དེ་རིང་། ང་ཙོང་ཆུའི་འགྲམ་ན་ཡོད།

དེ་རིང་།   ང་ཙོང་ཆུའི་འགྲམ་ན་ཡོད།
ཨ་རག་དམ་བུ་གང་མགོ་ལ་གཡོན་བཞིན།
ཆུ་བོ་འདིའི་བཞུར་རྒྱུན་ལ་ཅེར་ནས་ཡོད།

ཙོང་ཆུ།
སུ་ཞིག་གི་གདོང་བ་ན་གཞུར་གྱི་ན་པའི་མིག་ཆུ་ཡིན།
ཞེན་ཆགས་དང་སེམས་ངལ་ལུང་བ་གང་འཁུར་ནས།
ངའི་དྲན་སེམས་ཀྱི་སྣེ་མོ་ན་བྱ་རྒོད་བཞིན་འགྱིངས་པའི་ཁྱོད་ཕྱོགས་ལ་རྒྱུགས།
ཕྱིར་དྲན་གྱི་ཆུ་མིག་བརྡོལ་དུས།
སེམས་པ་འདི།
སྤྲོ་སྣང་ཞིག་གིས་བར་སྣང་དུ་སྤུར་འགྲོ་ལ།
མིག་ཆུ་ཞིག་དང་ལྷན་དུ་ཙོང་ཆུ་ལ་བྱིངས་འགྲོ།
འཚོ་བའི་མདུང་རྩེ་གཏད་ཡོང་དུས།
ཕྱིར་དྲན་ན་ལུས་པའི་མཛེས་སྡུག་གི་རྨི་ལམ་དེའང་།
སྒྱུ་འཕྲུལ་གྱིས་བཞེངས་པའི་བར་སྣང་གི་ཁང་བརྩེགས་ཙམ།

ཙོང་ཆུ་ཐང་ཆད་དེ་ལྷིང་འཇགས་སེ།
བརྗོད་དུ་མེད་པའི་སེམས་ངལ་གང་ཞིག་ལ་མནོ་བསམ་གཏོང་བཞིན་ཡོད་དམ།
གྲང་རླུང་གི་གཡུལ་ས་ནས།
དམར་རྗེན་དུ་ལུས་པའི་ས་ཆེན་པོའི་སྒལ་གཞུང་བརྒྱུད་དེ།
སུ་ཞིག་གི་བརྩེ་བ་བསམ་ནས་རྒྱུགས་ཀྱིན་ཡོད།

བརྩེ་བ་ཟད་པའི་སྡོང་ལོ་སེར་བོ།
ཙག་རླུང་གི་གདུག་རྩུབ་ཁྲོད་ནས་སར་འཐོར་ཚུལ་ནི།
འདི་འདྲའི་རེ་ཆད་དང་འུ་ཐུག་ཅིག
འཁྱར་འཁྱོར་གྱིས་ཙོང་ཆུར་ལྷུང་དུས།
ཡོད་ཚད་མཇུག་རྫོགས་པ་མ་ཡིན་ཏེ།
ཁྱོད་ཀྱིས་འགྲུལ་བཞུད་གསར་བ་ཞིག་གི་མགོ་བརྩམས་ཡོད།

སང་ཉིན་གྱིས་ང་ལ་སྒུག་ནས་ཡོད།
ངས་སང་ཉིན་གླེང་བཞིན་ལམ་ལ་ཞུགས་དགོས།
ཁ་སང་དེ་རིང་གི་དགའ་སྐྱོ་དང་ཞེན་ཆགས་མ་ལུས་ཙོང་ཆུ་རུ་བཏབ་ནས།
ངའི་སང་ཉིན་བསྙེགས་ནས་བསྐྱོད་དགོས་ཨང་།
                                 (མཐར་ཕྱིན་གྱི་ཉིན་མོར།)
                                                  2012/6/27                                                                   
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་། ང་ཙོང་ཆུའི་འགྲམ་ན་ཡོད།

2012-07-03 སེང་གདོང་འབུམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།