ཉེ་དུས་ཀྱི་གླེང་ཕྱོགས་དང་སྦྲགས་ཏེ་ལབ་པ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-23

  ཁ་ཐག་ཉེ་རིང་གི་གྲོགས་པོ་རྣམས་པ། ཡང་ན་གྲོགས་པོ་མ་ཡིན་པའི་རིགས་མཐུན་གྱི་གསར་བུ་ཚོ། འཁྲུག་ཆ་དོད་ཅིང་སྨྱོ་འབོག་གིས་བརླམས་པའི་དེང་གི་དུས་རབས་ཀྱི་གདབ་གསིག་ཁྲོད་དུ། བདག་ཅག་གིས་འོལ་ཚོད་དང་ཐེ་ཚོམ། ཁེངས་དྲེགས་དང་འཐོམ་སྦྲིད་ཀྱིས་སྤོས་པའི་འཁྲུལ་སྣང་གི་གོམ་བགྲོད་དེ་ནི་ཤིན་ཏུ་ཉམ་ཆུང་ལ་རབ་ཏུ་སྙིང་རྗེ་བ་ཞིག་ཏུ་སྣང་། ཡ་མ་གཟུགས་སུ་གྲུབ་པའི་མི་སེམས་ཀྱི་གྲམ་ཐང་སྐྱ་མོ་རུ། འདོད་ཧམ་དང་ཕྲག་དོག གླེང་འདེབས་དང་ཉེས་འགལ། ཕྲ་མ་དང་ཞེ་འགྲས། ཕྱོགས་ལྷུང་དང་གཡོ་ཟོལ་གྱི་ལྕགས་གཟེར་གྱེན་དུ་གཟེངས་པ་འདི་འཇིགས་རེ་ཡེར། ད་ལྟའི་བོད་ཀྱི་རིག་གནས་སམ་རྩོམ་སྟེགས་ཀྱི་སྒང་དུ། རྒན་པ་དག་གིས་གཞུང་ལུགས་ཀྱི་སྟ་གྲི་ཐོགས་ཏེ་འགྱིང་ཉམས་སྟོན། དར་མ་ཚོས་ཚེ་སྲོག་དང་རྣམ་ཤེས་ཀྱི་ཚབ་ཏུ་སྙན་ངག་བྲིས་ཏེ་ཁེངས་པས་བརྟས།ཐ་ཆུང་གཞོན་ནུ་ཚོས་འུར་མགོ་མཐོན་པོས་རང་ཉིད་རླུང་ལ་སྤུར། མདོར་ན་ང་ཚོས་གཅིག་མཐུན་གྱི་ལས་དབང་དང་རིགས་མཐུན་གྱི་དུངས་ཀ་བརྗེད་དེ་ནང་མུར་ལ་འབོངས་ཤིང་མཆིས། དེ་བས་ང་ཚོས་རང་ཉིད་དང་ཉེ་བར་བཏུད་པའི་འཇིག་ཉེན་གྱི་ལྕེབས་ཐག་ཕྲ་མོ་དེ་དུམ་བུར་བཅད་ནས་ཁ་སེམས་ནང་དུ་ཕྱོགས་ན་ག་འདྲ་འདུག
   གུས་པོ་ང་ཡང་རྨོངས་པ་དང་ང་རྒྱལ། རློམ་སེམས་དང་རང་སྣང་གིས་མྱོས་ཏེ་ལྷན་རྒྱས་ཀྱི་སྙིང་དུ་ཟུག་ཅིང་རྣ་བར་གཟན་པའི་ཧོལ་སྤྱོད་སྤེལ་ཡོད་པ་ནི་གདོན་མི་ཟའོ། །དེ་བས་ངའི་གཏམ་སྤྱོད་ལས་གནས་ལུགས་ཀྱི་རྒྱ་རལ་ཅིང་གཟུར་གནས་ཀྱི་བློ་ལྡོངས་པ་དག་ནི་རྣ་རྒྱབ་ཀྱི་རླུང་བུར་བརྩིས་ཏེ་ལོ་ཟླའི་ཆུ་ལ་སྐྱུར་རོགས་ཞུ། དེ་ནི་ང་རང་ནར་
སོན་པའི་གོ་རིམ་ཁྲོད་ཀྱི་ཀྱག་ཀྱོག་གི་བརྒྱུད་ལམ་ཞིག་ཏུ་བལྟ་རོགས་ཞུ།ངས་ཀྱང་ཁྱེད་དམ་ཁོ་བོས་དཀའ་སྤྱད་ཀྱིས་བཟོས་པའི་སྒྲོག་གཏམ་དང་ཨུ་ཚུགས་ཀྱིས་འཐག་པའི་ཚིག་རྡུལ།ཆེ་མདོག་གི་བཟོ་དང་སྒམ་མདོག་གི་གཏམ་དག་ནི་ནམ་མཁའི་དབྱིངས་སུ་རྒྱུ་བའི་སྤྲིན་པའི་གྲིབ་གཟུགས་ཤིག་ཏུ་སྒོམ་ཆོག་གོ །
    གྲོགས་པོ་ལགས། འཇིག་རྟེན་ནི་ཧྲིལ་གྱིས་འགྱུར་ཏེ་འཚོ་བ་གསར་བ་ཞིག་དང་རྨི་ལམ་ཡག་པ་ཞིག་གི་ཐང་ཆེན་ཁད་ཀྱིས་བཤགས་ཤིང་། རིག་པ་སྣ་མང་དང་ཅ་དངོས་གསར་ཐོན་གྱི་ཡོ་ལང་རྣམ་པར་རྒྱས་དུས། རང་ཅག་གིས་ད་དུང་ཨམ་ཕྲག་ནང་གི་ཤོག་སྒོར་གྱི་མཐུག་སྲབ་དང་། བརྙན་ཡོལ་ངོས་ཀྱི་ཚིག་ཉོག་གི་གོ་བརྡ་བརྩད་དེ། ཁྱོད་ནི་ཅོལ་ཆུང་དང་ཁོ་ནི་བླུན་པོ་ཞེས་ཤགས་འགྱེད་ཀྱི་ལས་སུ་འཇུག་པ་ནི་ཨ་རེ་གླེན།
     གྲོགས་པོ་ལགས། ང་ཚོ་ལ་བོད་ཅེས་པའི་ཐུན་མོང་གི་ཁྱིམ་གཞིས་ཤིག་ཡོད་པ་དང་། སང་ཉིན་ཞེས་པའི་རྨི་ལམ་གྱི་སྐུད་སྣེ་ཞིག་ཡོད་པ་དྲན་པར་གྱིས་ཏེ།སེམས་པ་ཆིག་སྒྲིལ་དང་དཔུང་བ་མཉམ་གཤིབ་ཀྱིས་གོམ་པ་མདུན་དུ་སྤོས་ན་ཅི་འདྲ་རེད།   
                               ༢༠༡༢ལོའི་ཕྱི་ཟླ་༥བའི་ཚེས་༢༠ལ་ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉེ་དུས་ཀྱི་གླེང་ཕྱོགས་དང་སྦྲགས་ཏེ་ལབ་པ།

2012-05-23 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།