ་བ་མེད་པའི་བུ་ཕྲུག་དེ་ཕྱི་ཕྱིར་ཇི་ལྟར་འཁྱོངས་ཀྱང་ཕྱིར་ཕ་མ་ལ་ཕན་མི་ཐོགས་པ་བཞིན་ནོ།
  ང་ཚོའི་དགེ་རྒན་གྱིས་ནམ་རྒྱུན་ཁྱོད་ཚོས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ཅི་ཡིན་ནམ་ཞེས་འདྲི་བར་བྱེད་ལ། དེར་མཐུད་ནས་ཁོས་ཕྱིར་ང་ཚོར་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་རང་གི་གཤིས་ཀ་དང་ཀུན་སྤྱོད་ལ་དག་ཐེར་དང་མ་འོངས་པར་སྤྲོ་སྣང་ལྡན་པའི་འཚོ་བ་ཞིག་རོལ་ཏེ་སེམས་ཅན་ལ་ཕན་མི་ཐོགས་ཀྱང་བསོད་ནམས་ཀྱི་ཞིང་ཕ་མ་དང་གཉེན་ཉེ་ལ་ལྷག་བསམ་རྣམ་དག་གིས་ཕན་རེ་ཨེ་ཐོགས་ལ་བལྟ་རྒྱུ་དེ་རེད་ཟེར། ཡང་སྙིང་རྗེ་དང་ཤེས་རབ་གཉིས་ཀྱིས་སྤྱི་ཚོགས་ལ་བཏོན་པའི་ཕན་ཡོན་ལ་གཤིབ་བསྡུར་བྱེད་དུས་ཀྱང་སྙིང་རྗེ་ལས་ཤེས་རབ་མི་ལྡན་ན་མི་དང་དུད་འགྲོ་ཤན་མི་ཕྱེས། ཤེས་རབ་ལས་སྙིང་རྗེ་མི་ལྡན་ན་བདུད་དང་ཁྱད་མེད་མ་རབས་གནོད་པའི་ལས། སྙིང་རྗེ་དང་ཤེས་རབ་གཉིས་ཀ་ལྡན་ན་མཆོག་ཏུ་ལེགས་མོད་ཀྱང་། གལ་ཏེ་མི་ལྡན་ན་ཤེས་རབ་ལས་སྙིང་རྗེ་ལྡན་པ་ལེགས་ཏེ་དེས་གཞར་ཡང་སྤྱི་ཚོགས་ལ་གནོད་པའི་ལས་མི་བྱེད་པས་སོ། དེ་བས་མ་ཎི་པདྨེ་ཟེར་དུས་ཀྱང་མ་ཎི་སྟེ་སྙིང་རྗེ་སྔོན་དང་པད་མ་སྟེ་ཤེས་རབ་རྗེས་སུ་སྦྱོར་བ་ཡང་འདོད་རྟ་དབྱངས་དང་ངག་བདེ་ལྷོད་ཁོ་ནའི་སྟེང་ནས་མ་ཡིན་པར་བསམ་གཟས་ནས་དགོས་པ་དང་དམིགས་ཡུལ་ཞིག་ལ་གདོང་གཏད་དེ་གོ་རིམ་བསྒྲིགས་ནས་བཞག་པར་འདོད།
   ཤེས་རབ་ལས་སྙིང་རྗེ་མེད་པ་ནི་ཇི་འདྲའི་བག་ཚ་བ་ཞིག་རེད་ཨང་། ཤེས་རབ་དང་སྙིང་རྗེ་ཡིས་སེམས་ཅན་སྐྱེ་ཞིང་ཤི། ཤི་ཞིང་གསོན། ཤེས་རབ་དང་སྙིང་རྗེ་ཡིས་འཇིག་རྟེན་འཇིག་ཅིང་ཆགས། ཆགས་ཤིང་འཁོར། མིས་ཤོག་སྒོར་བསྐྲུན་ཅིང་ཤོག་སྒོར་གྱིས་མི་འཚོང་བརྒྱབ། མིས་འཕྲུལ་ཆས་བཟོས་ཤིང་འཕྲུལ་ཆས་ཀྱིས་མི་དབང་བསྒྱུར། མི་ནི་འཇིག་རྟེན་འདིའི་དཀོན་མཆོག་རེད་ལ་དཀོན་མཆོག་གི་བྲན་གཡོག་ཀྱང་རེད། མི་ནི་གནམ་འོག་གི་རྩོམ་པོ་དང་ས་ཐོག་གི་ཀློག་པོའང་རེད། སངས་རྒྱས་དོན་ཡོད་གྲུབ་པའང་མི་རེད་ལ་བདུད་རྒྱལ་ལིང་ག་མགྲིན་བཅུའང་མི་རེད། དེ་དག་ལས་ཅི་ཞིག་བགྱིས་ཏེ་གང་ཞིག་གི་ཐོབ་ཐང་འཛིན་རྒྱུ་ནི་ཡོངས་སུ་མི་གང་དེའི་ཤེས་རབ་དང་བརྩེ་བ་གཉིས་ཀྱི་ཟིན་ཚད་དང་ལྡན་པའི་སྟོབས་ཆེ་ཆུང་ལ་རག་ལས་སོ།།
     ཧྲིལ་གྱིས་བལྟས་ན་དེང་སྐབས་ཀྱི་སྤྱི་ཚོགས་ནི་ཤེས་རབ་སྟོབས་ཆེ་ལ་སྙིང་རྗེ་ཉམས་ཆུང་བའི་གནས་སུ་ཕྱིན་ཡོད་དེ། བཟོ་ལས་གསར་བརྗེ་དང་ཚན་རྩལ་བརྡ་འཕྲིན་སོགས་ཀྱི་གསར་བརྗེའི་གཞུག་གི་སྤྱི་ཚོགས་ནང་དུ་རིམ་གྱིས་འགྲན་རྩོད་ཆུ་སྲིན་ཅན་དུ་གྱུར་ཅིང་སྤྱི་ཚོགས་ཁོར་ཡུག་གིས་མིའི་རིགས་ལ་བཏོན་པའི་རང་སྟེང་གི་ཤེས་བྱའི་སྒྲིག་གཞིའི་ཐད་དང་འཇོན་ནུས་ཐད་ཀྱི་བླང་བྱ་ལ་ཡང་འགྱུར་བ་བྱུང་སྟེ་ལུས་ཤུགས་ནས་ཀླད་ཤུགས་ཕྱོགས་སུ་འཕོ་འགྱུར་དང་ཀླད་ཤུགས་དེ་ཡང་རེ་ཚད་དམའ་མོ་ཞིག་མ་ཡིན་པར་ཅུང་མཐོན་པོ་ཞིག་ལ་སླེབས་དགོས་པས། འདི་འདྲའི་དྲག་རྒྱལ་ཞན་ཕམ་གྱི་ཁོར་ཡུག་ནང་དུ་སྤྱི་ཚོགས་ཀྱིས་མིའི་རིགས་ལ་བཏོན་པའི་འཚོ་གནས་ཀྱི་རེ་ཚད་མཐོན་པོའི་གནོན་ཤུགས་འོག་མི་རྣམས་ཀྱི་རང་སྟེང་གི་ཀླད་པའི་བག་ནུས་དེ་སྔོག་འདོན་བྱེད་པར་སྐུལ་ནས་ཤེས་རབ་ནི་ཉིན་རེ་བཞིན་ཇེ་ཆེ་ནས་ཇེ་ཆེར་ཕྱིན་ཡོད། འདི་ནི་དཔེར་ན་དེང་སྐབས་ཀྱི་བྱིས་པ་སྣབས་ལུག་ཅིག་དང་དེ་སྔའི་བྱིས་པ་དེའི་ལོ་ཚོད་སྟེང་གི་རང་ཉིད་གཉིས་ལན་གཅིག་བསྡུར་བས་ཀྱང་རྩོལ་མེད་དུ་ཤེས་ཐུབ། སྙིང་རྗེ་དང་གཞན་ཕན་གྱི་ཀུན་སྤྱོད་ཕྱོགས་ནས་དེ་ལས་ལྡོག་སྟེ་ཇེ་ཞན་དུ་སོང་ཡོད། དེ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་པའི་སྒུལ་ཤུགས་དང་བསྟུན་ནས་གླིང་སོ་སོའི་གྲོང་གསེབ་གྲོང་ཁྱེར་ཅན་དུ་འགྱུར་གྱིན་ཡོད་ངེས་ལ། ཐོག་མར་ང་ཚོས་གྲོང་གསེབ་ཀྱི་མི་དང་གྲོང་ཁྱེར་གྱི་མི་གཉིས་ཀྱི་ཀུན་སྤྱོད་དང་གཤིས་ཀ་གཉིས་བསྡུར། དེ་ནས་དེ་རིང་གི་གྲོང་གསེབ་དང་ལོ་དུ་མའི་སྔོན་གྱི་གྲོང་གསེབ་གཉིས་བསྡུར་ན་གསལ་བོར་ཤེས་ཐུབ་སྟེ། སྤྱིའི་ཆ་ནས་སྲོལ་རྒྱུན་རིག་གནས་ཉམས་རྒུད་དང་མི་རིགས་འདུ་ཤེས་ཇེ་ཞན། སྐད་ཆ་སྦྲགས་མ་སྤྱོད་པའི་ཚད་ཇེ་དྲག  གཞུང་དྲང་གི་སེམས་རྒྱུད་ལ་གཡོ་འཁྱོག་སྤྱང་གསུམ་གྱི་ལྷད་ཞུགས་པ་སོགས་མ་རབས་མི་མི་ལེགས་པའི་ཕྱོགས་སུ་ཆུ་ལོག་བཞིན་བྲུག རྦབ་རྡོ་བཞིན་འགྲིལ། ཚུལ་འདི་དག་ནི་འཇིག་རྟེན་གྱི་སྔོན་བསྐྱོད་པ་སྐོར་ཅིག་གི་གསུང་སྒྲོས་ལས་ཀྱང་ཤེས་ནུས་ཏེ། འཇུ་སྐལ་བཟང་གི་སྙན་ངག《གྲོང་ཁྱེར》དུ“…འདོད་ཡོན་གྱི་བྱེ་བྲག  མི་ཚོགས་དང་ཆབས་ཅིག་ཁ་ལུད་པས   སྲང་ལམ་ནས་སྲང་ལམ་དུ་ཆེམ་ཆེམ་བཞུར་ཞེས་པ་དང་ཡང་ … ཀུན་སྤྱོད་དང་རྣམ་གཞག་ནི། གཞོན་ནུ་མའི་ལྭ་བ་དང་ལྷན་ཅིག   གོང་ཁ་ནས་ཇེ་དམའ་དང་འདབས་ཁ་ནས་ཇེ་མཐོར་ཕྱིན་པས…”ཞེས་པ་དང་། རྒྱའི་བརྩམས་སྒྲུང་བ་སྐད་གྲགས་ཅན་ཡུས་ཧྭ་ཡིས《ཀོ་རི་ཨ་ལྷོ་མའི་མིག》ཅེས་པའི་ནང་དུ“ངས་འཕེལ་རྒྱས་ཀྱི་གདོང་གི་སེང་རས་མཐོང་སོང་། དེས་འདས་སོང་གི་ཁྲག་རྗེས་དང་དེ་རིང་གི་མིག་ཆུ་བཀབ་འདུག”ཅེས་པ་ལྟར་འདི་དག་ལས་ང་ཚོས་མཉམ་དུ་དེང་སྐབས་ཀྱི་འཕེལ་རྒྱས་ཀྱི་གནས་བབ་སྐྱུག་བྲོ་བ་དེ་མཐོང་ཐུབ།
    དེང་སྐབས་ཕྱི་དངོས་པོའི་ཡར་རྒྱས་དང་ནང་བསམ་པའི་ཡར་རྒྱས་གཉིས་ལ་བར་ཐག་ངེས་ཅན་ཤོར་ཏེ་ཟུང་འཇུག་ཡོང་གི་མེད་པ་དེས་ང་ཚོ་ལ་གཏན་དུ་སོས་དཀའ་བའི་རྨ་ཁ་དང་ཁུང་འབྲུག་རྒྱུད་ཆད་ལྟ་བུའི་ཚབས་ཆེ་བའི་ཉེན་ཁ་ཡང་མི་འབྱུང་བའི་གདེང་སྤོབས་ག་ལ་ཡོད། ང་ཚོ་འདི་ལྟར་ཉེན་ཁ་ཚད་མེད་ཀྱི་འགག་མདོ་ན་མུན་ནག་གིས་མདུན་བསྐྱོད་བྱེད། དེང་སྐབས་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་སོགས་འབྲེལ་བ་སྣ་ཚོགས་རྒྱུན་པར་ཛ་དྲག་ཅན་དུ་འགྱུར་གྱིན་ཡོད་ལ། དེ་དག་ཡང་སྨྲ་མཁས་ངང་རིང་འཇམ་པའི་ཚུལ་གྱིས་ལྷག་བསམ་དང་བཅས་ཏེ་ཐག་གཅོད་པ་ཞིག་མ་ཡིན་པར། རྐུན་མིག་གིས་ནམ་ཡང་མདུན་གྱི་ཁེ་ཕན་དེར་གདོང་གཏད་ནས་མདེའུ་བཙན་པོ་དྲག་པོའི་ངང་ནས་ཡར་འཕེན་མར་འཕེན་བྱེད་པ་ཞིག་ཡིན་པས། ཕྱི་ཚུལ་ནས་རེ་ཞིག་འགལ་འདུའི་རྩེ་མོ་བཅོམ་སྟེ་ཞི་འཇམ་དུ་སོང་བ་ལྟར་སྣང་ཡང་དོན་གྱིས་དེའི་རྩ་བ་ས་རིམ་དུ་ཟུག་ཡོད། དེང་སྐབས་ཀྱི་གནས་བབ་འདི་ནི་འཇུ་སྐལ་བཟང་གི“རལ་གྲིའི་ཡང་རྩེར་འཛེགས་ཟིན་པའི། ཚེ་སྲོག་གི་གོང་བུ་ཞིག་སྟེ། ད་ནི་འགུལ་བ་ཙམ་གྱིས་ཀྱང་འཐོར་ཞིག་ཏུ་འགྲོ་ཉེན་ཡོད”ཅེས་པའི་ཉེན་ཁ་ཆེ་བའི་《རྩྭ་ཟིལ》གྱི་གནས་བབ་ཞིག་རེད།
   ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་མི་གསོད་འཕྲོག་བཅོམ་དང་རྡུང་རྡེག་བསླུ་བྲིད། ཚུལ་འཆོས་ལོག་གཡེམ་སོགས་ལོག་སྤྱོད་ཀྱི་བྱ་བའི་ཚོགས་ལ་བཟི་ལངས་ཏེ་ཁྲོམ་དང་ཁྲོམ་མེད་པར་བཞུར། སྣང་ཚུལ་འདི་དག་ནི་སེམས་ཀྱི་ནང་རིམ་ནས་ངེས་ཤེས་བསྐྱེད་དེ་རང་གིས་རང་ལ་གཅུན་པ་ལས་ཡུན་གྱིས་སེལ་དགོས་པ་ཞིག་ཡིན་པ་ལས་མདེའུ་བཙན་པོ་དེའི་ཁ་ཡི་རྡུལ་སྨུག་དྭངས་ཚུལ་ཁོ་ནས་སེལ་མི་ཐུབ་པར་འདོད།
   ཡང་འཇམ་པ་དང་ཞི་བའི་ཟིལ་ཤུགས་ནི་འཇིག་རྟེན་ལས་ཆེས་ཆེ་བ་ཡིན་གྱི་སྲིད་དབང་གདུག་རྩུབ་ཅན་དང་དྲག་པོའི་བཅའ་ཁྲིམས་སོགས་ནི་ག་ལ་ཡིན། རང་ཅག་གི་སྟོན་པའི་ཞི་བའི་ཐབས་དང་གན་ངྷིའི་འཇམ་པོའི་ལས། དགའ་འཁྱིལ་གྱི་ཞི་བའི་ཐབས་ཀྱིས་དྲག་པོ་འདུལ་བ་དང་། རང་བྱུང་གི་ཆུ་ཡི་ཐིགས་པས་སྲ་མཁྲེགས་ཀྱི་རྡོ་བ་ལ་ཨི་ཁུང་འབིགས་པ་དང་ལྕེ་ཆུང་ནར་མོས་དུང་སོ་སུམ་ཅུ་རྩ་ནས་རྫོགས་པ། (ལོ་རྒས་པས་སོ་ལྷུང་བ།དེ་ནི་ལྕེ་ཡི་འཇམ་གཙུབ་ཀྱི་ནུས་པར་འདོད)རོལ་དབྱངས་ལས་དྲག་ལ་མཐོ་བའི་འགྱུར་ཁུགས་དེ་ཡང་མཐའ་མར་འཇམ་ཞིང་གཉོམ་པའི་གདངས་དབྱངས་གཅིག་གིས་མཇུག་བསྡུས་འགྲོ་བ་སོགས་ལས་ཤེས་ཐུབ་པ་མ་ཡིན་ནམ།
དེང་སྐབས་ཀྱི་སྤྱི་ཚོགས་འདི་དཀའ་རྙོག་ཚད་མེད་ཀྱི་གནས་སུ་གྱུར་ཡོད་དེ། ཁང་མིག་དོག་པོར་འཛུལ་ཡང་འཆི་བདག་ཐོན་ལས་ཆེ། ལྕགས་ཟྭ་དམ་པོར་བརྒྱབ་ཀྱང་ཁྱི་རྐུན་ཁོགས་སམ་ཅི། ང་ཚོ་རི་རབ་ཀྱི་ཁོང་གསེང་དང་རྒྱ་མཚོའི་མཐའ་སོགས་གང་དུ་ཕྱིན་ཀྱང་བདེ་འཇགས་ཀྱི་ཚོར་སྣང་ཞིག་འབྱུང་བ་ཤིན་ཏུ་དཀའ། མི་རྣམས་ནམ་རྒྱུན་ཟང་ཟིང་གི་གནས་ན་འཇིགས་སྐྲག་གིས་འཚོ། མི་རྣམས་ཀྱིས་རང་བདེ་དང་རང་གཅེས་འབའ་ཞིག་གི་ཆེད་དུ་གཞན་གྱི་རང་དབང་དང་ཚེ་སྲོག་སོགས་ཀྱི་ཁེ་དབང་ལ་བརྩི་འཇོག་ཡེ་ནས་བྱེད་ཀྱིན་མེད། རང་གི་ཁེ་ཕན་གྱི་ཆེད་དུ་རི་སྐྱེས་སྲོག་ཆགས་དམར་གསོད་དང་རང་བྱུང་གཏེར་དངོས་སྔོག་འདོན་སོགས་བྱས་ཏེ་ཁོར་ཡུག་དང་རང་བྱུང་གི་འཆམ་མཐུན་ལ་གཏོར་སྐྱོན་བཏང་། ད་ནི་ནམ་མཁའ་ཧྲིལ་བོ་སྔོ་སངས་སངས། ས་གཞི་ཐམས་ཅན་སྐྱ་ཐིལ་ཐིལ། ཀྱི་ཧུད།  མི་སྡུག་པའི་འཇིག་རྟེན་འདི་ནས་སུ་ཞིག་འཚོ་བར་བཏུབ། མདོར་ན་གཞན་བདེ་དོར་བའི་རང་ཕན་གྱི་འདོད་པ་འདིས་རང་ཉིད་ཀྱི་མིད་པ་ནས་བཟུང་སྟེ་ཕྱིར་རང་ཉིད་འཆི་ལམ་དུ་འདེད་ཅིང་རང་ཉིད་དམར་གསོད་གཏོང་།
དཀའ་རྙོག་འདི་དག་ཐམས་ཅད་ནི་མི་མཁོ་བ་ཞིག་ཏུ་འདོད་དེ《ནང་བའི་ལྟ་སྤྱོད་ཀུན་འདུས》ལས་མིའི་ནང་སེམས་ལ་ཀུན་སྤྱོད་ཀྱི་ཚད་གཞི་གཅིག(བྱམས་སྙིང་རྗེ)་མ་ཚང་བས་ལན་ཞེས་པ་ལྟར་རོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀུན་སྤྱོད། དུས་རབས་ཀྱིས་བཏོན་པའི་བླང་བྱ།

2011-11-28 ཧོར་ནག་པ་ཀླུ་སྨྱོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།