ཕ་ཡུལ་ནས་བསླངས་པའི་སེམས་ཁྲལ།

       ______༢༠༡༡ལོའི་གཅན་ཚའི་ཡུལ་དུ་སྤེལ་བའི༼མཐོ་སྒང་གི་ཚེ་ཐར་དུས་ཆེན༽ལ་ཞུགས་རྗེས་ཀྱི་མྱོང་སྣང་།                                                                                 
  ༢༠༡༡ལོ་འདི་འཛམ་གླིང་ཤར་ནུབ་ཀྱི་སྡེ་བཞིའི་འཕོ་འགྱུར་རྒོད་ཅིང་ཧི་མ་ལའི་མུ་ཁྱུད་དང་འདབས་འབྲེལ་ཀྱི་གྱི་མེས་པོའི་རྒྱལ་ཁམས་འདིར་མཚོན་ནའང་འགྱུར་བག་ཀྱི་གོམ་སྟབས་ཆེར་སྐྱེན་ལ། ལྷག་དོན་རང་ཉིད་འཚར་ལོངས་བྱུང་སའི་ཕ་ས་མ་མོ་བྲང་མགོ་འདྲ་བོ་འདིར་ཆ་བཞག་ནའང་། དགའ་སྐྱོ་ཟུང་འབྲེལ། སྐྱིད་སྡུག་མཉམ་མྱོང་གི་ལོ་ཟླའི་ཕྲེང་ཐག་ཅིག་དལ་གྱིས་བགྲང་བ་ནི་སུ་ཡིས་བསྙོན་ནམ།
  ཀུན་པོས་མཁྱེན་གསལ་ནང་བཞིན། སྒུལ་ཤུགས་མེད་ཚེ་འགྱུར་ལྡོག་དཀོན་ལ། འགྱུར་ལྡོག་མེད་ཚེ་འཕེལ་རྒྱས་ཟེར་བའང་མཁའ་ཡི་པདྨོའི་རྗེས་འགྲོ་ལ་ཉེན་པས། ཡུལ་དུས་ཀྱི་གནས་བབ་གང་དགར་ལྷགས་ཀྱང་ང་ཚོས་རང་ཉིད་ཀྱིས་འཚོ་གནས་དང་འཚོ་རྟེན་གཙོས་ཕུགས་རེ་དང་དམིགས་བྱའི་གོམ་པ་རྒྱང་དུ་བཏབ་རྒྱུ་ནི། དོན་གང་ལམ་ལྷོངས་ཡོང་བའི་གཟུགས་འདས་ཀྱི་སྟ་གོན་གལ་ཆེན་ཞིག་ཏུ་ཟད།
  འོ་སྐོལ་མིའི་རིགས་ཀྱིས་དུས་རབས་ཉེར་གཅིག་གི་སྒོ་གླེགས་བར་ནས་དཔུང་རྡང་མཉམ་སྦྲེལ་སྒོས། འཛམ་གླིང་ཞི་བདེ་དང་བརྟན་གཡོའི་ཞི་མཐུན། ཚེ་སྲོག་འདྲ་མཉམ་སོགས་ཀྱི་ཁ་དབྱངས་རྒྱང་འབོད་བྱས་ལ། འདི་དག་དང་རིགས་མཚུངས་ཀྱི་ལས་དོན་གང་མང་ཞིག་ནི། རྒྱལ་སྤྱི་དང་རྒྱལ་ནང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་མཐོ་བ་གཞུང་ཕྱོགས་སུ་ལས་ཀ་གཉེར་མཁན་དག་ནས་སྤྱི་འབངས་ཕལ་བའི་བར་དུ་རྒྱལ་ཁོངས་དང་ཆོས་དད། ཤ་མདོག་གིས་མི་ཕྱེད་པར་མིའི་རིགས་ཐུན་མོང་གི་རེ་འབོད་དུ་གྱུར་ཞིང་། འདི་ལྟར་འགྱུར་རུང་གི་སྐྱུར་རྟ་ལྟ་བུ་ཡང་སེམས་ཅན་གྱི་འཚོ་གནས་དང་འགྲོ་བ་ཡོད་དོ་ཅོག་གི་བདེ་སྡུག་ཉིད་ལས་དོན་ཀུན་ལས་གཞི་མ་ཡིན་པས་རྐྱེན་ནི་ཅི་ལ་མིན་ཏེ་ཡིན་ནོ།།
  དེ་ལྟ་ནང་བཞིན་བོད་མི་རང་གི་ངག་ལ་གོམས་པའི་བོད་ཆོས་ལྡན་གྱི་ཞིང་ཁམས་འདིར་མཚོན་ནའང་། དངོས་པོ་རིག་གནས་ཀྱི་འཕེལ་ཁ་རླུང་ནག་ལ་འགྲན་པའི་དུས་རབས་ཉེར་གཅིག་གི་མཐོང་ཀ་ནས། ཆེས་མཐའ་མཇུག་གི་མི་ཡུལ་གྱི་དག་ཞིང་འདིའི་སྣོད་བཅུད་ཐམས་ཅད་ལའང་ཉིན་རེ་བཞིན་མི་འདོད་པའི་ཕོག་ཐུག་མུ་ནས་མུར་བཏང་དང་གཏང་གིན་པས། མ་རུང་གི་སྦྱོར་བ་འདི་དག་བཀག་ནས་ཁག་སླད་འབད་པ་བགྱི་བ་རྣམས་ཀྱིས་ཆོས་ཀྱི་རྒྱལ་མཚན་གྱི་བ་དན་མཐོ་རུ་སྒྲེང་སྟེ། རང་བྱུང་ཁམས་ལ་སྲུང་སྐྱོབ་དང་། རི་ཆུ་ནགས་ལ་གནས་འཆའ་བའི་སེམས་ཅན་སྲོག་བླུ་གཏོང་བ་སོགས་ཀྱི་ཁ་ཏ་དང་བསླབ་བྱ་མང་དུ་བསྩལ་ཀྱིན་འདུག་ལ། འདིའི་ཐད་ཆོས་རྒྱུད་མི་འདྲ་བའི་མཐོ་རིམ་བླ་སྤྲུལ་མང་པོ་ཞིག་གིས་སྐུལ་སློང་དང་རོགས་རེས་གནང་ཀིན་པ་མངོན་སུམ་རེད།
  ངེད་ཅག་གི་ཆེ་རྒུ་རྣམས་གཙོས་པའི་བགྱི་བ་ལ་སྤྱི་ཕྱོགས་ནས་བསམ་བློ་གཏོང་དུས། འདི་དག་ནི་ལོ་ངོ་བརྒྱ་ཕྲག་མང་པོར་རང་སྒོ་བརྒྱབ་པའི་མི་རིགས་ཤིག་དུས་རབས་ཉེར་གཅིག་གི་འདུས་མདོ་ནས། འཛམ་གླིང་མི་རིགས་གང་མང་ཞིག་དང་དཔུང་བ་མཉམ་གཤིབ་ཀྱིས་ཚེ་སྲོག་སྤྱིའི་དོན་པོ་ལ་ཐུགས་ཁྲལ་དང་སྦྱོར་བ་རྩོམ་ཀིན་ཡོད་པས། ཧ་ཅང་སྤྲོ་འོས་པ་ནི་ཅི་ནས་བལྟས་ཀྱང་རེད་མོད། ཡིན་ནའང་འདིའི་ཐད་ཤེས་རིག་དང་འགྱུར་ལྡོག་གི་ལམ་ཁ་དང་ཁད་ཐག་རིང་བའི་ཕ་ཡུལ་གྱི་ཡུལ་ལུང་ཁག་ཏུ་རྩ་བ་བོར་ནས་ཡལ་ག་འཛིན་པར་རྔམས་རྒྱུགས་ཀྱི་རྨོངས་ལས་ཤིག་ཀྱང་འདུག་བསམ་པ་ནི། ཐེངས་འདིའི་ཕ་ཡུལ་ལ་ལོག་རྗེས་གཞུང་དགོན་མཉམ་འབྲེལ་གྱི་བྱེད་སྒོ་གང་དེར་ཞུགས་རྗེས་ཀྱི་བསམ་འཆར་དངོས་མ་ལགས། (གཤམ་ནི༢༠༡༡ལོའི་དབྱར་ཁའི་གུང་གསེང་སྐབས་ཕ་ཡུལ་ནས་མཐོ་སྒང་གི་སྲོག་ཐར་དུས་ཆེན་ཞེས་པའི་བྱེད་སྒོ་དེའི་སྟེང་བསྐྱོད་པའི་མཐོང་ཐོས་མྱོང་རེག་གི་བརྗེད་ཐོའམ་ཉིན་ཐོ་ལྟ་བུ་ཡིན། )
  དབྱར་ཟླ་དྲུག་པའི་ཕ་ཡུལ་གྱི་ནམ་མཁའ་ནི་སྔོ་ཞིང་དྭངས་ལ། མཐོན་པོ་དབྱིངས་སུ་སྤྲིན་པ་བྱིའུ་མགོ་ཙམ་ཡང་མཐོང་དུ་མེད་པས་དངོས་གནས་རླུང་ཞི་རླབས་འཇགས་ཀྱི་མཚོ་མོའི་ངོ་གདོང་དང་གཉིས་སུ་མ་མཆིས། དེ་རིང་ནི་ང་ལ་མཚོན་ན་སློབ་གྲྭ་ནས་ཕ་ཡུལ་དུ་ལོག་པའི་ཉིན་དགུ་བ་ཡིན། དམིགས་བསལ་གྱི་དེ་རིང་ང་ཡང་ཞོགས་པ་སྔ་ཙམ་ནས་ཡར་ལངས་ཏེ། པར་ཆས་དང་ཤོག་སྙུག་རྒྱབ་ཏུ་འཁུར་ནས་ང་ཚོའི་རྟོག་དཔྱོད་ཚན་ཆུང་དང་ལྷན་དུ་ཡུན་རིང་སེམས་སུ་ངང་སྒུག་བྱས་པའི་འདུ་ཚོགས་ཆེན་མོར་འགྲོ་བའི་ལམ་ཁར་དཀྱུས།
   “དེ་རིང་བྲག་གི་སྣ་ཁ་ནས་ཉ་སྲོག་ཐར་གཏོང་གིན་རེད།”
  “ གོ་ཐོས་སུ་འདི་ནི་ཨ་ལགས་ཆེ་གེ་མོ་ཚང་གིས་སྔགས་པ་སྤྱི་དང་དད་ལྡན་མང་ཚོགས་ལ་སྐུལ་སློང་བྱས་ནས་སྒྲུབ་པ་རེད་ཟེར།”
   “འདི་ལ་མཐོ་སྒང་གི་ཚེ་ཐར་དུས་ཆེན་ཞེས་པའི་ཆོ་ལོའང་གོང་རིམ་ནས་བསྩལ་ཡོད་ཀི་ཟེར།”
   “འདི་ན་ནིང་སོ་མ་བཙུགས་མོད། ད་ལོ་དེ་ལས་གཞི་རྒྱ་ཆེ་བར་སོང་འདུག”
  རླངས་འཁོར་ལ་བསྡད་པའི་དུས་ཚོད་ཕྱེད་ལྷག་གི་ལམ་བར་དུ། དེ་རིང་གི་འདུ་ཚོགས་དང་འབྲེལ་བའི་གཏམ་ཐར་ཐོར་རེ་གྲོགས་པོ་དག་གི་ངག་ལས་ཟུར་ཙམ་རྟོགས་མོད། ཡིན་ནའང་ངས་ནི་ད་དུང་ཐེ་ཚོམ་གྱི་དྲི་བ་རུམ་གང་བསྣམས་ཏེ་ཕྱིན་པ་ཡིན། ང་ཚོ་ཡུལ་དངོས་ལ་སླེབས་མ་ཐག་ཚོགས་པ་གང་ཉིད་ཀྱི་ལས་འགུལ་ཏེ་མ་བུ་བདེ་སྲུང་དང་། ཨེ་ཙིའི་ནད་རིགས་སྔོན་འགོག་སོགས་ཀྱི་རྒྱུན་ཤེས་རི་མོ་དང་བཅས་པའི་ཤོག་པང་དག་བཀྲམས་རོགས་བྱས་རྗེས། རྨ་ཆུའི་འགྲམ་དུ་ཉ་སྲོག་བླུ་བའི་ཡུལ་དངོས་སུ་ཆས།
  རྨ་ཆུ་དང་ཅུང་ཁ་ཐག་རིང་ས་ནས་ལྟ་དུས། མི་ཚོགས་ནི་གྲོག་ཚང་བསློགས་པ་ལྟར་རྨ་འགྲམ་གྱི་ཆུ་ངོགས་སུ་ལང་ལོང་དུ་གཡོ་ཞིང་། ངག་ནས་ཤུགས་ཆེར་ཟློ་བའི་མ་ཎི་ཡིག་དྲུག་གི་དབྱངས་རྟ་ནི་རྨ་ཀླུང་སྔོན་མོའི་འགྲམ་ངོགས་གཉིས་སུ་ཁྱབ་འདུག  ཉེ་ས་ནས་མཐོང་ལམ་དུ་མངོན་ཡོང་བ་ནི། ལྗིད་ཐེག་འཕྲུལ་འཁོར་ཞིག་གི་ཉེ་འགྲམ་དུ་མི་མང་གིས་འཚང་ཁ་ཤིག་ཤིག་གིས་འགྱིག་སྣོད་དང་འགྱིག་ཤོག་གི་ཆེ་ཆུང་ལྟར་སྒོར་མོ་སྤྲད་དེ་སྔ་རྗེས་སུ་རང་ཉིད་ཀྱི་ཉོས་པའི་ཉ་དག་རྨ་ཆུར་གཏོང་ལ། ཉ་མོ་དེ་དག་གི་ཁྲོད་དུ་ཆེ་ཆུང་ཅི་རིགས་སུ་སྣང་སྟེ། ལ་ལ་ནི་ཁུ་ཚུར་ལས་ཆེ་ཙམ་དང་རེ་འགའ་ནི་མཐེབ་མགོ་ཙམ་ལས་མི་འདུག  ང་ཚོས་གམ་གྱི་རྒད་པོ་ཞིག་ལ་ཁྱེད་ཀྱིས་དེ་རིང་སྲོག་བླུ་ཨེ་བཏང་ཞེས་འདྲི་དུས། ཁོས་སྤོབས་ཉམས་ཤིག་གིས་སྒོར་ཉིས་བརྒྱས་ཉ་ཉོས་པ་ཡིན་ཟེར། ཅུང་མ་འགོར་བར་ང་དང་གྲོང་པ་གཅིག་པའི་ཡུལ་མི་དར་མ་ཞིག་ལ་འཕྲད་སོང་། ངས་སྔར་བཞིན་དྲི་བ་དེ་ཁོར་འདྲི་དུས། ཁོས་དགོད་ཞོར་དུ་རང་ལ་ཐ་མག་དང་ཐ་ན་ཁྱིམ་ཚང་ལ་ཇ་ཚྭ་ཁུ་ཉོ་སྤྱད་ཀྱི་སྒོར་ཡང་ཆེར་མེད་པས། བརྒྱ་ཤོག་དམར་ལྡང་མ་རེ་རུམ་ནས་བྱངས་ཏེ་ཉོ་འདོད་ཀྱི་བསམ་པ་ཡོད་རུང་བཀོད་པ་མེད་ཀི་ཟེར། ཕྱི་དྲོ་ལོན་དུས་ང་ཚོས་འདིའི་སྐོར་ནས་རྒན་གཞོན་བར་མ་རེ་འགར་བཅར་འདྲི་ཐུང་ངུ་རེའང་བྱས་ལ། འདི་དག་བརྒྱུད་ནས་མཛད་སྒོ་འདི་ལྟ་བུ་ཞིག་བསྡུས་པར་ཁ་རྗེ་དབང་ཐང་ཅན་དང་བླ་མ་སྤྲུལ་སྐུ་རེ་འགའི་བཀོད་པ་གཙོ་རྒྱུགས་ཡིན་པ་ལས། དམངས་ཕལ་བ་ཀུན་ནི་ཁ་ཞེ་གཉིས་མེད་ཀྱིས་མོས་མཐུན་ཡག་ཐག་ཆོད་ཅིག་མེད་པ་གཞི་ནས་རྟོགས།
  དབྱར་ཟླ་དྲུག་པའི་གཅན་ཚ་ནི་ནམ་མཁའ་སྔོ་ལ་ཆུ་མོའི་མདངས་རྒྱས་ཤིང་། རྨ་ཆུ་སྔོན་མོའི་འགྲམ་ངོགས་གཉིས་སུ་གཅན་ཚ་ཉིན་སྲིབ་ནི་སྔོ་ལྗང་གི་གོས་ཆེན་བཀླུབས་པའི་རྒོད་པོའི་གཤོག་ཟུང་བཞིན་བརྐྱངས་འདུག མི་ཚོགས་ཀྱི་འདུ་འཛི་རྒོད་པའི་བྲག་གི་སྣ་ཁ་འདིར་མཚོན་ནའང་། རྨ་ཀླུང་སྔོན་མོའི་འགྲམ་ངོགས་སུ་ཆགས་ཤིང་། དེང་སྐབས་གཅན་ཚའི་ཡུལ་འདིར་ལྗོངས་རྒྱུའི་ལྟེ་གནས་སུ་ཆགས་ཡོད་པས། ཡུལ་འདིའི་དུད་ཁྱིམ་དག་གི་བཟོ་བཀོད་ལེགས་པའི་སྡོད་ཁང་དང་ར་བ་ཐམས་ཅད་མིག་གིས་བལྟས་ཙམ་གྱིས་ཉམས་དགའ་བ་ཞིག་ཏུ་སྣང་།
  ཉིན་གུང་ཨ་ལགས་རྒྱལ་སྲས་ཀྱི་སྒར་ཁ་ནས་ཕྱོགས་སོ་སོ་ནས་ཡོང་བའི་དད་ལྡན་ཡུལ་མི་རྣམས་ལ་ཁ་ལག་འདོན་སྤྲོད་བགྱིས་ལ། ངེད་ཅག་གིས་ཀྱང་གཞུང་ནས་ཁ་ལག་རྒྱགས་ཚད་ཅིག་བཟས་རྗེས་འཆམ་འཁྲབ་པར་ལྟ་རུ་སོང་བ་ཡིན། འཆམ་ནི་དགོན་པའི་ནང་དུ་དར་བའི་ཆོས་ལུགས་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པ་མ་ཟད། དམངས་ཁྲོད་དུ་དར་ཞིང་། ལྷག་ཏུ་ཡུལ་འདིར་མཚོན་ན་རྙིང་མ་བའི་གྲུབ་མཐའ་ལ་དར་སྲོལ་ཆེ་ཙམ་འདུག ང་རང་བྱིས་པ་ཡིན་དུས། འཆམ་འཁྲབ་པ་ནི་ཆོས་ལུགས་ཀྱི་ཆོ་ག་གལ་ཆེན་ཞིག་ཏུ་ཡུལ་མི་རྣམས་ཀྱིས་འདོད་ཅིང་། གྲོང་ཚོའི་ནང་སུ་ཞིག་འཆམ་འཁྲབ་པར་མཁས་ཚེ་དེ་ལ་འཆམ་པ་ཞེས་ཀུན་གྱིས་ཡིད་སྨོན་དང་རེ་ལྟོས་བྱེད་ས་ཞིག་ཏུ་གྱུར་ཡོད། ཡིན་ནའང་ད་ལྟ་ཡུལ་དུས་ཀྱི་འགྱུར་ལྡོག་གི་རྐྱེན་པས་འཆམ་འཁྲབ་མཁན་ཉུང་ཞིང་། ལྷག་པར་དུ་ཕྱོགས་ཁ་ལ་ལར་འཆམ་འཁྲབ་པའི་སྲོལ་འདི་ཉམས་དམས་སུ་སོང་དང་འགྲོ་བཞིན་གདའ་ལ། ཆོས་ཐོག་ཚོགས་དུས་འཆམ་འཁྲབ་དགོས་ཚེ་འཆམ་པ་དག་ལ་དངུལ་སྤྲད་ནས་གླ་བྱེད་ཀྱིན་པའང་གོ་ཐོས་བྱུང་། འདི་དག་ལ་གཞིགས་ཚེ་དམངས་ཁྲོད་ན་དར་བའི་འཆམ་གྱི་རིག་གནས་འདི་ཉམས་རྒུད་དུ་འགྲོ་བཞིན་པའི་ཟུར་ཞིག་མངོན་འོངས་ལ། དེ་རིང་གི་འགྲན་བསྡུར་གྱི་རྣམ་པ་འདི་ལས་ཀྱང་། རིག་གནས་ཤིག་ཉམས་དམས་སུ་སོང་དང་འགྲོ་བཞིན་པས། འགྲན་བསྡུར་གྱི་རྣམ་པ་བརྒྱུད་དེ་ཡུལ་ལུང་གཞན་དང་རྗེས་རབས་པ་དག་ལ་སྲུང་སྐྱོབ་དང་བརྒྱུད་འཛིན་དགོས་པའི་སྐུལ་མ་བྱེད་པ་ནི་ཅི་ལ་མིན། ཕྱི་དྲོ་འཆམ་ལ་ལྟ་དུས་གྲོགས་པོ་ཞིག་གིས་ཁ་པར་འཐོན་བྱུང་། ཁ་པར་ལས་ང་ཚོ་མྱུར་མོར་ད་ནངས་ཞོགས་པར་ཉ་སྲོག་བླུ་གཏོང་སའི་གནས་དེར་ཤོག་སྐད། དེ་ནས་ལམ་སང་རྨ་ཆུ་ཁར་ཕྱིན་དུས་ཉ་རིགས་མང་པོ་ཞིག་ཤི་ནས་ཆུ་ཁར་གཡེང་འདུག་ལ།  རྨ་འགྲམ་དེད་ནས་མར་ཕྱིན་དུས་ཀྱང་འགྲམ་ངོགས་སུ་ཆུའི་རླབས་ཀྱིས་འཁུར་བའི་ཉ་རོ་ཆེ་ཆུང་འདྲ་མིན་ཆུ་ཁར་གཡེང་བ་མཐོང་གིན་འདུག
  “ན་ནིང་ཡང་བྱེད་སྒོ་འདི་སྤེལ་བའི་ཕྱི་ཉིན་སྨད་ཀྱི་རྟ་ར་ཁ་ཞེས་པའི་གྲོང་འདབས་ཀྱི་རྨ་ཆུ་ཁུག་མཚམས་ནས་ཉ་རོ་རྫོགས་མེད་ཅིག་བུད་སོང་ཟེར།”
  “འདི་དག་ནི་ཉ་རིགས་བསྡེབས་ཉོ་བྱེད་མཁན་དེ་དག་གིས་ཡིད་གཟབ་མ་བྱས་པར་ལན་པ་རེད། ཉ་ཡང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ནང་བཞིན། རང་ཉིད་ལ་འཕྲོད་པའི་ཁོར་ཡུག་དེ་ལས་འཚོ་ཐབས་བྲལ།”
  “ང་ཚོས་རང་གི་མྱི་དོན་བཞག་ནས་འབའ་འབུ་སྲོག་ཆགས་དང་བཅས་པའི་འགྲོ་བ་རིགས་དྲུག་གི་བདེ་སྡུག་གླེང་དྲགས་པས་ད་ལྟ་ངུ་བྲོ་བའི་ཚད་འདིར་སླེབས་པ་རེད།”
ང་དང་གྲོགས་པོ་ཚོས་ན་ཟུག་ཅིག་གིས་འཁུར་བོ་ཐེག་བཞིན། དེ་རིང་གི་འདུ་ཚོགས་ར་བ་དང་གྱེས་ནས་ཕ་ཡུལ་མི་དམངས་ཀྱི་བདེ་སྡུག གནས་བབ་སོགས་ནན་གྱིས་གླེང་བཞིན་ཕྱིར་རང་ཡུལ་ལ་ལོག་པའི་ལམ་ལ་ཆས།
  ཡུལ་ལ་ལོག་རྗེས་ངེད་ཀྱི་ཁྱིམ་མཚེས་བགྲེས་སོང་ཁོང་ལ་དེ་རིང་ཚེ་ཐར་འདྲ་ཨེ་བཏང་ཞེས་འདྲི་དུས། ཁོང་གིས་མི་ཆེ་ཆུང་ཡོད་ཚད། རྒྱུ་ཡོད་མེད་གཉིས་ཀས་གཏོང་ཀིན་འདུག ངས་ཀྱང་གཞན་གྱི་སྔུན་ནས་ལ་རྒྱ་མི་ཤོར་ཆེད་སྒོར་མོ་སུམ་བརྒྱས་ཉ་སྲོག་ཐར་ལ་བཏང་བ་ཡིན་ཟེར། ཁོང་གི་གཞན་གྱི་སྔུན་ནས་ལ་རྒྱ་མི་ཤོར་ཆེད་ཉ་ཚེ་ཐར་བཏང་བ་ཡིན་ཟེར་དུས། ངས་ནི་སྐབས་དེར་ཁོང་གིས་ཀུན་སློང་གཙང་མ་ཞིག་གིས་གཞན་སྲོག་བསྐྱབས་འདོད་ཀྱི་སྨོན་ལམ་གཙང་མ་ཞིག་བཏབ་ཡོད་མེད་ལའང་འཕྱང་མོ་ཉུག་དགོས་པའི་ཚད་ལ་སླེབས་སོང་མོད། ཡིན་ནའང་འདི་ནི་ཁོང་ལ་ལེ་བདའ་བྱེད་མི་སྲིད་དེ་ཁོང་ནི་ཉེས་མེད་ཀྱི་སྐྱེས་བོ་ཕལ་བ་ཞིག་ལས་མ་འདས།  གང་ལྟར་ཡུན་རིང་སེམས་སུ་སྒུག་པའི་འདུ་ཚོགས་འདིས་ང་ལ་སྤྲོ་སྐྱིད་ཀྱི་དུས་བབ་ཅིག་ལས་བསམ་གཞིག་གི་བར་སྟོང་ཆེ་ཙམ་བསྐྱུར་སོང་།
  ཐུབ་པའི་ཆོས་གཞུང་དུ་མ་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་འདོད་དང་། བདེ་བར་འགོད་འདོད་ཀྱི་བསམ་བློི་འགྱུར་མེད་ཅིག་མངའ་བ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་འབའ་ཞིག་ཡིན་པར་གསུངས་པས། འདི་ལྟ་བུའི་འབྱམས་ཀླས་ཀྱི་བསམ་བློའི་མཁྱེན་རྒྱ་ནི་དེང་གི་དུས་འདིར་སྲིད་མཐའ་ཙམ་དུ་ཟད་ལ། ལྷག་པར་སོ་སོ་སྐྱེ་བོའི་རྒྱུད་ལ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉིད་སྐྱེས་པ་ལས་སླ་མོ་ཞིག་མིན་པ་ཏན་ཏན་རེད། འོན་ཏེ་གང་ཟག་ཡིན་ཚད་རྒྱུ་ན་འཚང་རྒྱ་རུང་བའི་ས་བོན་ཞིག་ཡོད་པར་ལབ་པས། སོ་སོ་རྣམ་དཀར་དགེ་ལས་ལ་གཞོལ་བའི་ས་བོན་ཏེ་ཕན་སེམས་དང་། བྱམས་སྙིང་རྗེའི་ཕྱག་ཟུང་ཀུན་ཏུ་བརྐྱངས་པའང་དེའི་མཐུས་ཡིན་པར་སྙམ། འདས་པའི་ལོ་གཉིས་ཡར་སྔོན་ནས་བཟུང་། ཕ་ཡུལ་མི་དམངས་ལ་བླ་མ་ཆེ་གེ་མོས་མཛུབ་སྟོན་འོག་མཐོ་སྒང་གི་སྲོག་ཐར་དུས་ཆེན་ཞེས་པའི་ཉ་རིགས་ཚེ་ཐར་ལ་གཏོང་བའི་མཛད་སྒོ་ཞིག་བསྡུས་ཀྱིན་པ་འདི་ཡང་སྤྱི་ཕྱོགས་ནས་འདང་བརྒྱབ་ཚེ་ཕན་པ་དང་དགེ་བ་རེ་ཟུང་ནི་ཡོད་དེ་ཡོད་མོད། ཡིན་ནའང་ ནན་གྱིས་བསམ་བློ་གཏོང་དུས། ད་དུང་ཡང་དད་དོད་བྱ་གནས་དང་དངོས་ཡོད་ལ་གདོང་བསུ་བགྱི་དགོས་ས་ཡོད་པར་སྙམ་སྟེ། དང་པོ་དིང་སང་བོད་ཀྱི་རིག་གཞུང་གི་སྡེ་རུ་ཆེ་རྒུ་རེ་འགས་ཚེ་ཐར་རིག་གནས་འདིའི་ཆུ་མགོ་ནི་བན་བོན་གང་གི་ཆོ་ག་ཡིན་པར་ད་དུང་ཐེ་ཚོམ་དང་སྡོམ་ཚིག་ངེད་ཅག་གིས་ཐོས་མ་ཉུང་བ་འགོད་མཁན་ཡང་མཆིས་ལ། གང་ལྟར་འདི་ནི་གལ་ཆེན་པོ་མ་ཡིན་པར་སྙམ་སྟེ་བན་བོན་གང་ཡིན་ཡང་བན་དྭངས་མ་ཞིག་དང་བོན་རྣལ་མ་ཞིག་མེད་པས་སོ།། གཞན་ང་ཚོ་ནི་འཁོར་བ་སྐྱོང་མཁན་ཡིན་ཙང་། རང་ཉིད་ཀྱི་འཚོ་བ་དང་ཁད་ཐག་ཉེ་ས་རུ་བསམ་བློ་གཏོང་དུས། འོ་སྐོལ་མི་རིགས་སྤྱི་ལ་ཁྱབ་པའི་ནད་ཡམས་ཏེ། རྣམ་ཀུན་རང་ཉིད་ཀྱི་འཚོ་གནས་དང་གནས་བབ། འཕེལ་རྒྱས་སོགས་གཙིགས་སུ་མི་འཛིན་པར། དེ་ལས་འཁོར་འདས་ཀྱི་སྦྱོར་བ་མང་དུབརྩམས་པར་གཞོལ་བ་ནི་མི་རིགས་འདི་རྒུད་པའི་ལམ་ཁར་བསྙེག་པ་ཨེ་ཡིན་སྙམ་པའི་སེམས་ཚོར་ཞིག་རྟག་ཏུ་སྐྱེས་ཀིན་བདོག་ལ། དཔེར་ན། རེབ་འདིའི་ཉ་སྲོག་བླུ་བར་ཆ་བཞག་ནའང་། ཧ་ཅང་རྗེས་ལུས་ངང་གནས་པའི་ཕ་ཡུལ་འདིར་མཚོན་ན། འདི་ལས་ཁ་ཚ་དགོས་གཏུགས་ཀྱི་དོན་པོ་ནི་རོང་འབྲོག་གི་བྱིས་པ་མང་པོའི་སློབ་གསོ་ལ་སྨན་པའི་བྱ་གཞག་རེ་ཟུང་ལ་མནོ་བསམ་བཏང་ན་ག་འདྲ་ཡིན་ནམ། འདི་ལ་དགེ་དོན་གཉིས་འཛོམས་ཡིན་པ་མ་ཟད། འཕྲལ་ཕུགས་གང་ནས་བལྟས་ཀྱང་དོན་སྙིང་རླབས་ཆེན་ཡོད་པ་ནི་ངས་མ་བཤད་ཀྱང་ཀུན་པོས་ཝ་ལེར་རྟོགས་ངེས།
  ཕ་ཡུལ་འདིར་སེར་སྐྱ་མང་ཚོགས་ལ་ཆོས་སྒྲུབ་ཟེར་མཁན་ཡོད་མོད། ཡིན་ནའང་འཇིག་རྟེན་གྱི་བྱ་གཞག་སྒྲུབས། བྱིས་པ་སློབ་གྲྭར་སྐྱོལ། སློབ་གསོའི་ཕྱོགས་ལ་ཀུན་གྱིས་རྒྱབ་སྐྱོར་བྱོས་ཟེར་མཁན་གྱི་བླ་སྤྲུལ་ནི་ག་ཚོད་ཡོད་དམ། འདིའི་ཕྱོགས་ནས་ཁྱེད་རྣམས་ཀྱིས་ཀུན་གཟིགས་སྣང་བ་མཐའ་ཡས་ཀྱི་སྐུ་ཚེ་གང་བོའི་མཛད་པ་ལ་ཞིབ་རྟོག་བྱ་རྒྱུ་ནི་བོད་མི་ཆེ་རྒུ་རེ་རེའི་ཕྲག་ཏུ་བབས་པའི་འོས་འགན་རེད་སྙམ།
  ལར་ང་ཚོ་དུས་རབས་ཉེར་གཅིག་གི་སྟག་མོའི་མཐོང་ཀ་རུ་ཉེན་ཁས་འཚོ་བའི་རིགས་རྒྱུད་ཀྱི་གྲས་སུ་གཏོགས་ལ། མུ་མཐུད་འཛམ་གླིང་མི་རིགས་དང་གོམ་ཁ་མཉམ་གཤིབ་ཀྱིས་མདུན་བསྐྱོད་བགྱི་དགོས་ཚེ། “སློབ་གསོས་མི་རིགས་ཤིག་སྐྱོབ་ཐུབ་ལ། ཤེས་རིག་གིས་རྒྱལ་ཁབ་ཅིག་སྐྱོབ་ཐུབ།”ཅེས་པའི་ལེགས་བཤད་སེམས་སུ་ཉར་ཏེ། ཤེས་རིག་ཡར་རྒྱས་གཏོང་བ་ལ་སློབ་གསོ་ཡར་རྒྱས་གཏོང་བ་ནས་གོམ་ཁ་མདུན་བསྐྱོད་དགོས་པ་དང་། སློབ་གསོ་ཡར་རྒྱས་བཏང་བའི་འབྲས་བུས་མི་རིགས་ཤིག་གི་ཆོས་དང་རིག་གཞུང་དར་སྤེལ་དང་། དཔལ་འབྱོར་དང་ཚན་རྩལ་སོགས་ལ་སློབ་སྦྱོང་ནི་ཞ་དང་ཞོར་དུ་ངང་གིས་འགྲུབ་ཡོང་བའི་ལས་དོན་དུ་ཟད་པས། རང་ཅག་ལུང་བ་འདིར་མཚོན་ནའང་། སྔོན་ལ་ཆེས་རྗེས་ལུས་ཀྱི་སློབ་གསོའི་རྣམ་པ་བསྒྱུར་བ་ནས་འགོ་བརྩམ་དགོས་པར་འདོད་ལ། དུས་རབས་ཉེར་གཅིག་གི་དུས་བབ་འདིར་བོད་རིགས་བྱིས་པ་རྣམས་ལ་དེང་རབས་ཀྱི་སློབ་གསོ་ཡག་པོ་ཞིག་མྱོང་བའི་བགོ་སྐལ་དབེན་ཚེ། འཇིག་རྟེན་ལས་འདས་པའི་རིག་གནས་ཇི་ལྟར་དར་ཡང་མི་རིགས་འདིའི་ལས་སྐལ་ལ་འགྱུར་ལྡོག་ཡོད་མི་སྲིད་པ་ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་བསླབ་བྱ་མ་ཡིན་ནམ།
   གསལ་བཤད། གྲོགས་པོ་ཆེ་གེ་མོས་སྐུལ་བ་བཞིན་རྩོམ་ཡིག་འདི་འདྲ་ཞིག་བྲི་བའི་ཀུན་སློང་ཐོག་མར་བྱུང་ལ། སྔོན་མ་ནས་རྩོམ་ཡིག་འདིར་སྐྱ་ཐིག་བཀོད་མོད། ཁོ་བོ་སློབ་སྦྱོང་གི་བྲེལ་འཚུབ་ཀྱི་དབང་གིས་ཉེ་ལམ་མ་གཏོགས་གྲུབ་མ་ཚར། མཐར་བྲིས་རྩོམ་འདི་འདྲ་ཞིག་བྲི་བའི་ཐོག་མའི་ཀུན་སློབ་ཡང་ཕ་ཡུལ་མི་དམངས་ཀྱི་འབྱུང་འགྱུར་ལ་རྔོ་རེ་ཨེ་ཐོགས་སྙམ་པ་ལས། སྤྱི་ཐུབ་པའི་བསྟན་པ་དང་ཡང་སྒོས་ཡུལ་གྱི་བླ་སྤྲུལ་ཆེ་གེ་མོར་དགག་རྒྱག་གི་ཞེ་འདོད་བཞར་ནས་མེད་ལ། ལྷག་དོན་རང་ཉིད་གྲགས་འདོད་དང་རྙེད་པ་གང་གི་ཆེད་དུ་མིན་ཞེས་གསལ་བསྒྲགས་ཡང་གསལ་བྱས་པ་ཡིན།   
    ༢༠༡༢ལོའི་ཟླ༥བའི་ཚེས༡༢ཉིན་མགོ་བརྩམས་ཏེ་ཟླ༦པའི་ཟླ་དཀྱིལ་དུ་གྲུབ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་ནས་བསླངས་པའི་སེམས་ཁྲལ།

2012-07-06 སེང་ཆེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།