ཨ་ནེ་དང་མནའ་མའི་བར་གྱི་འགལ་བ།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-11

   {ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།ཁྱིམ་ཚང་གི་བདེ་སྡུག་ནི་མིའི་རིགས་བདེ་སྐྱིད་ཀྱི་འབྱུང་རྩ་གཙོ་བོའང་ཡིན་འདུག}
   སྤྱིར་སྔོན་ཆད་ཅིག་ནས་བཟུང་ནས། སྤྱི་ཚོགས་ཁྲོད་ན་ཨ་ནེ་དང་མནའ་མའི་བར་གྱི་འགལ་བ་དེ་ཧ་ཅང་མང་ཞིང་།ལྷག་པར་དུ་མི་རིགས་གང་ཞིག་ཡིན་ཡང་གནས་ཚུལ་དེ་ཡོད་འདུག དཔེར་ན།ཨ་ནེ་བཟང་མོ་ཞིག་ལ་མནའ་མ་བཙན་པོ་ཞིག་དང་།མནའ་མ་བཟང་མོ་ཞིག་ལ་ཨ་ནེ་བཙན་པོ་ཞིག་སོགས་སྣང་ཚུལ་ཧ་ཅང་མང་ལ།ད་ལྟ་ཡང་དེ་ལྟ་བུའི་གནས་ཚུལ་མང་བོ་ཞིག་འདུག ཨ་ཡེ་ཚོགས་ཀྱིས་རྒྱུན་དུ་མ་ཎི་ཁང་ན་ཉི་མར་ལྡེ་བཞིན་ལབ་གླེང་སྣ་ཚོགས་བྱེད་ཀྱིན་པའི་གྲས་ཀྱི་གཅིག་ཀྱང་དེ་ཡིན་འདུག
  དེ་ལ་ཡང་ཁག་མི་འདུག་སྟེ།བོད་ལ་མཚོན་ན།རང་གི་མི་ཚེ་གཅིག་གི་དགའ་གྲོགས་སྐྱོ་གྲོགས་ཀྱི་བུད་མེད་དེར་“ཆུང་མ”ཟེར་གྱིན་ཡོད་ལ།“ཆུང་མ”་ཟེར་བའང་‘མ་ཆུང་ཆུང་ཞིག་ལྟ་བུའི’་ནང་དོན་ཕལ་ཆེར་ཡིན་པས།ཁྱིམ་ན་རང་ཉིད་ལ་མ་དྲིན་མོ་ཆེ་ཞིག་གདོད་མ་ནས་ཡོད་བཞིན་དུ།ད་ལྟ་‘མ་ཆུང་ཆུང་ཞིག’་ཁྱིམ་ལ་བསུས་ན་ནི་འགལ་བ་ཞིག་ངང་ངམ་ཤུགས་ཀྱིས་གྲུབ་ཁོ་ཐག་ཡིན་འདུག
  གཞན་ཡང་རྒྱ་མི་ལ་མཚོན་ན་ཡང་།རང་གི་མ་དེར་“”ཞེས་འབོད་ཀྱིན་ཡོད་ལ།ད་ལྟ་ཁྱིམ་ལ་བསུ་བཞིན་ཡོད་པའི་མནའ་མའམ་ཆུང་མ་དེར་新娘”ཞེས་འབོད་ཀྱིན་ཡོད་པས།ཚིག་ངོས་ནས་གོ་བ་བླངས་ན་ཡང་‘མ་གསར་བ་ཞིག’་ཁྱིམ་ལ་བསུ་བའི་དོན་ཡིན་པས།མ་ཞིག་ཡོད་བཞིན་དུ་མ་གསར་བ་ཞིག་ཁྱིམ་ལ་བསུ་ན།འགལ་བ་ཞིག་ཅི་ནས་ཀྱང་གྲུབ་ཡོད་ལ།དེ་ཡང་ཅུང་ཙམ་ཛ་དྲག་ཡིན་འདུག འདི་ལྟ་བུའི་གནས་ཚུལ་ཡང་མང་བོ་འདུག
   ཨ་ནེ་དང་མནའ་མའི་བར་གྱི་འགལ་བ་དེ་སྔོན་ཆད་ནས་བཟུང་ད་ལྟ་ད་དུང་ཡང་མཚམས་ཆད་མེད་ལ།ད་དུང་དེ་སྡུག་དུའང་འགྲོ་བཞིན་འདུག  འགལ་བ་དེ་ཇི་འདྲའི་ཛ་དྲག་ཡིན་པ་དང་།ཇི་འདྲའི་གནོད་པ་ཐེབས་པ་སོགས་ཀུན་ལ་ཧ་ཅང་གསལ་བོ་ཡིན་ཏེ།རྒྱལ་ཁབ་རེར་རྒྱལ་ཁབ་ཀྱི་སྐྱོ་གར་ཡོད་ལ།ཁྱིམ་ཚང་རེར་ཁྱིམ་ཚང་གི་སྐྱོ་གར་ཡོད་པས་སོ།།
   སྤྱིེེར་ན་ཁྱིམ་ཚང་གི་སྐྱོ་གར་ཕྱིར་སྒྲོག་མི་རུང་ཟེར་ལ།སྒྲོག་ཀྱང་ངོ་ཚ་ཞིག་ཏུ་གདའ་མོད། ཡིན་ནའང་། ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་འགངས་ཆེན་ཞིག་ཡིན་ལ།ཁྱིམ་ཚང་གི་བདེ་སྡུག་ཀྱང་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་འབྱུང་རྩ་གཙོ་བོ་ཡིན་པས།ང་ཚོས་དེ་ལ་ངེས་པར་དུ་གཟབ་གཟབ་བྱ་དགོས་པའི་གནད་ཅིག་རེད་འདོད་ཅིང་།དེ་སྐོར་ལ་ཡང་བསམ་གཞིགས་རེ་བཏང་ན་སྙམ་ཏེ་འདི་བྲིས་པ་ཡིན་ནོ།།
                                                   ༢༠༡༡ ༡༠ ༦
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ནེ་དང་མནའ་མའི་བར་གྱི་འགལ་བ།

2011-10-11 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།