ཨ་མའི་འོད་ལ་རེ་བའི་གཅེས་ཕྲུག་ཚོ།

ཀྱེ་ཕུར་མཆོག་གསུམ།༼རྨ་ཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-04

                                                      ___ཨ་མའི་འོད་ལ་རེ་བའི་གཅེས་ཕྲུག་ཚོ།
  བྱིས་པ་ཚོ། ཐོ་རེངས་ཀྱི་སྐར་ཆེན་ཏེ།ལང་ཚོ་ཡི་ཉི་གཞོན་ཆུང་ཆུང་འཇིག་རྟེན་ལ་ཁད་ཀྱིས་སྤྲས་ཀྱིན་འདུག
  བྱིས་པ་ཚོ། དཔྱིད་གསུམ་གྱི་ཆུ་མིག་སྟེ།གཉོམ་ཆུང་གི་འཛུམ་བག་ཕྲ་མོས་མི་ཡུལ་གྱི་སྐོམ་གདུང་སེལ་གྱིན་འདུག
  བྱིས་པ་ཚོ། གངས་ཁྲོད་ཀྱི་མེ་ཏོག་སྟེ།ལྷད་མེད་ཀྱི་བཀྲག་མདངས་ཁོ་ནས་སྤྱི་ཚོགས་ཀྱི་ནག་ཉེས་འཁྲུད་ཀྱིན་འདུག
  ངའི་བྱིས་པ་ཚོས། ཞོགས་པའམ་ས་སྲོས་གང་ཞིག་སྙན་འཇེབས་ཀྱི་རྫི་གླུ་ཁོ་ནས་བསུས་ཏེ།མི་ཡུལ་གྱི་ཟས་རིན་དང་པོ་ཨ་མའི་ལྷག་བསམ་ལས་བཏུས། དཔྱིད་ཀའམ་རེ་བ་གང་ཞིག་རྨི་ལམ་ཞིག་གི་འགྱུ་སྟངས་ལས་རྒུམ་ནས།   ལང་ཚོ་ཡི་བཀྲག་མདངས་ཐོག་མ་གངས་རིའི་ཁ་དོག་ལས་རྙེད།
  གྲོང་ཁྱེར་གྱི་རྫ་རྫིས་མ་གོས་པའི་བྱིས་པ་ཚོ།ཨ་མྱེས་ཀྱི་གནའ་གཏམ་མ་བོར་བའི་བྱིས་པ་ཚོ། ད་དུང་གློག་གི་རོལ་རྩེད་དང་སྒྱུ་མའི་གཡོ་རྒྱུས་མ་བསླད་པའི་བྱིས་པ་ཚོས། རྩྭ་ཐང་ན་མེ་ཏོག་གི་ཞྭ་མོ་བསླས་ཤིང་།ཐེ་ཀེ་དང་སྤོ་ཐོས་རྩེད་ར་སྒྲིག་གིན་འདུག
  གཅེས་ཕྲུག་ཚོ།དེ་རིང་ནི་ཁྱོད་ཚོའི་དུས་ཆེན་རེད། ཉིན་མོ་ལ་གཤོག་པ་ཐོགས་ཤིང་། ལང་ཚོ་ལ་འཇའ་སྤྲིན་འཁྱུད་པའི་ལྷ་ཡི་ཉི་མ།
  གྲོང་ཁྱེར་ན།ཙུང་ལི་དང་ཧྲུའུ་ཅི་ཞབས་ཐང་གིས་བསྐྱོད་དེ་བྱིས་པ་ཚོར་རྟེན་འབྲེལ་ཞུ་བཞིན་འདུག  གྲོང་ཁྱེར་ན། དཔོན་པོ་དང་འགོ་བ་སྒམ་བརླིང་གིས་ཕེབས་ཏེ་བྱིས་པ་ཚོར་སྨོན་ཚིག་འབུལ་གྱིན་འདུག
  ངའི་མར་ལོ་ལྟ་བུའི།མེ་ཏོག་ལྟ་བུའི། སྐར་ཕྲན་ལྟ་བུའི་གཅེས་ཕྲུག་ཚོའི། ཨ་མའི་ནུ་ཞོ་ཁོ་ན་འཇིག་རྟེན་གྱི་ཆེས་ཞིམ་པའི་བདུད་རྩི་སྟེ། གྲོང་ཁྱེར་གྱི་རིགས་མི་གཅིག་པའི་འཁྱགས་ཟས་དང་བྲོ་མི་འདྲ་བའི་ཞོར་ཟས་ཡིན།
  ངའི་འབའ་ལོ་ལྟ་བུའི།ཐེ་ཀེ་ལྟ་བུའི། སེམས་བུ་ལྟ་བུའི་གཅེས་ཕྲུག་ཚོའི། ཨ་ཕའི་སྒལ་གཞོང་ཁོ་ན་ནི་འཇིག་རྟེན་ན་ཆེས་བདེ་བའི་གྲོང་ཁྱེར་གྱི་གནམ་གྲུའི་གཤོག་པ་དང་འཕྲུལ་གྱི་འཁོར་སྒམ་ཡིན།
  དེ་རིང་།ང་ཡོད་སའི་རྫོང་མཁར་འདི་ནའང་། བྱིས་པ་ཚོས་གཟབ་འཕྱོར་སྤྲས་ཏེ། སྐེ་དཀྲིས་སྤྲས་ཏེ། སྒེག་རྫས་སྤྲས་ཏེ་རེ་བ་དང་སྤྲོ་བའི་བརྟས་པའི་ཞབས་བྲོ་འཁྲབ་ཀྱིན་འདུག
 དེ་རིང་ངས་མཐོང་བའི་མིག་ལམ་འདི་ནའང།བྱིས་པ་ཚོས་ཤོག་བྱ་སྤུར་ཏེ། སྤྲོ་བ་སྤུར་ཏེ། རང་དབང་སྤུར་ཏེ། མི་ཚེ་ལ་བདེ་སྐྱིད་བསུ་བཞིན་འདུག
ངའི་བྱིས་པ་ཚོ།དེ་སྔ་རྐྱང་ཁྱུས་བང་རྩལ་འགྲན་མྱོང་སའི་སྤང་ཐང་དེ་ན། དེ་སྔ་དགོ་ཁྱུ་ལུག་ལ་འདྲེས་མྱོང་སའི་ན་ཁུག་དེ་ན། དེ་སྔ་འབྲོང་གི་བཞུར་ལམ་ཁེངས་མྱོང་བའི་རྫ་ཁ་དེ་ན།  ད་དུང་གཡང་དཀར་འཚོ་བཞིན་ཡོད་ངེས།རྫི་གླུ་ལེན་བཞིན་ཡོད་ངེས། འོ་འབྱོག་ལྡག་བཞིན་ཡོད་ངེས།
དྲིན་ཆེན་གྱི་ཨ་མ་ཁོ་ནས། ལྷག་བསམ་གྱི་ཞྭ་མོ་གཞུང་དྲང་གིས་བསླས་ཏེ་བྱིས་པ་ཚོར་རིན་བྲལ་གྱི་ལེགས་སྐྱེས་འབུལ་གྱིན་འདུག  དྲིན་ཆེན་གྱི་ཨ་མ་ཁོ་ནས།  སྙིང་སྟོབས་ཀྱི་གོ་ཁྲབ་ཤེས་རབ་ཀྱི་དར་ལ་བརྒྱུས་ཏེ་བྱིས་པ་ཚོར་དྲི་མེད་ཀྱི་འཚམས་རྟགས་འབུལ་གྱིན་འདུག
ངའི་བྱིས་པ་ཚོར། ལྷ་ཡུལ་ལྟ་བུའི་རྩེད་ར་མེད་ཀྱང་། གྲོང་ཁྱེར་གྱི་ཁ་ཟས་ཞིམ་པོ་དང་འཆོར་རྫས་མོད་པོ་མེད་ཀྱང་། ཁོ་ཚོ་ད་དུང་དཔའ་ཞིམ་གྱིན་མི་འདུག  ཡིད་ཆད་ཀྱིན་མི་འདུག  བློ་ཕམ་གྱིན་མི་འདུག
 རྒྱུ་མཚན་ནི།  ཁོ་ཚོར་གངས་ཀྱི་ལོ་རྒྱུས་ལྒིང་ཕོད་པའི་ཨ་མ་ཞིག་ཡོད་པས་རེད།  ཁོ་ཚོར་འབྲོང་གི་བདེ་སྡུག་བརྗོད་མཁས་པའི་ཨ་མ་ཞིག་ཡོད་པས་རེད
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མའི་འོད་ལ་རེ་བའི་གཅེས་ཕྲུག་ཚོ།

2012-06-04 ཀྱེ་ཕུར་མཆོག་གསུམ།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།