ཁྱིམ་བདག་སློབ་གསོའི་གལ་ཆེའི་རང་བཞིན།

དབུ་རུ་དོན་འདུར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-30

  ཁྱིམ་བདག་སློབ་གསོ་ཞེས་པར་ཐད་ཀར་གོ་བ་བླངས་ན་ཕ་མ་ཚོས་རང་བུ་ཕྲུག་ལ་བརྒྱབ་པའི་སློབ་གསོའི་རྣམ་པ་ཞིག་ལ་ཟེར་ཡང་།  དེ་རིང་ཁོ་བོས་བཤད་རྒྱུའི་ནང་དོན་ནི་དེ་ལྟར་མིན་པར་ཁྱིམ་བདག་ཚོར་གཞུང་ནས་སྒྲིག་བཙུགས་བྱས་ཏེ་རྨོངས་བློ་སེལ་བའི་སློབ་གསོ་བྱ་རྒྱུ་དེ། བོད་ཀྱི་སློབ་གསོ་ཕྱོགས་ཡོངས་ནས་དར་རྒྱས་གོང་འཕེལ་འགྲོ་རྒྱུའི་སྔོན་འགྲོ་ཞིག་ཡིན་པར་བསམ་པས།  དེའི་དོན་དུ་གོང་འོག་ཚང་མས་དོ་སྣང་གནང་དགོས་འདུག་ཞེས་ཞུ་རྒྱུ་མ་ཟད་རྒྱུ་མཚན་དང་གནས་ལུགས་ཁ་ཤས་ཀྱང་གསལ་བཤད་བྱེད་རྒྱུའི་དགོས་པ་འདུག་བསམ་པ་བྱུང་།
     ༡  ཁྱིམ་བདག་ཚོས་སློབ་གསོར་འཛིན་པའི་ལྟ་ཚུལ།
  བོད་ཀྱི་ཞིང་འབྲོག་ས་ཁུལ་དུ་བྱིས་པ་སློབ་གྲྭར་གཏོང་བའི་རྣམ་འགྱུར་ཤིན་ཏུ་ཞན་པ་དང་། སྤྱི་དམངས་ཀྱི་བསམ་བློའི་བྱང་ཚད་ཧ་ཅང་སྐྱོ་བས།བྱིས་པ་སློབ་གྲྭར་བཏང་ནས་ལས་བྱེད་པ་བྱེད་རྒྱུ་མ་བྱུང་ན། ཕན་པ་མེད་པར་ལྟ་ཞིང་དགེ་རྒན་གྱིས་ངེས་པར་དུ་སློབ་གྲྭར་གཏོང་དགོས་ཟེར་ན། ལས་བྱེད་པ་ཆགས་རྒྱུའི་འགན་ལེན་བྱ་དགོས་ཞེས་བསམ་ཡུལ་ལས་འདས་པའི་རེ་བ་འདོན་སྲིད། སློབ་གྲྭར་ བཏང་ནས་ཀྱང་དགེ་རྒན་གྱི་ཀུན་སྤྱོད་དང་།  ཤེས་བྱ་ཡོན་ཏན་གྱི་དོན་དུ་དྲག་གཏམ་ཚིག་འགའ་ལབ་པར་ཕ་མ་ཚོས་དགེ་རྒན་དགྲ་བོར་བཟུང་ནས་སློབ་གྲྭའི་སྒོ་ འགྲམ་དུ་དགྲ་ཤ་ལེན་རྒྱུའི་སྒུག་སྡོད་བྱ་བའི་གནས་ཚུལ་ཡང་དོན་དངོས་ཡིན་པ་དང་།   ནང་གི་ལས་ཀ་ཆུང་ཙག་རྫི་བོ་ལྟ་བུར་འགྲོ་དགོས་ཚེ་བྱིས་པ་སློབ་གྲྭ་ནས་དགོངས་ཞུ་ཉིན་མང་ཞུ་བ་དང་ཉེས་པ་སོགས་ལ་ཞེད་སྣང་རྩ་བ་ནས་བྱེད་མི་སྲིད།   དེ་ལྟར་ཕ་མའི་རྨོངས་བློ་གཏུགས་པའི་ཡུལ་ལུང་ཁག་ལ་སློབ་ཁྲིད་སྤུས་ཚད་ཞེས་པ་གླེང་ཐབས་ག་ལ་ཡོད།
  ༢ ཕ་མའི་རྨོངས་བློ་སེལ་དགོས་པའི་གལ་ཆེའི་རང་བཞིན།
   གོང་དུ་བཤད་པ་ལྟར་བོད་ཀྱི་མི་འབོར་མང་ཤོས་གནས་སའི་ཞིང་འབྲོག་ས་ཁུལ་དུ་ཕ་མའི་སློབ་གསོའི་ལྟ་བ་ཡག་པོ་མ་བྱུང་བ་དེས།  སློབ་གསོའི་སྤུས་ཚད་ལ་ཐད་ ཀའི་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པ་དང་། དེས་སྤྱི་དམངས་ཁྱོན་ཡོངས་ཀྱི་བསམ་བློའི་བྱང་ཚད་གོང་མཐོར་འགྲོ་དགོས་པའི་རྒྱལ་ཁབ་ཀྱི་སློབ་གསོའི་དགོངས་དོན་ངོ་མ་ལེགས་གྲུབ་ཐུབ་ཀྱི་མེད། ལྷག་པར་དུ་དོ་སྙོམས་སློབ་གསོའི་ དགོངས་དོན་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཐག་ཉེ་རུ་བཏང་ནས་སྤྱི་ཡོངས་ཡར་རྒྱས་གཏོང་རྒྱུའི་དམིགས་ཡུལ་ཡང་དེ་བས་སྒྲུབ་ཐབས་ག་ལ་ ཡོད།  ཕ་མའི་ བརྒྱབ་སྐྱོར་ཡག་པོ་མེད་པའི་གནས་ཚུལ་དེ་ཤིན་ཏུ་རྒྱ་ཆེ་བས་དེས་དོན་དུ་བོད་ཀྱི་ སློབ་གསོའི་སྤུས་ཚད་ལ་གཞི་ཁྱོན་ཆེ་བའི་འགོག་རྐྱེན་ཐེབས་བཞིན་ཡོད་པ་དེ་གྲོང་ ཁྱེར་ཕ་མའི་བསམ་བློ་དང་ཡོངས་སུ་འགལ་བ་རེད།   གྲོང་ཁྱེར་ནང་དུ་ཕ་མ་ཚོས་  སློབ་གྲྭ་ཡག་ཉེས་ཀྱི་བྱིས་པའི་སློབ་སྦྱོང་དོན་དུ་རྩོད་ལེན་དྲག་པོ་བྱེད་པ་དང་།  གྲོང་  གསེབ་མང་ཆེ་བར་ཕ་མ་ཚོས་བྱིས་པ་སློབ་གྲྭར་གཏོང་མ་འདོད་པའི་ནོར་འཁྲུལ་ཅན་གྱི་ལྟ་བ་ཤུགས་ཆེན་ཡོད། དེར་བརྟེན་ང་ཚོས་འགོག་རྐྱེན་ངོ་མ་དེ་ཕ་མའི་རྨོངས་བློ་ཡིན་པར་ངོས་འཛིན་བྱས་ན།  དེ་ལ་འགྱུར་བ་གཏོང་རྒྱུ་དེ་ཡང་བོད་ཀྱི་སློབ་ གསོ་རྗེས་ལུས་ཀྱི་རྣམ་པ་ལས་སྐྱོབས་རྒྱུའི་བརྒྱབ་དགོས་ངེས་ཀྱི་གོམ་པ་དང་པོ་ལྟ་བུར་མཐོང་གི་འདུག།
    ༣  ང་ཚོས་ཇི་ལྟར་བྱས་ཏེ་རྫོང་མཐུག་པའི་རྨོངས་བློར་འཐབ་དགོས།
   དགེ་རྒན་ནི་མང་ཚོགས་ཀྱི་ཁྲོད་དུ་ལྟ་སྟངས་ཤིན་ཏུ་ཞན་པའི། ལས་བྱེད་པ་དཀྱུས་མ་ཞིག་ཡིན་པས་དེ་ལ་བྱིས་པ་ལས་བྱེད་པ་བཟོ་རྒྱུའི། ནུས་པ་མེད་ལ་དགེ་རྒན་གྱི་སྐད་ཆར་ཆ་འཇོག་བྱེད་མཁན་དེ་བས་ཀྱང་ཤིན་ཏུ་ཉུང་བས། ཕ་མའི་གཏིང་ཟབ་པའི་རྨོངས་བློ་སེལ་དགོས་ན་དགེ་རྒན་གཅིག་པུའི་ནུས་པས་འཇོན་པ་ཞིག་རྩ་བ་ནས་མ་རེད།  དགེ་རྒན་གྱིས་སློབ་མ་བསྡུ་བར་འགྲོ་སྐབས་ཞིང་འབྲོག་པའི་ཁྱིམ་ནས།   ཇ་ཐང་སླ་བོ་ཞིག་ཀྱང་གཏེར་མཁན་དཀོན་ཞིང་ཤང་གི་ལས་བྱེད་དང་།  སྨན་པ་ལྟ་བུ་གཤམ་བསྐྱོད་བྱས་ན་སྣེ་ལེན་གང་ཟབ་གནང་བ་ནི།  ཁོ་ཚོའི་གནས་སྐབས་ཀྱི་ལྟ་སྟངས་ཙམ་མིན་པར་སློབ་གསོ་ལ་འཛིན་པའི་རྣམ་འགྱུར་ཡ་ང་དགོས་པ་དེ་རེད།   དེས་ན་དགེ་རྒན་གྱིས་རང་ས་ཁུལ་གྱི་སློབ་མ་བསྡུ་བའི་ལས་ཀ་དེ། ལེགས་གྲུབ་བྱ་མི་ཐུབ་ལ་ཕ་མའི་སློབ་གསོར་འཛིན་པའི་ལྟ་ཚུལ་འགྱུར་ལྡོག་གཏོང་རྒྱུ་ནི་དེ་བས་ཀྱང་ཁག་པོ་མ་ཡིན་ནམ།    ངའི་ལྟ་ཚུལ་ལྟར་བྱས་ན་རྫོང་སློབ་གསོ་ཚན་པ་དང་།  གྲོང་ཁྱེར་སློབ་གསོ་ཐིང་། ཤང་མི་དམངས་སྲིད་གཞུང་དང་།  རྫོང་མི་དམངས་སྲིང་གཞུང་སོགས་འབྲེལ་ཡོད་སྲིད་འཛིན་ཚན་པས་དོ་སྣང་དམ་འཛིན་གནང་སྟེ།   མི་སྣ་ཆེད་མངག་གིས་ཕ་མ་ཚོར་མིའི་བྱང་ཚད་ཡར་རྒྱས་མ་སོང་ན་དུས་རབས་ཀྱི་རྗེས་སུ་ལུས་པ་དང་།  གནས་སྐབས་ཀྱི་རྒྱུ་ནོར་ཡག་པོ་ཡོད་ཀྱང་བསམ་ བློའི་བྱང་ཚད་དུས་རབས་ཀྱི་རྗེས་སུ་ལུས་ན། རིམ་བཞིན་རྗེས་ལུས་ཀྱི་གནས་ལས་ཐར་མི་ཐུབ་པ་ནི།  བཤད་མི་དགོས་པས་ཕ་མ་ཚོས།
རང་བུ་ཕྲུག་སློབ་གྲྭར་གཏོང་དགོས་པ་མ་ཟད་སློབ་སྦྱོང་ཐོག་རེ་བ་ནན་པོ་འདོན་དགོས་པ་དང་།  དགེ་རྒན་ནི་ཐད་ཀར་བཤད་ན།  རང་གི་བྱིས་པའི་མ་རིག་མུན་པ་སེལ་མཁན་གྱི་བཀའ་དྲིན་ཆེ་བའི་སློབ་དཔོན་ཡིན་པས། དེ་ལ་སློབ་མས་གུས་བཀུར་ཞུ་དགོས་པ་མ་ཟད།  ཕ་མ་ཚོས་ཀྱང་གུས་བཀུར་བྱ་དགོས་ཤིང་།སློབ་སྦྱོང་ཆེད་དུ་དགེ་རྒན་དང་ཕ་མ་ཟུང་དུ་འབྲེལ་ནས་ཐབས་ཤེས་སྣ་ཚོགས་སྤྱད་དེ།  བྱིས་པའི་མ་འོངས་པར་རིག་གནས་ཤེས་བྱ་ལྡན་ལ།  བསམ་བློ་ཀུན་སྤྱོད་བཟང་བའི་མི་རབས་ཤིག་གི་གྲས་སུ།ཚུད་པ་བྱ་དགོས་ཞེས་པའི་དོན་སྙིང་ལྡན་པའི།  སློབ་གསོ་རྒྱག་མཁན་ལས་དོན་ཚོགས་ཆུང་ཆེད་དུ་བཏང་ན། གོང་རིམ་ནས་ཀྱང་དེའི་དོན་དུ་དངོས་སུ་གཙིགས་ཆེན་གནང་གི་འདུག་བསམ་ནས།ཕ་མ་ཚོས་བྱིས་པ་སློབ་གྲྭར་གཏོང་རྒྱུ་དང་ཤེས་བྱ་ཡོན་ཏན་དགོས་པ། དགེ་རྒན་ལ་དགོས་ངེས་ཀྱི་ལྟ་སྟངས་ཡོག་པོ་ཆགས་རྒྱུར།  ཕན་པ་ཤིན་ནས་ཆེ་བར་བསམ།
    ༤   མཇུག་གཏམ། 
    གོང་གསལ་གནས་ཚུལ་དེར་ལམ་ཙམ་བལྟས་ན་དེ་ལྟ་བུའི་གལ་འགངས་ཆེ་བར་མ་མཐོང་རུང་ཞིབ་ཏུ་བསམ་གཞིགས་བྱས་ན།  དེ་ནི་བོད་ཀྱི་སློབ་གསོ་ཁྱོན་ཡོངས་ནས་ལྟོས་བཅས་ཀྱི་རྗེས་སུ་ལུས་པའི་རྒྱུ་རྐྱེན་དུ་མཐོང་བར་ངེས། གནད་དོན་དེར་ད་བར་སུས་ཀྱང་དོ་སྣང་མ་བྱུང་བའམ། སྣང་ཆུང་ཤོར་བ་ཙམ་ལས་དོན་དུ་གཞི་རིམ་ཀྱི་ས་ཆ་མང་པོར།  ལབ་གླེང་སྣ་ཚོགས་སྔ་ས་ནས་ཁྱབ་བསྡད་ཡོད།  དེར་བརྟེན་ཁྱིམ་བདག་གི་རྨོངས་བློ་སེལ་བའི།   ལས་དོན་མི་སྣ་ཆེད་དུ་མངག་ནས་སློབ་གསོ་སྐྱོན་པ་ཡིན་ན།    གོང་རིམ་ནས་སློབ་གསོར་མཐོང་ཆེན་གནང་བའི།    དོན་དངོས་མང་ཚོགས་ཚོས་ཤེས་རྟོགས་ཐུབ་ལ་སློབ་གྲྭར་བཏང་ནས།  ཤེས་བྱ་ཡོན་ཏན་སྦྱོང་རྒྱུའི་གལ་ཆེའི་རང་བཞིན་དེ་ཡང་། མག་མོག་རབ་རིབ་ཙམ་མིན་པར་གསལ་པོ་ཤེས་ཏེ།   བྱིས་པ་སློབ་གྲྭར་གཏོང་བའི་ཧུར་བརྩོན་རང་བཞིན་སྐུལ་འདེད་ཐུབ་པ་དང་།  དགེ་རྒན་ལ་འཛིན་པའི་
ལྟ་སྟངས་སྐྱུག་བྲོ་བོ་དེ་ཚོ་མེད་པར་འགྱུར་ནས་སློབ་གསོའི་དོན་སྙིང་རྟོགས་ཏེ།    ཡ་ང་དགོས་པའི་རྣམ་འགྱུར་ངན་པ་རིམ་བཞིན་འགྱུར་བ་འགྲོ་སྲིད་སྙམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱིམ་བདག་སློབ་གསོའི་གལ་ཆེའི་རང་བཞིན།

2012-06-30 དབུ་རུ་དོན་འདུར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།