མིས་ལྷ་མཆོད་སྟངས་འདིས་ལྷ་མཉེས་སམ།

          ༡
  བོད་པ་ཚང་གི་ས་ཆ་ཕལ་མོ་ཆེའི་གོམ་གཤིས་ལྟར་ཕ་ཡུལ་དུའང་ཡུལ་ལྷ་གཞི་བདག་གི་ལ་རྩེ་བསྟོད་པའི་དུས་ཚོད་དེ།    གླང་ཟླའི་བཞི་རྒྱལ་ཞེས་ལོ་རེ་རེའི་གླང་ཟླའི་ཚེས་བཞིའི་ཉིན་རི་མགོར་བསངས་ཕུད་དུ་འགྲོ་སྲོལ་ཡོད་པའི་དུས་ལ་ཐོན།  ད་ལོ་ཡང་སྔར་ལྟར་ལས་མ་འདས་ཏེ་ས་འདི་ཀའི་ཡུལ་མི་དག་སྨོས་ཅི་ས་གཞན་ནས་འོངས་པའི་བོད་མི་མང་བོ་དང་།  ཐ་ན་རྒྱ་མི་སོགས་མི་རིགས་གཞན་པ་འགའ་རེས་ཀྱང་མདའ་དང་རླུང་རྟ་ཤིན་ཏུ་མང་བོ་ཁྱེར་ཏེ་དབུགས་འཚང་བཞིན་རི་མགོར་ཐོན།   ང་རང་ཡང་ཅི་ཞིག་གིས་ཁྲལ་གྱིས་དེད་པ་ལྟར་རྒྱས་སྤྲོས་མིན་པའི་མདའ་གཅིག་དང་རླུང་རྟ་ཁྲི་རྟ་གཅིག་བསངས་རྩི་ཉུང་ཙམ་བཅས་ཁྱེར་ནས་སོང་བ་ཡིན།
         ༢
  རི་མགོར་ཐོན་ཏེ་ཕྱོགས་བཞིར་རྒྱང་བལྟ་དང་ཉེ་བའི་ཁོར་ཡུག་གང་ལ་བལྟས་ཀྱང་མཐོ་སྒང་འདིར་དབྱར་གྱི་དཔལ་མོས་མཛེས་སྡུག་གིས་རྣམ་པར་བརྒྱན་འདུག་ཅེས་བརྗོད་ཆོག་ཆོག་རེད།(འོན་ཏེ་ལོ་རེ་རེ་བཞིན་མར་མར་ཐུར་ཐུར་ཡིན་པའི་སྐྱེ་ཁམས་སྤྱི་སྐབས་འདིར་བཙན་གྱིས་བསྐྱུར་བཞག)དེ་ལྟ་ནའང་ལོ་མང་རང་རླུང་རྟ་ཧ་ཅང་མང་བོ་གཏོར་བ་དང་།  ལྷག་པར་དུ་བསངས་རྫས་སྣ་ཚོགས་དང་རླུང་རྟའི་ཤུན་པ།  ཆང་དམ་སོགས་ནང་བཀོལ་ཏེ་ཕྱི་ཤུན་རང་དགར་གཡུག་པའི་རྗེས་ཤུལ་ཡ་ང་བ་དག་གིས་སྤང་རི་འདིར་བསམ་ཡུལ་ལས་འདས་པའི་མནར་གཅོད་གཏོང་གིན་འདུག་པ་དག་ཀྱང་མིག་མདུན་དུ་བཤམས་འོང་།      
        ༣
  ཡུལ་མི་ཚོའི་སེམས་སུ་གཞི་བདག་ཅེས་ཧ་ཅང་གཉན་ཞིང་ཁ་འཛིན་སྡོང་གྲོགས་ལ་སྐད་ཅིག་ཀྱང་མི་གཡེལ་བའི་དཀར་ཕྱོགས་ཀྱི་ལྷ་མཐུ་བོ་ཆེ་ཞིག་ཡོད་པར་འཛིན་ལ།  དེར་ཐུགས་མཉེས་ཕྱིར་བསངས་དང་རླུང་རྟ་བྱེད་དགོས་པར་སྙམ་ཞིང་།  ཐུགས་ལ་གནོད་པར་དོགས་སྟེ་རི་བོ་འདིའདྲའི་ངོས་ནས་སྤྱང་ཀི་སོགས་གཞི་བདག་གི་སྒོ་ཟོག་ཏུ་བསྙད་དེ་མི་གསོད་པ་དང་བསང་ཤིང་སོགས་སྐྱེ་དངོས་ཀྱང་མི་འབྲེག་པར་ཧ་ཅང་དོགས་པ་བྱེད་ཁུལ་བྱེད་མོད།  རི་བོའི་སྐྱེ་དངོས་ལ་གནོད་པ་དེ་ལས་ཀྱང་ཚབས་ཆེན་བཟོ་བའི་གད་སྙིགས་དག་གང་འདོད་འདོད་དུ་གཡུག་སྟེ་ད་དུང་ཁ་ནས་“ལྷ་རྒྱལ་ལོ”ཞེས་ཀི་སྒྲ་འབྱིན་བཞིན་ཞོགས་འགྲོ།  ཡུལ་མི་ནི་ཡུལ་མི་རང་ཡིན་ཏེ་ཁག་མེད་དུ་ཆུག་ཀྱང་ཡུལ་མི་ཚོའི་གོང་ནས་སྐད་མཐོ་མཐོ་བྱས་ནས་སྐད་ཆ་འཆད་མཁན་ལས་བྱེད་པ་དག་གིས་ཀྱང་དེ་ལྟར་བྱེད་པར་ཡ་མི་ང་བ་ནི་ངོ་མ་ཁོང་ཁྲོ་ལངས་བྱེད་ཅིག་རེད་ཨང་།
       ༤
  གྲོགས་པོ་དག་གི་ཁ་ན་“རང་གོང་བ་མན་དུ་དམའ་རུ་མ་འཇུག་དང་།  དགྲ་ལྷམ་མགོ་ཡན་དུ་མཐོ་རུ་མ་འཇུག” “བྱ་ཅི་བྱེད་ལམ་དུ་འགྲོ་དགོས།”སོགས་འབོད་ཤེས་པ་ཚོས་འབོད་པ་ཡིད་ཚིམ་པོ་རེ་བྱེད་ཅིང་།  མི་ཤེས་པ་དག་གིས་ཀྱང་མིག་བཙུམ་སྟེ་གོང་ལྟར་རེ་བ་བྱེད་ཀྱིན་ཡོད་ཚོད་རེད་འདུག་ལ། ཁོ་ཚོས་དགྲ་ཟེར་བ་ནི་དོན་དངོས་སུ་རང་ལ་གནོད་བྱེད་མཁན་ལ་གོ་བ་ལེན་དགོས་པ་འདྲ།   དེ་ཡང་རང་གིས་ཕ་རོལ་བོ་ལ་རྐུ་བྱེད་པ།  མགོ་གཡོག་པ་ལྟ་བུའི་ལས་བྱས་པར་ཡ་ལན་སྤྲོད་མཁན་ནམ་རང་གིས་བྱ་བ་ཡག་བཙོག་ཅི་འདྲ་ཞིག་བྱས་ཀྱང་གྲོགས་བྱེད་དགོས་པའི་རེ་བ་བཅོལ་གྱིན་ཡོད་པ་ནི་དཀར་ཕྱོགས་ཀྱི་ལྷ་ལས་འབྲས་བརྩི་བར་ཁ་འཛིན་བྱེད་མཁན་ཞིག་ལ་དེ་འདྲའི་ལས་བཅོལ་བ་ནི་རྨོངས་ལས་ཞིག་མིན་ནམ།   བསང་གི་མཇུག་ནས་རང་གིས་གད་སྙིགས་སྒྱེ་མོ་གང་དྲུད་དེ་རི་ལས་བབས་པ་ཡིན་མོད་སེམས་པ་ནི་རི་རྩེའི་གད་སྙིགས་ཀྱི་ཁྲོད་ནས་འབབ་ཐབས་མི་འདུག
           2012ལོའི་སྤྱི་ཟླ་6པའི་ཚེས་23ཉིན་བྲིས།  (གླང་ཟླའི་བཞི་རྒྱལ་ཉིན།)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིས་ལྷ་མཆོད་སྟངས་འདིས་ལྷ་མཉེས་སམ།

2012-07-06 གཡོག་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།