ཚོར་བ་རླུང་ཡན་མ།

   སྟོང་འདང་གིས་རྫོགས་པའི་མི་ཚེ་ཞིག་ཤུགས་ཀྱིས་བཙགས་ན་དེ་ནི་ཁ་དོག་དང་རྣམ་དབྱིབས་ཀྱི་མ་གྲུབ་པའི་བརྗེད་བྱང་ཁྲ་ལམ་མེ་བ་ཞིག་ཏུ་སྣང་སྲིད་སྲིད་ཅིག་རེད།
རྨི་ལམ་རེ་རེ་ལོ་ཟླ་དེའི་ཧྲག་བར་ནས་ཆས་ཏེ་རྒས་ཟིན་པའི་གཙང་བོ་དང་རི་ཕྲན་དག་ལ་སྔ་མོ་ནས་བཞག་པའི་སྙིང་གཏམ་གང་མང་ཞིག་གི་མངར་ཁ་ལྷད་མེད་དེའོ།།
  དུས་ཚོད་ཀྱི་མདའ་ཁབ་གསུམ་པོས་ཉིན་མཚན་གཉིས་ཁད་ཀྱི་ཟོས་ནས་རི་བོ་མཐོ་ས་དང་ཆུ་མོ་དྭངས་ས་དག་ན་རང་དབང་དུ་རྒྱུ་བའི་རླུང་བུ་བཞིན་བར་མེད་དུ་བཞུར།
  ནོར་ནག་དང་གཡང་དཀར་དག་མཆོང་ལྡིང་གིས་རྩེད་སའི་ལམ་འགྲམ་ནས་བོར་བའི་བྱིས་དུས་ཀྱི་རྐང་རྗེས་དང་ཚོར་བ་རྣོན་པོ་དེ་དག་རི་མོ་བཞིན་བཀྲ་བའི་དབྱར་གཞུང་དེའི་མཛེས་སྡུག་གི་གཏིང་རིམ་དུ་འཁྱུལ་བའི་ཕྱི་དྲན་གྱི་རྡོ་རིང་ཞིག
  ངུར་སྨྲིག་གི་འཇིག་རྟེན་གསར་བའི་སྒོ་མོ་དལ་གྱིས་བྱས་པ་ནས་དུང་བའི་གླིང་ཀ་རུ་བཏོར་བའི་རྗེས་ཤུལ་དེ་དང་སེམས་པའི་ནང་རོལ་དུ་སྦས་པའི་དྲན་པ་ལྷོད་མེད་དེ་རྡོ་ལ་བརྒྱབས་ཆུ་ལ་བསྐུར་ཟིན་པའི་ཉིན་ཐོ་གང་མང་སྙུག་རྩེར་བབ།
  འཁྱམ་པོའི་ལས་དབང་ལ་འགྲེལ་བཤད་རྒྱགས་དུས་ལོ་རབས་ཁ་ཤས་དེ་རྐང་འོག་གི་རྡོ་བ་སྲ་མོ་དེ་ཡིན་ལ་མིག་སྔོན་གྱི་འཕྲེད་ལམ་སྐྱ་མོ་དེའི་གསང་བ་ལྐོག་རིས་སུ་ཤར་བའི་གཏིང་རིང་བའི་སྔོ་ལྗང་གི་ནགས་ཀླུང་དེ་ཡང་ཡིན་སྲིད།
  ཀ་ཁའི་དབྱངས་རྟ་ནས་མགོ་བོ་འབུས་ལ་ན་བཟའི་བདེ་དྲོད་ལ་ལྷག་པར་དུང་བའི་ཉིན་ཞག་ཁག་ནི་ཆོས་ལམ་ལ་བཞག་པའི་གོམ་པ་དང་པོ་ཡིན་ཞེས་འཇིག་རྟེན་ལ་བདེན་པ་དངོས་སུ་བཤམ་ལ་ཚོར་བ་སྣ་ཚོགས་ཡང་དེའི་ཕག་ལ་འཚང་གིན་གདའ།
  དར་མའི་ལང་ཚོ་ལ་མཛེས་སྡུག་གི་གཤོག་སྒྲོ་མ་རྒྱས་པའི་ངོ་གདོང་གི་ཕམ་ཁ་མཐའ་དག་རང་རང་གི་སྔོན་མའི་མི་ཚེའི་སྨོན་ལམ་གྱི་རྗེས་ལ་དད་འདུན་གྱི་གསོས་མ་ཐེབ་པའི་བདེན་པ་མངོན་གསལ་དུ་གྱུར་བ་ཞིག་ཅེས་ཀྱང་ཡིན།
  ལྔ་རིག་གི་མཚོ་མོ་ལྟེམ་ལྟེམ་འཁྱིལ་བའི་སློབ་གླིང་གི་མཁའ་དབྱིངས་ན་འཕུར་མ་ལྡིང་གིས་བསྐྱོད་དུས་སུ་ན་གཞོན་གྱི་རིག་པ་མེ་ལྕེ་བཞིན་མཆེད་པའི་ངར་ཤུགས་ལ་ཅི་འདྲའི་མཛེས་སྡུག་གི་ཕྱུག་པའི་འོད་ལམ་ལྟ་བུའི་མིང་བྱང་ཅིག་གང་སར་ཡོད།
  ཁེར་རྐྱང་གྲྭ་ཤག་གི་ཕྱི་ནང་ལྷོད་འཇགས་སུ་གྱུར་བའི་སེམས་ངལ་གསོ་ཐང་རེར་དབུགས་ཀྱི་རྒྱུ་ཕྱོགས་སུ་ཉལ་བའི་རང་དབང་གི་བདེ་སྐྱིད་ཟེར་བ་དེ་ཡང་རྙེད་དཀའ་བའི་ལམ་ཁ་གང་ཞིག་ན་བདག་གི་ཉེ་སར་གཅར་གྱིན་ཡོད་པ་གཞི་ནས་ཚོར་ཐབས་བྲལ།
                              ༢༠༡༢    ༤   ༡༠་དགུང་མོ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོར་བ་རླུང་ཡན་མ།

2012-06-13 བཙན་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།