ཚུར་ལེན་དང་ཕར་སྐྱེལ།

གཡུ་ཆུང་།༼པེ་ཅིང་༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-12

  དམའ་འབྲིང་སྐབས་སུ་རྒྱ་ནག་གི་སྐད་གྲགས་ཆེ་བའི་རྩོམ་པ་པོ་ལུའུ་ཞུན་ལགས་ཀྱི་༼ཚུར་ལེན་རིང་ལུགས༽ཞེས་པའི་རྩོམ་ཡིག་ཅིག་བཀླགས་མྱོང་། དེ་དུས་རྩོམ་ཡིག་དེ་ལ་ཆེས་ཆེར་དོ་སྣང་མ་བྱས་ཀྱང་། ད་རག་བར་དྲན་པའི་ཡོལ་ངོ་རུ་ཡལ་མ་མྱོང་ཞིང་། ་རྒྱུན་པར་ཁོ་བོའི་བསམ་གཞིགས་ཀྱི་ཆུ་རྒྱུན་ཏུ་ཤར་མར་འོངས།  འོན་ཀྱང་དེང་སང་ཚུར་ལེན་ཞེས་ལབ་པའི་སྐབས་ཕར་སྐྱེལ་ཞེས་པ་ཞིག་ཀྱང་རང་དགར་འོངས་སྲིད་དེ།  དེ་ནི་ངོ་མཚར་བའི་རང་རེ་ཅག་གི་དངོས་ཡོད་ཀྱིས་རང་ཤུགས་སུ་ཐོན་སྐྱེད་བྱས་པའི་འབྲས་བུ་འབའ་ཞིག་ཡིན།
  ལོ་ངོ་སྟོང་ཕྲག་ལྔའི་ཡུན་དང་ལྡན་པར་སྒྲོགས་པའི་རྒྱ་ནག་གི་ལོ་རྒྱུས་རིང་མོའི་ཁྲོད་རིག་གནས་ལ་ཆེས་ཤུགས་རྐྱེན་ཐེབས་པའི་དུས་ཡུན་ནི་དུས་རབས་སྔོན་མའི་དུས་དཀྱིལ་གྱི་ལྔ་བཞིའི་ལས་འགུལ་སྐབས་ཡིན་ཞིང་། ཕྱི་རྒྱལ་དུ་སློབ་གཉེར་ལ་སོང་བ་དང་ཡང་ན་ནང་དུ་ཕྱིའི་རིག་གནས་ལ་སློབ་སྦྱོང་མི་དམན་པ་བྱས་པའི་ཤེས་ལྡན་པ་མང་པོ་ནས་རྒྱའི་སྲོལ་རྒྱུན་རིག་གནས་ལ་རྙིང་བ་ཞེས་པའི་ཞྭ་མོ་བསྐོན་ཅིང་རྩ་བ་ནས་འདོར་བ་དང་ཁྱོན་ཡོངས་ནས་གསར་མའམ་ནུབ་ལུགས་སུ་བསྒྱུར་བའི་ལྟ་ཚུལ་དང་ལས་འགུལ་ཀྱང་སྐབས་དེ་དུས་བསླངས་ཤིང་།  ཚུར་ལེན་རིང་ལུགས་ཞེས་པའི་ཐ་སྙད་འདི་ཡང་དེ་དུས་སུ་བྱུང་བ་ཞིག་རེད།
  ང་ཚོར་རྙིང་བ་རྩ་གཏོར་ཟེར་བའི་ཁོ་ཚོའི་ནོར་འཁྲུལ་དེ་མི་དགོས་ན་ཡང་། དེང་གི་བོད་སྤྱི་ཚོགས་ཀྱི་རིག་གནས་དང་དཔལ་འབྱོར། ཆབ་སྲིད་ཀྱི་འཕེལ་ཚུལ་དང་བསམ་བློའི་འདུ་ཤེས་འཛིན་སྟངས་ཀྱི་འགྱུར་ལྡོག་སོགས་ཕྱོགས་གང་ཆར་དམིགས་པའི་ཚེ། ཁོ་ཚོས་ཚུར་ལེན་རང་ལུགས་ཟེར་བ་དེ་མི་མཁོ་རང་མཁོ་ཞིག་ཏུ་ཆགས་ཡོད་དེ།  ཕྱིའི་སྲིད་འབྱོར་རིག་གསུམ་དང་འབྲེལ་བའི་ཤེས་རིག་དག་བོད་རང་གི་སྐད་ཡིག་ཏུ་བསྒྱུར་ཏེ་ཚུར་བླངས་པ་ཡིན་ན་ད་གཟོད་རང་གི་ཤེས་རིག་གི་བང་མཛོད་གང་ཞིག་དགང་ཐུབ་ཅིང་། ཐུབ་པས་ན་དེ་ནི་ཟད་དུ་མེད་པའི་གཏེར་མཛོད་ཞིག་ཡིན་ནོ།། འོན་ཀྱང་། མིག་སྔར་བོད་རང་གི་སྤྱི་ཚོགས་ནང་འབྱུང་བཞིན་པ་ནི་དེ་ལས་ལྡོག་སྟེ་ཕྱིར་སྐྱེལ་རང་ལུགས་པ་སྟེ། ཐུན་མོང་མ་ཡིན་པའི་བོད་བརྒྱུད་ནང་བསྟན་གྱི་གསུངས་རབ་མཐའ་དག་ཕྱི་ལ་སྐྱེལ་བ་དང་། བོད་ཀྱི་ལག་རྩལ་དཔེར་ན། སྨན་སྦྱོང་དང་ས་གདན། ཐང་ག་སོགས་ཕྱི་ལ་སྐྱེལ་བ། ད་དུང་དེ་ལས་ཀྱང་མང་བའི་མངོན་ལྐོག་གང་རུང་གི་ཕྱིར་སྐྱེལ་སྣང་ཚུལ་ཀྱང་ངེས་པར་ཡོད་སྲིད་པས། མི་སྒེར་བྱེ་བྲག་གི་འཕྲལ་གྱི་བདེ་བ་ནི་དེ་ལྟར་འཚོལ་ཐུབ་ཀྱང་། མི་རིགས་སྤྱིའི་ཕུགས་ཀྱི་བདེ་སྐྱིད་ནི་གཏན་དུ་འབོར་གྱིན་ཡོད་ཨང་། འདིར་གོང་སྨོས་ནང་བསྟན་གྱི་གསུངས་རབ་བསྒྱུར་བའི་ཐད་མདོ་ཙམ་གླེང་པའི་དགོས་པ་ཡོད་པར་འདོད་དེ།  སྤྱིར་བཏང་ཆོས་ཀྱི་དགོངས་པ་དང་དམིགས་པ།  བྱེ་བྲག་ཆོས་པའི་དགོངས་པ་དང་དམིགས་པའི་ཆ་ནས་གླེང་ན་འདི་ནི་ཕུན་སུམ་ཚོགས་པའི་ཡན་ལག་ཞིག་ཡིན་པར་དོགས་པ་ཅུང་ཙམ་ཡང་མེད་མོད་ཀྱི།  ང་ཚོས་འཇིག་རྟེན་འདིའི་རང་གི་རིགས་དང་ཚོགས་པར་ཡང་བསམ་བློ་ཅུང་ཟད་གཏོང་དགོས་ཏེ།  སྔར་སྤུར་རྒྱལ་བཙན་པོ་རིམ་བྱོན་གྱི་སྐུ་རིང་ལ། ནང་བསྟན་འདི་དམ་པའི་ཆོས་སུ་མཐོང་ནས་ཞི་དྲག་གཉིས་ལྡན་གྱིས་རང་ས་རང་ཡུལ་གྱི་ཆོས་ལུགས་བོན་ཆོས་དེ་ཉམས་དམས་སུ་བྱས་ཤིང་། མཐར་བློས་ཁྱོན་ནས་བཏང་དེ་གཅེས་པའི་སྲོག་དང་མཁོ་བའི་རྒྱུ་མང་དུ་བཀོལ་ནས་གཞན་གྱི་རིག་གནས་འདི་སློབ་སྦྱོང་དང་ཚུར་ལེན་བྱས།  ཕྱིའི་ས་ཕག་རིན་གསུམ་དང་དགའ་ལྡན་ཕོ་བྲང་གི་དུས་སུ་ནི་གཞན་གྱི་རིག་གནས་འདི་ལ་བློ་སྦྱོང་དང་བཙོ་སྦྱངས་མང་དུ་བྱས་ཏེ་དཔལ་ནལེནྡྲའི་ཆོས་བརྒྱུད་གཙང་མ་རྒྱུད་འཛིན་དང་ཡང་བོད་རང་གི་ཁྱད་ཆོས་ཀྱིས་ཀྱང་ཟུར་བརྒྱན་ཡོད་པའི་རིག་གནས་ཐུན་མིན་ཞིག་ཏུ་ཆགས་ཤིང་རང་ཅག་གིས་ཀྱང་སྲོག་ལས་གཅེས་པའི་ནོར་བུར་བརྩི་ལ།  རིགས་གཞན་གྱིས་ཀྱང་འདིའི་རྐྱེན་གྱིས་བདག་པོ་ལ་བརྩི་མཐོང་མང་དུ་བྱེད།  དེ་བས་གཞན་གང་གི་དྲུང་སར་ཡང་འདི་ཁོ་ནས་མགོ་བོ་སྨད་མི་དགོས་པ་ཆགས་ཡོད་པས་མ་ཚད་གཞན་གྱི་མི་རིགས་དང་རྒྱལ་ཁབ་ཀྱི་བསམ་བློར་ཁྲིད་སྟོན་བྱེད་མཁན་གྱི་སྐྱེས་བུའང་མང་དུ་བྱུང་ཞིང་།  བསམ་བློའི་ཆ་ནས་དབང་བསྒྱུར་བའི་གོ་ས་བཟུང་ཡོད་པ་རེད་ལ། དེ་ལྟ་བུའི་གཞན་དང་མི་འདྲ་བའི་ཁྱད་ཆོས་ནི་སྔར་གྱི་མེས་པོ་དག་གི་བཀའ་དྲིན་ཡིན་པ་ནི་སྨོས་མ་དགོས་པ་ཞིག་རེད།  འོན་ཀྱང་དེང་སང་སྐད་རིགས་ལ་མཁས་པའི་ཆོས་པ་དང་སློབ་གྲྭའི་དགེ་རྒན་འགའ་ཞིག་གིས་བོད་རང་གི་རིག་གནས་ཀྱི་ཉིང་བཅུད་ལྟ་བུའི་བསྟན་བཅོས་དང་གསུངས་རབ་དེ་དག་ཕངས་པ་མེད་པར་ལག་པ་ཟུང་གིས་ཕྱིར་སྐྱེལ་གྱིན་ཡོད།  དེ་ལྟར་ན་ཆོས་ཀྱི་དོན་སྙིང་གི་ཆ་ནས་འགྲོ་དོན་མང་དུ་བསྐྱངས། གདུལ་བྱ་མང་དུ་རྒྱས་ཡོད་པ་རེད་མོད་ཀྱང་མི་རིགས་རང་གི་ཆ་ནས་དེ་ལ་བསམ་གཞིགས་རྣལ་དུ་ཐིངས་པ་ཞིག་གཏོང་འོས་བསམ།  ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན།  གལ་སྲིད་བོད་ཀྱི་མཁས་པ་དག་གི་རིག་པའི་ཉིང་བཅུད་དེ་དག་དེ་ལྟར་བསྒྱུར་བས་ཐོག་མའི་ཀུན་སློང་ལྟར།  དད་ལྡན་མང་དུ་བྱུང་བ་ཡིན་ན་ནི་ཆོས་ཀྱི་དགོངས་དོན་འགྲུབ་པ་ཡིན་ལ། འཇིག་རྟེན་གྱི་ཆ་ནས་ཀྱང་ཕྱོགས་སོ་སོའི་ལྟ་ཚུལ་མཐུན་པོ་འོངས་པའི་རྒྱུ་རྐྱེན་འགྲུབ་ངེས་པ་ཡིན།  ཡིན་ཀྱང་དེའང་ཕུགས་བསམ་ཙམ་དང་རེ་འདུན་ཙམ་གྱི་ཆ་ནས་གནས་པ་ལས་མདུན་སྐྱོད་ཆེན་པོ་མེད་སྙམ་དུ་བསམ། ལར་ཁོ་བོས་ནི་གསུངས་རབ་དེ་དག་ཕྱི་ལ་ངོ་སྤྲོད་རང་བཞིན་གྱི་བྱ་བ་ཙམ་བྱས་པས་ཆོག་སྙམ་ཏེ།  དེ་ལྟ་ན་དམིགས་པ་ཡང་འགྲུབ་ཡོད་ལ་ཕར་བསྐྱལ་བ་མ་ཡིན་བསམ།  ཡང་རྣམ་པའི་ཆ་ནས་གླེང་བར་བྱས་ན།  ནོར་བུ་གང་ཞིག་དགོས་འདོད་འབྱུང་བའི་རིན་ཆེན་ཡིན་ཚེ།  རང་མིས་ཕར་སྐྱེལ་མི་དགོས་ཀྱི་གཞན་གྱིས་ཚུར་སློང་ངེས་པ་དང་གཞན་དག་གིས་དཀའ་བ་ཁྱད་དུ་བསལ་ནས་ལེན་སྲིད་པས།   དོན་དམ་དུ་རྣམ་པའི་ཆ་ནས་བསམ་ཚེ་དེ་ལའང་ཤུགས་བསྟན་གྱི་དོན་སྙིང་གཞན་ཞིག་ཅི་ནས་མཆིས་སྙམ།  
གལ་སྲིད་མི་བུ་དེ་དག་ནས་རང་རེ་ཅག་གི་ལོ་ཙཱ་བ་དམ་པ་གོང་མ་དག་ལ་མིག་གིས་མི་ལྟོས་ན། འདིར་མིག་དཔེའི་ཚུལ་དུ་རྒྱའི་མཁས་པ་འགའི་མཛད་རྗེས་འགའ་ཞིག་དཔེ་ལ་འདྲང་པར་འདོད་དེ། སྔར་རྒྱ་ནག་གི་སློབ་དཔོན་ཞོན་ཙང་གིས་ཤེར་ཕྱིན་ཡོངས་རྫོགས་དང་བྱམས་ཆོས་སྡེ་ལྔས་གཙོས་ཁྱོན་བསྡོམས་གླེགས་བམ607བསྒྱུར་ཞེས་གུང་མགོན་པོ་སྐྱབས་ཀྱི་༼རྒྱ་ནག་ཆོས་འབྱུང༽དུ་འཁོད་ཡོད་ལ། བཀའ་དང་བསྟན་བཅོས་པོ་ཏི75ཡིག་བསྒྱུར་གནངས་བར་ཁྱོན་བསྡོམས་བམ་པོ1335ཡོད་པར་༼ཀྲུང་གོའི་སྒྲ་བསྒྱུར་ལོ་རྒྱུས༽སུ་གསལ། ཉེ་རབས་མཁས་པར་མཚོན་ན།    ཚོ་ཡིང(草婴)ནི་ཨུ་རུ་སུའི་ཕུལ་བྱུང་བརྩམས་ཆོས་བསྒྱུར་མཁན་ཞིག་ཏེ་སྒྲུང་གཏམ་དེབ་18རྒྱ་ཡིག་ཏུ་བསྒྱུར་ཅིང་ཧྥུ་ལེས(傅雷)་ནས་ཧྥ་རན་སིའི་བརྩམས་ཆོས་གྲགས་ཅན་དེབ་32བསྒྱུར།   བསྒྱུར་རྩོམ་དེ་དག་གིས་རྒྱ་ནག་རིག་གནས་འཕེལ་རྒྱས་ལ་ནུས་པ་དཔག་མེད་ཐོན་པ་ནི་བཤད་མ་དགོས་པ་ཞིག་རེད།  དེ་ལྟར་ང་ཚོར་མིག་དཔེ་མེད་པ་མིན་ལ། ང་ཚོས་བསྒྱུར་མ་ཤེས་པའང་ག་ལ་ཡིན། ཡིན་རྒྱུ་ནི་ང་ཚོར་ལེ་ལོ་ཆེ་བས་དང་མིག་རྒྱང་མེད་པས་དང་དེ་བས་ཀྱང་ཁ་གཡར་ས་མང་སོང་བས་རེད།  ང་ཚོས་ཡུལ་སྐད་ཡེ་ནས་མི་འདྲ་ཞེས་རྒྱ་སྐད་ལབ་ཅིང་།  བསྟན་པའི་ཆེད་དུ་ཞེས་གསུངས་རབ་བསྒྱུར།  འདི་ལྟར་ལོ་ངོ་བརྒྱ་སོང་ཚེ་ང་ཚོར་ཅི་ཞིག་ལྷག་སྲིད།   བོད་སྐད་བརྗེད་པའི་བོད་མི་དང་མཛོད་དུ་བསྡུས་པའི་བོད་ཡིག་གི་བསྟན་བཅོས་ལས་ཅི་ཡང་ལྷག་མེད་དོ།།
  ཚུར་ལེན་རིང་ལུགས་པ་དག་ལ་མཚོན་ན།  གཞན་གྱི་རིག་གནས་དང་སྤྱི་ཚོགས་ལས་ཉིང་བཅུད་དང་སྙིང་བོ་དེ་ལེན་དགོས་ཤིང་།   དེ་ལེན་པར་ཡིད་རྩིངས་པོ་དང་བློ་རགས་མོ་གཏན་ནས་བྱེད་མི་རུང་བར།   སྔོན་འགྲོའི་ཆ་རྐྱེན་ངེས་ཅན་ཞིག་ལྡན་ཚེ་ད་གཟོད་གཏེར་སྣ་ཀུན་འདུས་ཀྱི་སྒོ་མོ་འབྱེད་མཁན་དང་མེ་ཏོག་སྣ་བརྒྱའི་ལྡུམ་རྭ་དེར་འཁྲིད་མཁན་ཡིན།    དེ་བས་ཐོག་མར་བསྒྱུར་བྱ་དང་སྒྱུར་བྱེད་སྐད་ཡིག་ཟུང་གི་རིག་གནས་མ་ལག་ལ་ནང་བྱན་ཆུད་དགོས་པར་མཛད་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། དེ་ནས་འབོད་སླ་འཛིན་བདེ་འབྲུ་ཉུང་བའི་ཐབས་དམ་པ་ཞིག་བཙལ་ནུས་པ་ཡིན་ཚེ། རང་གི་མི་རིགས་ལ་བྱས་རྗེས་འཇོག་པའི་གོམས་པ་དང་པོ་དེ་སྤོས་ཟིན་པ་ཡིན་ཏེ།  བསྒྱུར་བའི་ལས་དེ་ཕན་པའི་སྨན་ཏུ་མ་སོང་ཡང་ཡ་ཕུགས་ཀྱི་ཁྱིམ་མཛོད་ཤོག་བུའི་དངུལ་ལ་བརྗེ་བ་ལྟར་གྱི་གནོད་པའི་དུག་ཏུ་མི་འགྲོ་བ་ནི་ཡིད་གཉིས་ཐེ་ཚོམ་མི་དགོས་སོ།།
       མདོར་ན། ང་ཚོར་མགོ་བོ་མཐོན་པོར་དགྱེ་ཆོག་པའི་རིག་གནས་ཤིག་ཡོད་ཀྱང་དེ་ལ་དུས་རབས་གསར་བའི་སྲོག་མ་ཞུགས་ན་ནམ་ཞིག་བ་ཚའི་དྲི་ངན་མི་འཐུལ་བ་མི་སྲིད་པས།  ཚུར་ལེན་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་ཆགས་ཡོད།  དེ་བས་ལོ་ཙཱའི་ལས་རིགས་ལ་མཐོང་ཆེན་བླ་ལྷག་མཛད་དེ་གཞན་གྱི་འཛད་པ་མེད་པའི་གན་མཛོད་ཀྱི་སྒོ་མོ་ཕྱེས་པ་ཡིན་ན། ད་གཟོད་ངེས་དོན་གྱི་འཇིག་རྟེན་མིག་ཏུ་གདགས་པར་སྤོབས་པས་གཉན་འཕྲང་གི་གནས་སྐབས་འདིར་དེ་ཉིད་སེམས་སུ་འཛིན་རྒྱུ་གལ་ཆེར་མཐོང་ངོ་།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚུར་ལེན་དང་ཕར་སྐྱེལ།

2012-06-12 གཡུ་ཆུང་།༼པེ་ཅིང་༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།