བསམ་བློ་གསར་བ་དང་སྤྱི་ཚོགས་ཀྱི་གནས་བབས་བར་གྱི་འབྲེལ་བ།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-03

   དུས་རབས་ཉེར་གཅིག་པའི་དུས་བཟང་འདིར་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་ཟེར་བ་ལྟར།རང་ཅག་ཁ་བ་ཅན་གྱི་ཞིང་ཁམས་འདིར་ཡང་བསམ་བློ་གསར་བའམ་ལྟ་བ་གསར་བ།ལངས་ཕྱོགས་དང་འདོད་ཚུལ་གསར་བའང་གཅིག་རྗེས་གཉིས་མཐུད་དུ་བྱུང་དང་འབྱུང་བཞིན་ཡོད་ལ།དེ་དག་གིས་ཀྱང་མང་ཚོགས་དང་ལྷག་པར་དུ་ཤེས་ཡོན་པའི་སྡེ་དང་སློབ་གཉེར་པའི་སྡེ།ན་གཞོན་པའི་ཚོགས་བཅས་ལ་གྲག་འགུལ་མི་ཉུང་བ་ཞིག་བཟོས་དང་བཟོ་བཞིན་ཡོད་ཅིང་།དེ་ད་དུང་སྣུམ་གྱིས་གོས་ཟིམ་པ་ལྟར་ཇེ་ཆེ་དང་ཇེ་གྲག་ཏུ་འགྲོ་མུས་སུ་མཆིས།
   བསམ་བློ་གསར་བའམ་ལྟ་བ་གསར་བ་དེ་དག་འདི་ལྟར་ཚ་འུར་ཏུ་གྲག་རྗེས།རང་ཅག་ཚང་གིས་ད་གཟོད་དཔྱོད་ཤེས་རྒྱངནས་བོས་ཤིང་།གནམ་ས་གཉིས་ཀ་སོ་སོར་གོ་འབྱེད་པས་དེ་ནི་དགའ་འོས་པ་ཞིག་རེད།ཡིན་ནའང་།དེ་དག་ལ་ཞིབ་ཏུ་གཟིགས་ཤིང་བལྟས་ན་ནི།ཁུངས་གཏུག་ས་དང་ལུངས་འདྲེན་ས་ནི།‘ནུབ་ཕྱོགས་རིག་གསར་བསྐྱར་དར་’དང་‘རྒྱ་ནག་རིག་གནས་གསར་བའི་ལས་འགུལ་ལམ་ལྔ་བཞིའི་ལས་འགུལ་’སོགས་རེད་ལ།དེ་དག་གི་གནས་བབ་དང་ཕན་ནུས།བཟང་ཆ་སོགས་ཇི་མ་ཇི་བཞིན་དུ་ཚོང་རྫས་བཞིན་རང་ཅག་བོད་ལ་ནང་འདྲེན་བྱས་འདུག
ནུབ་ཕྱོགས་རིག་གསར་བསྐྱར་དར་ལས་འགུལ་ལ་མཚོན་ན་ནི།སྐབས་དེར་བྲན་གཡོག་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་འོག་གནམ་བདག་ཆོས་ལུགས་ཀྱི་དབང་ཆ་སོགས་ཡིད་ལ་མ་འཚམ་པར་“ཏན་ཏིག་”སོགས་ཀྱིས་གཙོས་པས་བསླངས་པའི་ལས་འགུལ་ཞིག་རེད་ལ།ལས་འགུལ་དེ་ཡང་རིམ་གྱིས་ནུབ་ཕྱོགས་ཡོངས་ལ་ཁྱབ་ཅིང་།རྗེས་ནས་དབྱིན་ཇི་གཙོ་བྱས་པའི་རྒྱལ་ཁབ་ཁག་གི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་རྙིང་བ་དོར་ཏེ།མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་གསར་བ་འཛུགས་པར་རྨང་གཞི་བཏིང་འདུག
  རྒྱ་ནག་རིག་གནས་གསར་བའི་ལས་འགུལ་ལ་མཚོན་ན་ཡང་།བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་དེ་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་དང་མི་སེར་སྤེལ་ཡུལ་ཕྱེད་ཙམ་དུ་གྱུར་བའི་སྤྱི་ཚོགས་འོག་‘སུའུ་ལན་རྒྱལ་ཁབ་’ཀྱི་ཟླ་བཅུ་བའི་གསར་བརྗེ་’ལ་དཔེ་དང་དེའི་ཤུགས་རྐྱེན་འོག་བྱུང་ཞིང་།དེས་རྗེས་ཀྱི་ལྔ་བཞི་ལས་འགུལ་ལ་སྔོན་འགྲོ་ཡག་པོ་ཞིག་བསྐྲུན་ཡོད་ལ།ད་དུང་མ་ཁེ་སིའི་དགོངས་པ་ཡང་རྒྱ་ནག་ལ་ནང་འདྲེན་བྱས་འགོ་བརྩམས་པ་རེད།དེའི་ནང་དོན་གཙོ་བོ་ནི་དམངས་གཙོ་དང་ཚན་རིག་རེད་ལ།དེས་གནའ་སྲོལ་རྙིང་བ་དང་ལམ་ལུགས་རྙིང་བ་སོགས་ལ་རྡུང་རྡེག་བཏང་ཞིང་།‘ཁུང་ཙི་’སོགས་གནའ་རབས་ཅན་དག་ལའང་ངོ་རྒོལ་དང་རྡུང་རྡེག་བཏང་ཡོད་པའི་ལས་འགུལ་ཞིག་རེད།
   གསར་བརྗེ་ཞེས་པ་ནི་མངག་འོག་གི་སྔར་བཞིན་འཚོ་བ་རོལ་ཐབས་བྲལ་ཞིང་།མངའ་བདག་གི་སྔར་བཞིན་དབང་བསྒྱུར་བྱས་ཐབས་མེད་པའི་དུས་སྐབས་དེར་བྱུང་དང་འབྱུང་བའི་ལས་འགུལ་ཞིག་ལ་བྱ།གོང་གི་རྒྱ་ནག་རིག་གནས་གསར་བའི་ལས་འགུལ་ལ་མཚོན་ན་ཡང་དེ་ལས་མ་འདས་ཤིང་།དེ་ནི་ཀྲུང་གོའི་ཉེ་དེང་ལོ་རྒྱུས་སུ་བཤད་པའི་མི་དམངས་མང་ཚོགས་དང་བཟོ་བ་གྲམ་རིམ་གྱིས་ཐོག་མར་ཇི་ལྟར་‘མ་ཁེ་སིའི་དགོངས་པ’་འཚོལ་ཞིབ་བྱས་པའི་བརྒྱུད་རིམ་དེ་རེད་ལ།བར་དུ་ཁོ་ཚོས་ད་དུང་ཇི་ལྟར་ཀྲུང་གོ་གུང་ཁྲན་ཏང་འདེམས་གསེས་བྱས་པ་དང་།མཇུག་ཏུ་ཇི་ལྟར་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འདེམས་གསེས་བྱས་ཤིང་འགྲོ་དགོས་པ་སོགས་ནི།ཀྲུང་གོའི་ཉེ་དེང་ལོ་རྒྱུས་ཀྱིས་བརྗོད་དོན་གཙོ་བོ་དང་སྒྲུབ་བྱ་གཙོ་བོའང་ཡིན་པ་འདྲ།
    དེས་ན་ང་ཚོའི་བསམ་བློ་གསར་བའི་མ་དཔེ་བྱས་ས་དང་ཁུངས་ལུང་གཏུག་ས་རྒྱ་ནག་‘རིག་གནས་གསར་བའི་ལས་འགུལ་དང་ལྔ་བཞིའི་ལས་འགུལ་’དེ་བྱས་ཆོག་ན།ང་ཚོས་ཀྱང་ཐོག་མར་བོད་ཀྱི་ད་ལྟའི་སྤྱི་ཚོགས་གནས་བབ་དེ་ཡང་གོང་གི་དེ་དང་ཉེ་པོ་ཡོད་མིན་ལའང་ཐོག་མ་ནས་དབྱེ་ཞིབ་བྱ་དགོས་ཤིང་། གལ་ཏེ་༡༩༡༥ལོ‑༡༩༡༩ལོའི་བར་གྱི་རྒྱ་ནག་གི་སྤྱི་ཚོགས་གནས་བབ་དེར་ཉེ་པོ་དང་འདྲ་བོ་ཡོད་ན།ང་ཚོས་ཀྱང་སྤྱི་ཚོགས་གནས་བབ་དེའི་གནད་དོན་འདོན་པ་དང་གནད་དོན་དབྱེ་ཞིབ།གནད་དོན་ཐག་གཅོད་པ་སོགས་ལེགས་པར་ལག་བསྟར་བྱས་ཏེ།རྒྱ་ནག་གི་དབྱེ་ཞིབ་ལྟར་མི་དམངས་མང་ཚོགས་དང་བཟོ་བ་གྲལ་རིམ་གྱིས་“ཅིའི་ཕྱིར་མ་ཁེ་སིའི་གཞུང་ལུགས་འདེམས་གསེས་བྱ་དགོས་པ”་དང་“ཅིའི་ཕྱིར་ཀྲུང་གོ་གུང་ཁྲན་ཏང་འདེམས་གསེས་བྱ་དགོས་པ”།“ཅིའི་ཕྱིར་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་ཞུགས་དགོས་པ”་ནང་བཞིན་གནད་དོན་འདོན་པ་དང་།གནད་དོན་དབྱེ་ཞིབ་བྱས་ཆོག་ལ།ང་ཚོས་ཀྱང་རང་གི་ལོ་རྒྱུས་དང་སྤྱི་ཚོགས་གནས་བབ་ལ་ཕྱིར་ལྡོག་དང་དབྱེ་ཞིབ་བྱས་ཏེ་རང་གི་རྐང་ལ་འཚམ་པའི་ལྷམ་ཞིག་བཟོས་ཆོག་ལ།ད་ལྟའི་གནས་བབ་ལ་འཚམ་པའི་བསམ་བློ་ཞིག་དང་ལྟ་བ་ཞིག་གཏན་འབེབ།འདེམས་གསེས་ཀྱང་བྱས་ཆོག་སྙམ།
   འུ་ཅག་ཚང་གི་བསམ་བློ་གསར་བའི་ཁུངས་ལུང་ནུབ་ཕྱོགས་རིག་གསར་བསྐྱར་དར་དང་རྒྱ་ནག་ལྔ་བཞིའི་ལས་འགུལ་ལ་གཏུག་ཆོག་ཀྱང་གཏུག་ཀྱང་ཡོད་ན།དེའི་གནས་བབ་ཀྱང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དང་ཉེ་པོ་དང་འདྲ་པོ་ཡོད་ངེས།དེའི་ཕྱིར་ང་ཚོས་ཐོག་མར་བསམ་བློ་གསར་བ་དེས་རིགས་རྒྱུད་དང་ཚོགས་སྤྱི་ལ་ཕན་ཐོགས་མིན་དང་།དེར་མདུན་ལམ་རྒྱ་ཆེན་པོ་ཡོད་མེད་ལའང་ལྟ་དགོས་ཤིང་།དེས་མི་དམངས་མང་ཚོགས་ཀྱི་སེབས་འདུན་སྐོང་ཐུབ་མིན་ལ་ལྟ་དགོས།གལ་ཏེ་དེ་དག་ནུས་ན་ནི།བསམ་བློ་གསར་བ་དེ་ཡང་རིམ་གྱིས་སྤྱི་ཚོགས་ཀྱིས་དང་ལེན་དང་ཁས་ལེན་བྱ་ཁོ་ཐག་ཡིན།འཕེལ་རྒྱས་ནི་དངོས་པོ་གསར་བས་རྙིང་བའི་ཚབ་བྱས་པའི་གོ་རིམ་དང་བརྒྱུད་རིམ་དེ་ཡིན་ལ།ཞི་ལ་དཀར་ནག་གཙོ་བོ་མིན་ཏེ།གཙོ་བོ་ནི་བྱི་བ་གསོད་རྒྱུ་དེ་ཡིན་འདུག དེ་བཞིན་དུ་འཕེལ་རྒྱས་ཡོད་ན་སྔ་ཕྱི་གང་ལའང་དང་ལེན་བྱ་ཁོ་ཐག་ཡིན་ཏེ།རིགས་རྒྱུད་དང་ཚོགས་སྤྱི་ལ་འཕེལ་རྒྱས་འབྱུང་དུ་འཇུག་མི་ནུས་ན།ཁུངས་ལུང་བཙུན་ཡང་དེ་ནི་གད་སྙིགས་ཤིག་རེད་ལ།རིན་ཐང་ཆེན་པོ་ཆེན་པོ་ཞིག་ཀྱང་མི་འདུག་སྙམ།
  གལ་ཏེ་ང་ཚོའི་ད་ལྟའི་སྤྱི་ཚོགས་གནས་བབ་དེ་སྐབས་དེའི་རྒྱ་ནག་དང་ཉེ་པོ་མེད་ན་ནི།ང་ཚོས་ཅིའི་ཕྱིར་ཁུངས་ལུང་དེར་གཏུག་དགོས་པ་དང་།ཇི་ལྟར་དེར་གཏུག་པའི་བར་གྱི་གནད་དོན་དེ་ཐག་གཅོད་བྱ་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་འགངས་ཆེན་ཞིག་རེད་ལགས།དེ་བཞིན་ང་ཚོས་ཅིའི་ཕྱིར་དང་ཇི་ལྟར་ལ་ལན་གསལ་བོ་ཞིག་འདེབས་མ་ཐུབ་ཚེ།བསམ་བློ་གསར་བ་དེས་ལྡོག་པའི་ནུས་པའང་ཐོན་པ་ནི་གདོན་མི་ཟ་ཞིང་།ཐོན་པར་ཐེ་ཚོམ་མི་དགོས།འདི་ལྟར་གང་བྱུང་དུ་ཞི་ལ་ཞ་ར་ཙི་གུ་ཤི་བོ་འཕྲད་པའི་གོ་སྐབས་ནི་བརྒྱ་ཆའི་ཐིག་ཚེག་ཐིག་ཚེག་ཡིན་ཏེ།སྤྱི་ཚོགས་ཀྱི་གནས་བབ་དེར་དབྱེ་ཞིབ་ཞིབ་མོ་དང་གསལ་བོ་ཞིག་བྱ་དགོས་པ་ནི།བསམ་བློ་དེས་ཕན་ཐོགས་མིན་དང་དར་ཐུབ་མིན་ལ་འབྲེལ་བ་ཟབ་མོ་ཡོད། ཅེས་རང་གི་འདོད་ཚུལ་ཙམ་ཤར་མར་སྦྱར་བས་གཞན་ལ་གནོད་དང་ཕོག་ན་དགོངས་འགལ་མེད་པར་ཞུ་ཞུའོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསམ་བློ་གསར་བ་དང་སྤྱི་ཚོགས་ཀྱི་གནས་བབས་བར་གྱི་འབྲེལ་བ།

2011-10-03 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།