དུག་ཞགས་ཀྱི་གློ་དང་མཆིན་པ།

ཟོ་དོར་ནག་པོ།༼རྨ་ཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-18

   ཐོག་མར་གུས་པོ་ནས་ཉིད་ཀྱི་གཟུགས་གཞི་བདེ་ཐང་ཡིན་མིན་དང་ཉེ་དུས་ཀྱི་སེམས་ཁམས་ག་འདྲ་རེད་ཅེས་སྙུན་འདྲི་ཞུས་པ་ཡིན་ལ།སྤྱིར་ང་དང་ཁྱོད་ཀྱི་བར་ལ་དྲ་ལམ་བརྙན་ཤེལ་སྤྱད་ནས་འབྲེལ་འདྲིས་མ་བྱས་ཀྱང་ཁ་ཐག་ཤིན་ཏུ་ཉེ།དེ་ལྟར་ནའང་།བོད་ཀྱི་རྩོམ་རིག་གི་ཁྱབ་ཁོངས་སམ་དེང་རབས་དྲ་རྒྱའི་རིག་གནས་ཀྱི་ཁོར་ཡུག་ན་འཚོ་བའི་གྲོགས་པོ་ཡོངས་ལ་ཁྱེད་ཀྱི་བྲིས་རྩོམ་སྐོར་ནས་དྲན་ཚུལ་རེ་གླེང་འདོད་པ་ཡིན།
   ངས་ནི་ཁྱོད་ཀྱིས་འབྲི་བཞིན་པའི་སྙན་ངག་ལ་དུག་ཞགས་ཀྱི་གློ་དང་མཆིན་པ་ཞེས་བཏགས་ཡོད།དེ་ལྟར་ཟེར་དགོས་དོན་ག་རེ་རེད་ཅེས་ན།སྙན་ངག་ནི་སྐྱེ་བུ་གང་དེའི་ཤ་ཁྲག་གི་དྭངས་མ་ཉག་ཅིག་ཡི་གེའི་གཟུགས་སུ་སྤྲུལ་ནས་ཞི་དྲག་གཉིས་ལྡན་གྱི་རྣམ་པའི་ཆ་ནས་ཕྱི་རོལ་ལྗོངས་དངོས་ཀྱི་ཁམས་སུ་འཕྱུར་བ་ཞིག་རེད་འདོད།སྙན་ངག་པ་དང་སྙན་ངག་བར་གྱི་མཐར་ཐུག་གི་འབྲེལ་བའང་དེ་རང་རེད།
   བདག་གིས་དེང་གི་བོད་ཀྱི་ཕྱོགས་ཆད་རིང་ལུགས་པ་ཚོ་དང་འདྲ་བར་ཁྱེད་ཀྱི་སྙན་ངག་ནི་བོད་ཡུལ་ལུང་མ་ཟེར་སྲིད་པའི་ཁྱོན་ནས་ཀྱང་རྙེད་དུ་དཀའ་འོ་ཞེས་འུད་བརྗོད་ཀྱི་གཏམ་ནི་རྦད་དེ་གཡུགས་མི་ཕོད་པ་མ་ཟད།ནུབ་ཕྱོགས་པའི་དེང་རབས་ཕྱི་མའི་རིང་ལུགས་ཀྱི་སྙང་ངག་དག་གི་རྗེས་ཆོད་འདུག་ཅེས་རྫུན་ཡང་གཏམ་མི་སྤོབས་སོ།ཡང་སྒོས་སུ་ཁྱེད་ཀྱི་དཔེ་འདི་ཡི་ཤུགས་བསྟན་གན་དང་།ཚིག་འདི་ཡི་་སྦས་དོན་མོས་རེད་ཅེས་སྒེར་གཅོད་དང་བཙན་གཏམ་སྨྲ་རྩིས་མེད།
    ང་རང་ཁྱོད་ཀྱི་སྙན་ངག་ལ་མོས་པ་དཀྱུས་གཅིག་ཏུ་ཆགས་པའི་གནད་ཀ་ནི།ཁྱོད་དང་ཁྱོད་ཀྱི་སྙན་ངག་གིས་འཚོ་བ་ཁེར་རྐྱང་ངང་སྐྱེལ་ཤེས་པ།མུན་ནག་གླུ་སྐད་ཀྱིས་དཀྲོལ་ཐུབ་པ།སྡུག་བསྔལ་ལྷོད་ཡང་གིས་མྱོང་ཕོད་པའི་ཆེས་སྤྱིར་བཏང་ངམ་ཆེས་རང་བྱུང་གི་མི་ཚེའི་གོམས་ལོབས་ཤིག་ལ་ཐུག་ཡོད།ཁྱོད་ཀྱི་མི་ཚེའི་གོམས་ལོབས་དེ་ནི་གཞན་ལ་མཚོན་ན་བྲེལ་འཚུབ་དང་རྨི་ལམ་འཁྲུགས་པའི་རྒྱུ་ཡིན།
   གལ་སྲིད་ངོས་གཞན་ཞིག་ནས་ཁྱེད་ཀྱི་སྙན་ངག་ལ་འགྲེལ་བ་འདྲ་དགོས་ཚེ།ན་གཞོན་གསར་བ་དང་ནུབ་བྱང་ཚང་གིས་འབྲི་བཞིན་པའི་འབོལ་རྩོམ་མམ།གསར་བུ་ལབ་རྐྱ་དེ་ཚོའི་ཁ་ནས་ཐོན་པའི་སྐད་ཆ་རྔ་རྡུམ་དག་གྲ་ཆག་གྲུ་ཉམས་སུ་གཏོང་བའི་མེ་རྫས་ཕོན་ཆེ་བ་ཞིག་རེད་དོ། །
                                        2011-10-11
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུག་ཞགས་ཀྱི་གློ་དང་མཆིན་པ།

2011-10-18 ཟོ་དོར་ནག་པོ།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།