བོད་མོའི་ཁེ་དབང་དང་ཟུར་ཉན།

                             ____སྐྱེས་མ་ཚེ་ཆུང་ལས་འཕྲོས་ཏེ་བོད་མོའི་ཁེ་དབང་ཐད་ལ་རང་གི་སྐད་ཆ་ཞིག་ཕབ་པ།
 
      དེ་རིང་ནི་སྤྱི་ལོ་༢༠༡༢ལོའི་ཟླ༣པའི་ཚེས་༢༠རེད་ལ་ཁོ་བོ་དཔེ་དེབ་ཅིག་གི་དོད་དུ་རྫོང་ལ་སོང་སྟེ་ཕྱིར་ཕ་ཡུལ་དུ་ལོག་པ་ན།ཕ་ཡུལ་གྱི་སྒོ་འགྲམ་ཕྱི་ནང་ཐམས་ཅད་ན་རྒྱུན་ལྡན་མ་ཡིན་པའི་ལྷིང་འཇགས་ཀྱི་མཁའ་དབུག་ཅིག་ལང་ལོང་དུ་འཐིབ་ཀྱིན་འདུག་ལ།     སྤུ་མདོག་དམར་སེར་དུ་གྱུར་བའི་ངེད་ཚང་གི་སྒོ་ཁྱི་སྙིང་རྗེ་བོ་དེས་ཀྱང་དམིགས་བསལ་བའི་མགྲོན་པོ་ཞིག་གམ་རྒྱུན་ལྡན་མ་ཡིན་པའི་འགྲུལ་བ་ཞིག་ཐོན་ཡོད་པའི་རྣམ་འགྱུར་ཞིག་བསྟན་ནས་འདུག   ཁོ་བོས་ཀྱང་ཅི་ཡིན་ཆ་མ་འཚལ་བས་ངང་མྱུར་དུ་རྒྱབ་ཁུག་དང་དཔེ་ཆ་རྣམས་ལག་ཏུ་བཟུང་སྟེ་གསུམ་ཐོག་གམ་ཐོག་ཁང་དུ་ཡོང་བ་ན།     ཐོག་ཁང་གི་སྒོ་འགྲམ་དུ་མ་ཐོན་པའི་གོམ་པ་གསུམ་བཞི་ཙམ་ལ་ཐོན་དུས་བུད་མེད་ཅིག་གིས་ངུ་འབོད་རྒྱག་གིན་ཡོད་པ་ཐོས་བྱུང་།   གསལ་བོར་ཉན་པ་ན་བུད་མེད་དེ་ནི་ངེད་ཚང་གི་ཉེ་མི་ཞིག་རེད་ལ།བདག་གི་ཕུ་བོ་ཆེ་བ་དང་ཉེ་མི་རྒན་པོ་སྐོར་ཞིག་གི་འགྲམ་ན་ངུ་སྐད་དང་བཅས་སྡུག་གཏམ་ཡིད་སྐྱོ་བོ་ཞིག་རྒྱག་གིན་འདུགདེའི་ཕྱིར་ང་ཡང་རྟབ་རྟབ་པོར་གྱུར་བྱུང་ལ།  གནད་དོན་ཅི་ཡིན་ཧ་མ་གོ་བས་ངང་ཁོ་ཚོ་ཡོད་པའི་ཕར་ཕྱོགས་ཀྱི་ཁང་མིག་ཅིག་ཏུ་བསྡད་དེ་གསལ་བོར་ཉན་པ་ན།   རེ་ཞིག་གི་འཕྲོར་གཞི་ནས་གནད་དོན་དེ་རྟོགས་བྱུང་ལ་སྐབས་འདིར་བདག་གིས་ཀྱང་བསམ་གཞིགས་བྱེད་བཞིན་པའི་གནད་དོན་གྱི་ཆ་ཞིག་ཀྱང་འདིའི་སྐོར་ཡིན་ཕྱིར།བློ་རིག་སྒྲིམ་སྟེ་མོའི་བཤད་པའི་སྐད་ཆ་རེ་རེ་དང་གཞན་རྒན་པོ་ཚོས་ལན་ཇི་ལྟར་འདེབས་ཚུལ་སོགས་ལ་ནན་ཏན་གྱིས་ཉན་ཏེ་བསམ་གཞིགས་བྱས་ནས་བསྡད་པ་ཡིན།
  རེད་དེ།   ད་ནི་བརྗོད་བྱ་དངོས་ལ་འབབ་པར་བྱ།
  སྤྱིར་སྐྱེས་མ་ཚེ་ཆུང་ལ་མཚོན་ན་མོ་ལོ་ཉེར་བརྒྱད་ལ་ཐོན་པའི་ཞང་གྲོང་གི་བུད་མེད་དཀྱུས་མ་ཞིག་རེད་ལ།   ལོ་ངོ་བདུན་བརྒྱད་ཙམ་གྱི་ཡར་སྔོན་ནས་ཁྱིམ་ཚང་གཞན་ཞིག་ཏུ་གནས་ལ་སོང་སྟེ་སྐབས་འདིར་བྱིས་པ་ལྔ་ཙམ་གྱི་ཨ་མར་གྱུར་འདུགཡིན་ནའང་།  ཁོ་ཚོས་བཤད་ཚོད་ལ་ད་ནང་ནམ་མ་ལངས་བའི་སྔ་རོལ་དུ་བུ་མོ་ཚེ་ཆུང་གིས་ཟླ་འགའ་ཙམ་ལོན་པའི་བྱིས་པ་ཞིག་རྒྱབ་ལ་འཁུར་ཏེ་ངེད་ཚང་དུ་ཐོན་བྱུང་བ་རེད་ཟེར།   འདི་ལྟར་ནམ་མ་ལངས་བའི་སྔ་རོལ་ཞིག་ཏུ་མནའ་མ་ཞིག་གློ་བུར་བས་ཁྱིམ་ཚང་གཞན་ཞིག་ཏུ་ཐོན་བྱུང་བའི་རྒྱུ་མཚན་དང་ཡང་ན་ཡོང་དགོས་པའི་གནད་དོན་དེ་སྤྱིར་བཏང་གི་བྱ་བ་ཞིག་ག་ལ་ཡིན།མ་ཡིན་ཏེ་དེ་ནི་ང་ཚོ་བོད་ཀྱི་ཞང་གྲོང་གི་བུད་མེད་ཅིག་ཡིན་པས་སོ།།
   སྤྱིར་བོད་ཀྱི་ཞང་གྲོང་གི་བུད་མེད་མང་ཆེ་བ་ནི་སྐྱེས་པ་ཚོའི་བྲན་གཡོག་གམ་འཇིག་རྟེན་འདིར་སྐྱེས་མ་ཐག་ནས་སྐྱེས་པ་ཚོའི་ཞབས་ཞུ་མཁན་ཞིག་ཏུ་ཆགས་ཡོད་པའི་སྣང་ཚུལ་འདིའི་འོག་ནས་བོད་ཀྱི་བུད་མེད་མང་ཆེ་བ་ཞིག་གི་མི་ཚེ་དེ་གཉོམ་ཆུང་དང་སེམས་ངལ་གྱི་ངང་ནས་རྒས་ཀྱིན་ཡོད་པ་རེད།   འདིས་ཀྱང་འགྲོ་བ་མིའི་རིགས་ཀྱི་ཁེ་དབང་དང་འདྲ་མཉམ་ཞེས་གླེང་བཞིན་པའི་ཐ་སྙད་འདི་ལ་འགས་གཏོར་བཟོས་ཡོད་པ་མ་ཟད།   མི་རིགས་ཤིག་གི་ཚུལ་འཆོས་ཀྱི་སྣང་བརྙན་ཞིག་ཀྱང་གསལ་བོར་བསྟན་ཡོད་པ་མ་ཡིན་ནམ།  དེ་ལྟར་བུ་མོ་ཚེ་ཆུང་ལ་མཚོན་ནའང་གོང་གི་དེ་ལས་མ་འདས་པའི་ཞང་གྲོང་གི་བུད་མེད་དཀྱུས་མ་ཞིག་ཡིན་པ་མ་ཟད་འགྲོ་བ་མིའི་ཁེ་དབང་དང་ཕོ་མོ་འདྲ་མཉམ་གྱི་ཟས་བཅུད་ཅུང་ཙམ་ཡང་རེགས་ཐུབ་ཀྱིན་མེད་པའི་ཉམས་ཆུང་ཞིག་རེད།  ཁོ་མོ་སློབ་ཆུང་འགྲིམ་རྗེས་སུ་སློབ་གྲྭར་འགྲིམ་པའི་གོ་སྐབས་མ་རྙེད་པ་དང་ལོ་ངོ་ཉེར་གཉིས་ཙམ་ལ་སོན་རགས་བར་དུ་ཕ་ཁྱིམ་ལས་ལས་ཀ་རྐྱང་རྐྱང་གི་འོག་ནས་ནར་སོན།དེའི་རྗེས་སུ་ཁོ་མོ་ཕ་མ་ཚོས་བཀོད་སྒྲིག་ལྟར་གནས་ལ་ཕྱིན་ཞིང་ད་བར་དུ་གནས་ཚང་ཚང་དུ་ལས་ཀ་ལས་ནས་འཚོ་བ་སྐྱེལ་ནས་འོང་བ་ཞིག་རེད།     ཡིན་ནའང་མོའི་འཚོ་བ་སྐྱེལ་སྟངས་དེ་ནི་ང་ཚོ་བོད་ཀྱི་ཞང་གྲོང་གི་བུད་མེད་ལས་སྡུག་ཚོའི་འཚོ་བ་སྐྱེལ་སྟངས་ཀྱི་མཚོན་བྱེད་ཅིག་སྟེ།   བྲན་གཡོག་ལམ་ལུགས་ཀྱི་ངོ་བོ་ཞིག་ལས་མ་འདས་པའི་མཚོན་བྱེད་ཅིག་ཀྱང་རེད།
      སྐྱེས་མ་ཚེ་ཆུང་གི་འཚོ་བའི་གནས་སྟངས་དང་མནར་གཅོད།
  མོའི་སྙིང་གཏམ་དང་ཡང་ན་ཁོ་བོས་རྒྱུས་ལོན་བྱས་པའི་གནས་ཚུལ་ལྟར་ན།    སྐྱེས་མ་ཚེ་ཆུང་ཁྱིམ་ཚང་དེ་རུ་གནས་ལ་སོང་ཕྱིན་གྱི་ཟླ་གཅིག་ཙམ་འགོར་བ་ནས་བཟུང་མོས་བདེ་སྐྱིད་ཟེར་བ་ཞིག་ཅུང་ཙམ་ཡང་ཐོབ་མ་མྱོང་སྟེ།ནམ་རྒྱུན་ནང་སྔ་མོར་ཁྱིམ་མི་ཚང་མ་ཡར་མ་ལངས་གོང་ནས་ཞོགས་ཟས་གྲ་སྒྲིག་དང་ཁོ་ཚོར་སྟབས་བདེ་བོས་ངང་ནས་དགའ་སྤྲོ་སྐྱེས་སུ་འཇུག་པ་དང་།  ཡང་ན་ཉིན་གོང་གི་ཟ་མ་དང་ནུབ་ཟས་སོགས་རེ་རེ་ནས་ཕུན་སུམ་ཚོགས་པ་བཟོ་དགོས་པ་མ་ཟད།   ཁོ་ཚོར་ཉིན་གཅིག་གི་བདེ་ཐང་དང་སྤྲོ་སྣང་ཡོད་ཚད་མནའ་མ་ཚེ་ཆུང་གཅིག་པུས་ཁ་སྐོང་བཟོ་ཅི་ཐུབ་བྱ་དགོས་པ་རེད།    ད་དུང་དེ་ཙམ་གྱིས་ག་ལ་ཆོག  ཉིན་གཅིག་གི་ཐེངས་གསུམ་གྱི་ཟ་མ་བཟོ་བ་དེ་ཕར་བཞག་ནས་བཤད་ན།  ད་དུང་ཁོ་ཚོའི་གྱོན་གོས་སོགས་རེ་རེ་ནས་བཀྲུ་བ་དང་རྟ་ནོར་རྣམས་འཚོ་སྐྱོང་།    ལྕི་བ་སོགས་ཡར་ལེན་མར་ལེན།མདོར་ན་ཁང་བའི་སྒོ་ཕྱི་ཁྱིམ་སོགས་ཚང་མ་མོ་གཅིག་པུས་འགན་ཁུར་དགོས་པ་མ་ཟད་བྱིས་པ་སྣབ་ལུགས་ཚོའི་ནར་སོན་ཡང་མོ་གཅིག་པུས་འགན་ཁུར་དགོས་པ་རེད།    རེད་དེ།  དེ་ནི་སྐྱེས་མ་ཚེ་ཆུང་གཅིག་པུ་ལས་གཞན་བུད་མེད་ཚོས་དེ་འདྲ་སྡུག་མྱོང་གིན་མེད་པ་མ་ཡིན་ཏེ་དེ་དག་ནི་ང་ཚོ་བོད་ཀྱི་བུད་མེད་མང་ཆེ་བ་ཞིག་གི་རྒྱུ་ལྡན་གྱི་ལས་ཤིག་ཡིན་ཕྱིན་དེ་འདྲའི་ཡ་མཚན་ཞིག་མིན་ཡང་སྲིད་མོད།   ཁོ་བོས་བསམ་ན་དེ་དག་ནི་འུ་ཚང་གི་གོམས་གཤིས་རྫོབ་པོ་ཞིག་ཡིན་པས་བཅོས་བྱ་ཞིག་ཀྱང་རེད་སྙམ།   ད་དུང་སྐྱེས་མ་ཚེ་ཆུང་ལ་མཚོན་ན་དེ་ཙམ་གྱིས་ཅི་ཡང་མ་ཡིན་ཏེ།   མོས་རྒྱུན་དུ་དཀའ་སྡུག་གི་ལས་ཀ་ཅི་འདྲ་ལས་ནའང་ད་དུང་དེ་བ་ཚང་གི་ཁྱིམ་མི་ཚོས་མོ་ལ་སྐད་ཆ་བཤད་པའི་དབང་ཆ་མི་སྟེར་བ་མ་ཟད་མགོ་བོ་མཐོ་ཙམ་འཇོག་པའི་དབང་ཆ་ཞིག་ཀྱང་མེད་པ་རེད་ཟེར།  དེ་ནི་ཁྱོད་ཀྱིས་དངོས་སུ་དེ་ལྟར་བྱ་མི་ཆོག་ཅེས་ཁ་ཚོད་གཅོད་པ་མ་ཡིན་ཡང་ནམ་རྒྱུན་ཁྱིམ་ཚང་གང་བོས་མཉམ་དུ་དགའ་དགའ་སྤྲོ་སྤྲོས་ངང་ཟ་མ་ཟ་བ་སོགས་ཀྱི་སྐབས་སུ།     མོ་ལ་སྐད་ཆ་བཤད་པའི་གོ་སྐབས་མི་སྟེར་བ་མ་ཟད་མོས་བྱ་བ་ཅུང་ཙམ་རེ་འཁྱིག་སོང་ཚེ།   ཁྱོད་ཀྱི་དེ་ནོར་འཁྲུལ་ཆེན་པོ་ཡིན་ཞེས་དགག་པ་ཆེན་པོ་རྒྱག་པ་མ་ཟད་མོའི་ཁྱོ་ག་གཙོ་བྱས་པའི་ཁྱོ་གའི་ཨ་ཕ་སོགས་ཀྱིས་གཅར་རྡུང་དྲགས་པོ་བྱེད་པ་རེད་ཟེར། དེ་ལྟར་གཅར་རྡུང་དང་མནར་གཅོད་ཀྱི་ཁྲོད་ནས་མོས་འབད་འབད་སྒྲུབ་སྒྲུབ་ཀྱིས་དེ་བ་ཚང་གི་ཡོད་ཚད་ལ་འགན་ཁུར་ཅི་ཐུབ་བྱས་པ་རེད་ལ།    དེ་དག་ནི་སྡུག་བསྔལ་གྱི་རྒྱུ་ཞིག་ཅི་ལ་མ་ཡིན།ད་དུང་དེ་ལས་ཀྱང་སེམས་ངལ་ཞིག་ཡོད་པ་ནི་མོའི་ཁྱོ་ག་ཟླ་བ་བཞི་ལྔ་རེ་ཡི་རིང་གནས་གཞན་དུ་བུད་འགྲོ་བ་དང་མོ་ལ་སྐོར་གཅིག་ཀྱང་མི་རྒྱག་པ་རེད་ཟེར།གལ་ཏེ་ཁོ་རང་ཐེངས་གཅིག་རེར་ཡོང་ནའང་མོའི་ནོར་འཁྲུལ་ཞིག་བཙལ་ནས་གཅར་རྡུང་བྱེད་པ་དང་ཧ་ཅང་སྡིག་མོད་རྒྱག་པ་རེད་ཟེར།  ཁོ་མེད་ཤུལ་དུ་ཁོའི་ཨ་ཕས་དེ་ལྟར་མོ་རང་གཅར་རྡུང་དང་སྡིག་མོད་རྐྱང་རྐྱང་གི་འོག་ནས་འཚོ་བ་སྐྱོང་བ་ཡིན་ཟེར།   དེའི་ཕྱིར་ལོ་ངོ་དེ་དག་གི་རིང་ལ་མོའི་སེམས་ལ་ན་ཟུག་དང་སྡུག་བསྔལ་རྐྱང་རྐྱང་ལས་བདེ་སྐྱིད་ཟེར་བ་ཞིག་ཏོག་ཙམ་ཡང་མཐོང་མ་མྱོང་། ད་ནི་ངས་མནར་གཅོད་འདི་བཟོད་མི་ཐུབ་འདུག  དེའི་ཕྱིར་ང་རང་གནས་ཁྱིམ་ཚང་ནས་བྲོས་ཡོང་བ་ཡིན་ཟེར།   ཞེས་སྐྱེས་མ་ཚེ་ཆུང་གིས་དེ་ལྟར་སྙིང་གཏམ་ཡིད་སྐྱོ་བོ་གང་མང་ཞིག་མོའི་ཨ་ཞིང་དང་ཨ་མྱེ་སོགས་ཀྱི་སྔོན་ན་མིག་ཆུ་ཤར་ཤར་ཞིག་དང་ལྷན་དུ་འཕང་བྱུང་།ཡིན་ནའང་ཨ་ཞིང་ཨ་མྱེ་སོགས་ཀྱིས་མོའི་སྐད་ཆ་དེ་དག་རྒྱབ་ཏུ་དོར་ནས་ད་དུང་ཁྱོད་དེ་བ་ཚང་ལ་ཕྱིར་འགྲོ་དགོས།   ཕྱིར་མ་སོང་ན་དེ་འུ་ཚོའི་ངོ་ཚ་ཆེན་པོ་ཞིག་རེད། དེ་དཔེ་ངན་པ་ཞིག་རེད། མནར་གཅོད་དེ་དག་ཁྱོད་ཀྱིས་བཟོད་བསྲན་བྱེད་དགོས། དེ་ང་ཚོ་ཨ་ཞིང་ཨ་མྱེ་ཚོས་རེ་བ་ཡིན། གལ་ཏེ་ཁྱོད་ཀྱིས་ང་ཚོ་ལ་ཁ་ངོ་ཞིག་སྟེར་ན་དེ་རིང་ནས་ཁྱོད་མྱུར་དུ་ཕྱིར་འགྲོ་དགོས།   དེ་རིང་ཁྱོད་ཕྱིར་མ་སོང་ཚེ་རྗེས་ཕྱོགས་ཁྱོད་ལ་ང་ཚོ་ལྟ་བུའི་ཨ་ཞིང་ཨ་མྱེ་ཞིག་མེད།   ཅེས་མོ་རང་མདུན་རྒྱབ་གང་དུ་འགྲོ་དགོས་མི་ཤེས་པའི་སྐད་ཆ་ལྕི་མོ་ཞིག་བཤད་བྱུང་། དེའི་བཞུགས་ནས་མོ་ལའང་ཅི་ཡང་བཤད་དུ་མེད་པར་མགོ་བོ་དུད་ནས་མིག་ཆུ་ཤུམ་ཤུམ་གྱིས་བསྡད་འདུག  སྐབས་དེར་ཁོ་བོའི་སེམས་ལ་བཟོད་ཀྱིས་མི་ལང་བའི་ན་ཟུག་ཅིག་འཕྱུར་ཡོང་ལ་ཐེ་ཚོམ་མེད་པར་ཁོ་ཚོའི་འགྲམ་དུ་རྒྱུགས་སོང་བ་ཡིན། ཐོག་མར་ཁྱེད་ཚོ་རྒན་རབས་པ་ཚོའི་སྔོན་ནས་ངས་སྐད་ཆ་ཞིག་བཤད་ཚེ་མི་འོས་པའི་ལས་ཤིག་ཏུ་སྣང་སྲིད་མོད། གལ་ཏེ་མ་འགྲིག་ས་ཡོད་ན་དགོངས་དག་ཞུས་པ་ཡིན། དེ་རིང་ཁྱོད་ཚོའི་བཤད་པའི་ཁ་བརྡ་ཚང་མ་ངས་གོ་སོང་ལ་ཚང་མ་ཟིན་བྲིས་སུ་བཏབ་པ་ཡིན།   འོན་ཀྱང་ཁྱེད་ཚོས་འདི་ལྟར་བཤད་ཚེ་ཁོ་བོ་ལའང་རང་དབང་མེད་པར་བཤད་འདོད་པའི་སྐད་ཆ་ཞིག་ཐོན་བྱུང་།   ད་ལྟ་གོང་ནས་བུ་མོ་ཚེ་ཆུང་གིས་ལོ་ངོ་གང་མང་ཞིག་གི་རིང་སྡུག་བསྔལ་གྱི་འཚོ་བ་ཡིད་སྐྱོ་བོ་ཞིག་རོལ་ནས་འོང་བ་དེ་གསལ་བོར་བཤད་པ་དང་མོ་རང་ཉིད་ཀྱིས་གདམས་གསེས་བྱས་པའི་ལམ་ཁ་དེར་བརྒྱུད་ནས་ཐོན་ན་ཡང་།  ད་དུང་ཁྱོད་ཚོས་དེ་ལ་བསམ་གཞིགས་ཅི་ཡང་མི་གཏོང་བར་ཁྱོད་ཚོ་རང་ཉིད་ཀྱི་ཁ་ངོ་ཙམ་དང་།   ཡང་ན་གཞན་གྱི་མི་ཁ་ཙམ་གྱི་དོད་དུ་མོའི་ཁེ་དབང་ཡོད་ཚད་རྡོག་རོལ་གཏོང་གིན་འདུག     ད་དུང་ཁྱོད་ཚོས་བཤད་སྟངས་ལ་ང་ཚོ་ཤེས་པ་མིན་ཡང་རྒས་པ་ཡིན་ཟེར། རེད་་་ ཁྱོད་ཚོ་ཤེས་པ་མ་རེད་རྒས་པ་རེད།དེ་ན་མ་ཤེས་པར་རྒས་སོང་བ་ཙམ་གྱིས་གོ་ཆོད་སོང་བ་ཨེ་རེད།  དེ་འདྲ་ཡིན་ན་ད་ལྟ་འཛམ་གླིང་གི་མི་ཡོད་དོ་ཅོག་གིས་འདི་ལྟར་དཀའ་སྡུག་དང་སེམས་ངལ་གྱི་སྒོ་ནས་ཕྱོགས་མང་བོ་ཞིག་ལ་སློབ་སྦྱོང་བྱས་ནས་འགྲན་རྩོད་བྱ་དགོས་དོན་མེད་ག  ད་དུང་ཁྱོད་ཚོའི་ཁ་ངོ་ཙམ་གྱི་ཆེད་དུ་བུ་མོ་ཚེ་ཆུང་གི་མི་ཚེ་གང་བོའི་བདེ་སྐྱིད་ཡོད་ཚད་སྡུག་བསྔལ་དུ་བསྒྱུར་དགོས་སོང་བ་ཨེ་རེད།  དེ་ནི་སྒེར་གཅོད་པའི་བྱ་བ་རེད།  དེ་ནི་སྒེར་གཅོད་ལས་ཀྱང་སྒེར་གཅོད་རེད།   
དེ་རིང་ངས་འདི་ལྟར་བཤད་དུས་ཁྱོད་ཚོ་ལ་རྣ་བར་མི་འགྲོ་བའི་སུན་སྣང་ཞིག་སྐྱེས་སྲིད་དེ།  དེ་ནི་འུ་ཚོའི་ཁོར་ཡུག་འདི་ན་རྒན་པ་ཚོའི་སྒེར་གཅོད་ཀྱི་གོམས་གཤིས་དེ་ཤུགས་དྲག་སོང་བས་དང་ཡང་ན་ན་གཞོན་ཞིག་གིས་འདི་ལྟར་བཤད་མྱོང་མེད་པས་རེད།དེ་ཁྱོད་ཚོར་ཁག་མི་འདུག   ད་དུང་་་་ཞེས་ངས་བཤད་བཞིན་པའི་སྐབས་སུ་ཨ་ཞིང་ཞིག་གིས་ཁྱོད་གྱིས་བཤད་བཞིན་པ་དེར་གོ་རྒྱུ་ཅི་ཡང་མི་འདུག   ཡང་གཅིག་བཤད་ན་ཁྱོད་ཚོ་སློབ་གྲྭ་པ་ཚོས་འདིའི་སྐོར་ནས་ཅི་ཡང་ཤེས་ནི་མ་རེད།    ད་དུང་ཁྱོད་ལ་འདིར་སྐད་ཆ་བཤད་པའི་དབང་ཆ་མེད།   ཁྱོད་མར་སོང་།  ཞེས་ཁོ་བོའི་སྐད་ཆ་དེ་བཤད་མཚམས་བཅད་པ་མ་ཟད་ཁོ་བོ་ཕྱི་སོར་འགྲོ་རུ་བཅུག་སོང་།   དེ་དང་མཉམ་དུ་ང་ལའང་སེམས་ངལ་ཞིག་ལས་ཐབས་གཞན་ཅི་ཡང་མ་རྙེད་པར་གྲོགས་པོ་ཞིག་གི་དེར་བྱིན་སོང་བ་ཡིན།ཉིན་གཉིས་ཀྱི་རྗེས་སུ་ཕྱིར་ཕ་ཡུལ་དུ་སོང་བ་ན་བུ་མོ་ཚེ་ཆུང་མི་འདུགདེའི་ཕྱིར་ངེད་ཚང་གི་མནའ་མར་དྲིས་པ་ན་བུ་མོ་ཚེ་ཆུང་ཁོ་ཚོས་བཀོད་སྒྲིག་ལྟར་ཕྱིར་གནས་ཁྱིམ་ཚང་དུ་སོང་ཚར་བ་རེད་ཟེར།   དེ་དང་ཆབས་གཅིག་ཏུ་ཁོ་བོའི་སེམས་ལའང་བུ་མོ་དེས་མི་ཚེ་གང་བོར་སྡུག་བསྔལ་དང་མནར་གཅོད་ཀྱི་འོག་ནས་འཚོ་བ་སྐྱེལ་དགོས་རྒྱུ་རེད་སྙམ་པ་ལས་བསམ་ཚུལ་གཞན་ཞིག་སྐྱེས་མ་སོང་།
  སྐྱེས་མ་ཚེ་ཆུང་གི་ཟུར་འཕྲོས་དང་མཇུག་གཏམ་ཐུང་ཐུང་།
  རེད་དེ་འདི་ལྟ་བུའི་གོམས་གཤིས་ཤིག་གི་འོག་ནས་ད་དུང་འུ་ཚོས་འདྲ་མཉམ་དང་འགྲོ་བ་མིའི་ཁེ་དབང་སོགས་ཐ་སྙད་ལྗིད་པོ་རྣམས་བརྗོད་ཚེ་དེ་ལ་རིན་ཐང་འདུག་གམ།   དེ་ལ་གནས་ལུགས་ཡོད་དམ།    འདི་ནི་སྒེར་གཅོད་རིང་ལུགས་པའི་བྱ་སྤྱོད་ཅིག་མ་རེད་དམ།  ད་དུང་ང་ཚོས་ཕྱི་རུ་སྡིག་སྨེ་འདོན་པ་ལས་ནང་གི་སྤྱོད་ངན་དེ་དག་བཅོས་ན་མི་འགྲིག་གམ།  འདི་ནི་སྐྱེས་མ་ཚེ་ཆུང་གི་གཏམ་རྒྱུད་ཅིག་ཡིན་ནའང་གཏམ་རྒྱུད་འདི་དང་འབྲེལ་བའི་མི་མོ་ཚོའི་འཚོ་བ་ཡིད་སྐྱོ་བོ་དེ་ནི་འུ་ཚོའི་འཚོ་བའི་ཁྲོད་ན་ས་ཁྱབ་རྡོ་ཁྱབ་ཡིན་པས།  ད་ནི་ང་ཚོས་ཀྱང་གནས་ལུགས་ཤིག་རྟོགས་ན་འགྲིག  ད་ནི་ང་ཚོས་ཀྱང་རང་སྐྱོན་རང་གིས་ཟིན་ན་འགྲིག  ད་ནི་ང་ཚོས་རང་སྐྱོན་རང་གིས་བཅོས་ཕོད་པའི་བསམ་བློ་ཞིག་གསོ་སྐྱོང་བྱ་དགོས་པ་མ་ཟད།  རང་གི་ནད་ངན་དེ་ཕྱིར་དོར་ནས་མ་འོངས་པའི་ལམ་ཁ་དེ་བདེ་ཐང་དང་སྟོབས་ཤུགས་གཉིས་འཛོམས་ཀྱིས་ཡར་ཡར་སོང་ན་མི་འགྲིག་གམ།
               ཞེས་སྤྱི་ལོ་༢༠༡༢ལོའི་ཟླ་༣པའི་ཚེས་༢༠ཉིན་ཟིན་བྲིས་སུ་བཏབ་པ་དང།
                                                                     ཟླ་༣པའི་ཚེས་༢༥་ཉིན་བཅོས་ནས་གྲུབ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་མོའི་ཁེ་དབང་དང་ཟུར་ཉན།

2012-06-09 སྙུག་བཅུད་ལེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།