སྟོན་ཀ་དང་ཁྱོད།

དམེ་ཤུལ་རྣམ་ཐར་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-07

           ༡
  སྡོང་ལོ་ཡོངས་སུ་ཐོགས་ནས་ཡང་བསྐྱར་ས་རུ་ཟེགས་སོང་། ནམ་ཟླ་སྟོན་ཀ་ཡིན་པའི་གསལ་འདེབས་དེས་ཤ་མཆིན་པའི་སྟེང་འོག་བརྗེ་བའི་སྨྲེང་སྐྱོ་ཞིག་བསླངས་སོང་། དེ་ནི་དུས་ཚིགས་ཤིག་གི་འགྱུར་བ་ཁོ་ན་ལན་པ་མ་ཡིན་པར་འདས་སོང་གི་གཏམ་རྒྱུད་ཅིག་ལ་རག་ལས་པ་འདྲ།
          ༢
  རླུང་བུ་ལྡོམ་པོ་དེའི་གཡུག་སྟངས་ལན་སོང་བ་་ཡིན་ནམ་སྡོང་ལོ་ས་རུ་ཟེགས་འདུག རོལ་དབྱངས་འཁོར་བའི་ཕྱི་གླིང་གི་མཚོ་འགྲམ་དེ་ནས་ཁྱོད་ཀྱིས་སུ་ཞིག་དྲན་པའི་མིང་གིས་ཡང་ཡང་བོས་རྗེས། རྒྱ་མཚོའི་ཕ་མཐར་ཅེར་ནས་རྩྭ་ཐང་དང་ཁོ་མོ་ཞལ་རས་མཐོང་ན་བསམ་བྱུང་།  ཏག་ཏག་ནམ་ཟླ་སྟོན་ཀ་ལན་པ་མ་ཡིན་པར་འདས་སོང་གི་གཏམ་རྒྱུད་ཅིག་ལན་སོང་།
              ༣
  ཡོད་ཚད་ལ་གསེར་མདོག་གི་སྟོབས་ཀྱིས་ཁེངས་བའི་དུས་ཚིགས་འདིར་སྡོང་ལོ་ས་རུ་འཐོར་གྱིན་འདུག
  སྟོན་ཀ་དེར་ཁྱོད་ཀྱི་རྒྱུས་མངའ་བའི་རྒྱབ་གཟུགས་དེས་ཁོ་མོར་དྲན་ཤིང་དང་མིག་ཆུ་བཞག་ནས་རྒྱང་རིང་རྒྱང་རིང་ལ་ཆས་སོང་།
  དེ་དུས་མ་འོངས་མཛེས་སྡུག་གི་མནའ་ཚིག་ཀྱང་གང་མང་བཏབས་སྐད།རེད་དེ། འབྱུང་འགྱུར་ནི་མནའ་ཚིག་གིས་ཀྱང་སྡོམ་མི་ཐུབ་པའི་གཟུགས་མེད་ཀྱི་རལ་གྲི་ཞིག་ཡིན་པར་སུས་ཀྱང་བསམས་མ་མྱོངས།
                 ༤
   ལོ་ཟླ་གང་མང་ཞིག་གི་སྟོན་ཀར་ཁྱོད་ཀྱིས་གཏན་དུ་ཁྱོད་ལ་མི་དབང་བའི་ཁོ་མོ་ད་དུང་ཧ་ཅང་དྲན་གྱིན་འདུག
                                                                                                                        2010ལོའི་ཟླ9ཚེས20ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་ཀ་དང་ཁྱོད།

2012-06-07 དམེ་ཤུལ་རྣམ་ཐར་རྒྱལ། ཀློག་གྲངས། མཆན ཡོད།

           ༡
  སྡོང་ལོ་ཡོངས་སུ་ཐོགས་ནས་ཡང་བསྐྱར་ས་རུ་ཟེགས་སོང་། ནམ་ཟླ་སྟོན་ཀ་ཡིན་པའི་གསལ་འདེབས་དེས་ཤ་མཆིན་པའི་སྟེང་འོག་བརྗེ་བའི་སྨྲེང་སྐྱོ་ཞིག་བསླངས་སོང་། དེ་ནི་དུས་ཚིགས་ཤིག་གི་འགྱུར་བ་ཁོ་ན་ལན་པ་མ་ཡིན་པར་འདས་སོང་གི་གཏམ་རྒྱུད་ཅིག་ལ་རག་ལས་པ་འདྲ།
          ༢
  རླུང་བུ་ལྡོམ་པོ་དེའི་གཡུག་སྟངས་ལན་སོང་བ་་ཡིན་ནམ་སྡོང་ལོ་ས་རུ་ཟེགས་འདུག རོལ་དབྱངས་འཁོར་བའི་ཕྱི་གླིང་གི་མཚོ་འགྲམ་དེ་ནས་ཁྱོད་ཀྱིས་སུ་ཞིག་དྲན་པའི་མིང་གིས་ཡང་ཡང་བོས་རྗེས། རྒྱ་མཚོའི་ཕ་མཐར་ཅེར་ནས་རྩྭ་ཐང་དང་ཁོ་མོ་ཞལ་རས་མཐོང་ན་བསམ་བྱུང་།  ཏག་ཏག་ནམ་ཟླ་སྟོན་ཀ་ལན་པ་མ་ཡིན་པར་འདས་སོང་གི་གཏམ་རྒྱུད་ཅིག་ལན་སོང་།
              ༣
  ཡོད་ཚད་ལ་གསེར་མདོག་གི་སྟོབས་ཀྱིས་ཁེངས་བའི་དུས་ཚིགས་འདིར་སྡོང་ལོ་ས་རུ་འཐོར་གྱིན་འདུག
  སྟོན་ཀ་དེར་ཁྱོད་ཀྱི་རྒྱུས་མངའ་བའི་རྒྱབ་གཟུགས་དེས་ཁོ་མོར་དྲན་ཤིང་དང་མིག་ཆུ་བཞག་ནས་རྒྱང་རིང་རྒྱང་རིང་ལ་ཆས་སོང་།
  དེ་དུས་མ་འོངས་མཛེས་སྡུག་གི་མནའ་ཚིག་ཀྱང་གང་མང་བཏབས་སྐད།རེད་དེ། འབྱུང་འགྱུར་ནི་མནའ་ཚིག་གིས་ཀྱང་སྡོམ་མི་ཐུབ་པའི་གཟུགས་མེད་ཀྱི་རལ་གྲི་ཞིག་ཡིན་པར་སུས་ཀྱང་བསམས་མ་མྱོངས།
                 ༤
   ལོ་ཟླ་གང་མང་ཞིག་གི་སྟོན་ཀར་ཁྱོད་ཀྱིས་གཏན་དུ་ཁྱོད་ལ་མི་དབང་བའི་ཁོ་མོ་ད་དུང་ཧ་ཅང་དྲན་གྱིན་འདུག
                                                                                                                        2010ལོའི་ཟླ9ཚེས20ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།