གྲོང་ཁྱེར་གྱི་མིའི་རྫོགས་པ་ཆེན་པོའི་མདོ།

          ༡
རྒྱ་གར་སྐད་དུ། ན་མོ་ ཀྣུ་དྒྰ་དྣོ་འ་གྲྦུ།བོད་སྐད་དུ། ཀུ་ན་འ་ད་ག་འ་དོ་ན་འ་གྲུ་བ་ལ་ཕྱག་འཚལ་ལོ།འདི་སྐད་བདག་གིས་མཐོང་བའི་དུས་ཅིག་ན།རྒྱ་གར་གྱི་མི་དང་། རྒྱ་ནག་གི་མི། སོག་པོའི་མི། ཁ་ཆེའི་མི། ཟ་ལར་མི། མི་ཉག ཀྲོང་མི། ཚོང་བ་དང་། རྐུན་མ་དང། ཆོས་བ་དང། མཁས་བ་དང། སློབ་མ་དང། སྒྱུ་མ་མཁན་དང་། ཇག་པ་དང་། བླ་མ་དང། གྲྭ་བ་སོགས་ཐབ་གཅིག་ཏུ་བཞུགས་ཚེ། དུས་ཀྱི་དེད། ལོ་རྒྱུས་ཀྱིས་སྒུལ། སྙིགས་མས་འཐེན། ཉོན་མོངས་ཀྱིས་བསྟད་དེ་སྣང་བ་ཟབ་མོ་ཞེས་བའི་ཏིང་ངེས་འཛིན་ལ་སྙོམས་པར་བཞུགས་སོ།
          ༢
སྙོམས་པར་བཞུགས་མ་ཐག་ཏུ་སྤྱི་མཐུན་གྱི་ལས་ལས་ཚིག་འདི་དག་བྱུང་ངོ་།གསེར་གྱི་སྒམ་ཆུང་ལ་ཕྱག་འཚལ་ལོ། དངུལ་གྱི་འདོགས་ཆ་ལ་ཕྱག་འཚལ་ལོ།སྡོད་ཁང་བརྩེགས་མ་ལ་ཕྱག་འཚལ་ལོ།། རླངས་འཁོར་པའོ་མ་ལ་ཕྱག་འཚལ་ལོ།གློག་ཀླད་ཨེ་ཕའོ་ལ་ཕྱག་འཚལ་ལོ།   དེ་བཞིན་དུ། ཟ་འཐུང་དང་། འགྲོ་འདུག་དང་། བདེ་འཇགས་དང་། འཕྲོད་བསྟེན་དང་། སྤྱིར་ན་རང་ལ་ཡོད་པ་དང་། རང་ལ་མེད་པ་དང་།     ཉེར་མཁོ་དང་། ཕུགས་འདོད་དང་། རྗེས་རབས་མཁོ་དང་།ཆུང་མར་མཁོ་དང་། བྱིས་པར་མཁོ་དང་། གོང་ལ་མཁོ་བ་སོགས་ལ་ཕྱག་འཚལ་ལོ། དེ་ནས་དགྲ་བཅོམ་པ་ཀུན་དགའི་གཟུངས་སྔགས་འཛུམ་མདངས་འཛུམ་མདངས་མ་རྩ་ལ་སོར་བཞག འདི་བྱུང་ཞིང་། དེ་དེ་བཞིན་དུ་བཟློ་བར་གྱིས་ཤིག  ཁྱིམ་དང་།ཕྱི་དང་། བར་དང་། སྤྱོད་ཁང་དང་། རླངས་འཁོར་ནང་དང་། སྦག་སྦག་གི་གོང་དང་། ཉལ་ཁྲིའི་སྟེང་དང་། ཟས་སྡེར་གྱི་ཁ་དང་། ཁ་པར་གྱི་སྣེ་དང་། ཞོགས་པ་དང་། ཉིན་གུང་དང། སྲོད་ཁ་དང་། གཉིད་གུང་དུ་ཡང་ཟློས་རབ་ཏུ་ཟློས་ཟློས་པ་ལ་མངོན་པར་བསྟོད་དོ།།
              ༣
དེའི་ཚེ་རྐང་བའི་གདོན་དང་། ལག་པའི་གདོན་དང་། མགོ་བོའི་གདོན་དང་། སོའི་གདོན་དང་། དེ་བཞིན་དུ་མིག་དང་། རྣ་དང་། སྣ་དང་། ལྕེ་དང་། ཡིད་ཀྱི་གདོན་རྣམས་ལྷར་སྤྲུལ་ནས་སླེབས་ཤིང་། སླེབས་ནས་ཀྱང་བྱིན་གྱིས་རླབས་ཟེར་ནས་མགྲིན་པ་གཅིག་དང་དབྱངས་གཅིག་གིས་གཤམ་གྱི་ཚིག་འདི་དག་སྨྲས་སོ།།
མ་གཏོང་ཤིག  མ་སྟེར་ཞིག མ་བཤད་ཅིག མ་སྟོན་ཞིག མ་བྲེལ། མ་འཇིགས། མ་ཞུམ། ལག་པ་བཟེད། རྐང་བ་གཡུགས། ཨོང་ཤ་ལྷེམ། ནུ་མ་ཕུར། ཕོ་མཚན་ནུས། མོ་མཚན་ལྡོགས་དང་དེ་དག་ལས་ཁྱོད་ལ་འདོད་དོན་སྩོལ་བར་འགྱུར།།
         ༤
གཞན་ཡང་གོང་རིམ་གྱི་ཞབས་པད་ནས་བྱུང་བའི་དར་ནག་པོ་ཡུགས་གཅིག་དེ། ཕའི་སྐེ་བཏགས། མའིསྐེ་བཏགས། ཉེ་དུའི་སྐེ་བཏགས། སྤུན་ཟླའི་སྐེ་བཏགས། གྲོགས་པོའི་སྐེ་བཏགས། ཕ་ཨ་ཁུའི་སྐེ་བཏགས། ནང་ན་ཟླའི་སྐེ་བཏགས། དགེ་རྒན་གྱི་སྐེ་བཏགས།  གཤེས་གཉེན་གྱི་སྐེ་བཏགས། བླ་མའི་སྐེ་བཏགས། ཐ་ན་དུར་དབྱུང་ནས་མེས་པོའི་སྐེ་བཏགས་ན། དེ་ལ་ཁྲིམས་ཀྱིས་མི་ཚུགས། མཚོན་གྱིས་མི་ཚུགས། སྐྱོན་གྱིས་མི་ཚུགས། ལ་རྒྱས་མི་ཚུགས། ཐ་ན་བཙན་དྲག་དབང་སོགས་གང་གིས་ཀྱང་མི་ཚུགས་པར། ཕོགས་བརྒྱ་གནང་བར་འགྱུར། དབང་བརྒྱ་ཐོབ་པར་འགྱུར། དཔངས་བརྒྱ་སྟེར་བར་འགྱུར། སྟོན་བརྒྱ་འཐུང་བར་འགྱུར། རབས་བརྒྱ་བདེ་བར་འགྱུར། ཟས་སུ་ཤ  གོས་སུ་དར། སྐོམ་དུ་ཆང་། འདོགས་སུ་ཕ་ལམ་བཏགས་ཆོག་པས། མ་འགྱངས། མ་འདུག མའགོར། མི་ལྷོད་པར་བརྩོན་ཅིག འབད་ཅིག ཕར་ཕྱིན་གྱིས་ཤིག བརྗོད་ནས་བདག་རྣམས་ཀྱང་ཁྱེད་ཅག་གི་མགོན་དུ་བཞུགས། མགོན་དུ་གཏན་དུ་བཞུགས། བྲེལ་བ་མེད་པར་བཞུགས་པར་འགྱུར་ཟེར་རོ།།
          ༥
 རང་ལུས་གཞན་ལ་བཙོང་བ་དང་།། ཟས་སུ་འབུ་ཆུང་བཟའ་བ་དང་།།
ཕ་མར་མགོ་སྐོར་གཏོང་བ་སོགས།།  མི་ལས་བྱ་བ་གཅིག་ཀྱང་མེད།།
འབྱོར་ན་ཞུམ་གྱིས་བཏུད་པ་དང།། རྒུད་ན་དྲེགས་ཀྱིས་བཀྱེད་འགྲོ་བའི།།
འཚོ་བ་འཚོལ་བའི་གྲོང་ཁྱེར་བ།།  འཁོར་དང་བཅས་པ་འདི་ལ་འདུས།།
འདི་ལ་འདུས་ནས་འདི་ལ་འཐིམས།། འདི་ལ་འཐིམས་ནས་འདི་ལ་སྤྱོད།།
ནམ་ཞིག་འདི་ལས་ལྟུང་གྱུར་ན།།   ཏིང་འཛིན་གཞན་ལ་སླར་འཇུག་མེད།།
ཉིན་གཅིག་དང་ནི་ཉིན་གཉིས་དང་།། ཉིན་གཉིས་དང་ནི་ཉིན་གསུམ་པ།།
ཉི་མའི་མཐའ་མ་སླེབས་ཙ་ན།།    སྐྱབས་སུ་གང་ཞིག་དྲན་འགྱུར་རམ།།
འདི་ལ་སོམས་ནས་འདི་ལ་ཉོན།།
                ༦
དེ་ལྟར་ན་ཡང་། སྔར་བཞིན་དུ། འགྱར་བ་མེད་པར། མུ་མཐུད་ནས། བརྩོནཅིང་ཧུར་ཐག་པར་བྱས་སོ།། ཡིན་ན་ཡང་བུ་འདོད་པ་རྣམས་བུས་སྟོང་། ནོར་འདོད་པ་རྣམས་ནོར་གྱིས་སྟོང་། ཡག་འདོད་པ་རྣམས་ཡག་གི་ཆེད་དུ་རྒས། ཚེ་འདོད་པ་རྣམས་ཚེ་ཡི་སླད་དུ་ཤིའོ།།
 ཨ་ཁ་ཁ།། ཨ་ན་ན། ཨ་ཡ་ཡ། ཨ་ཙི་ཙི། ཨ་ཡོ་ཡོ། ཨ་ཐ་ཐ། སྔགས་འདི་བཟློ་བཞིན། གཡོན་ཕྱོགས་ན། གཡས་ཕྱོགས་ན། རྒྱབ་ཕྱོགས་ན། མདུན་ཕྱོགས་ན། མགོ་ཐོག་ན། རྐང་འོག་ན། སྙིང་ཁ་ན་ཆེ་ཆེར་ཕྱེ་བའི་སྣོད་ཆེན་པོ་དེའི་ཁ་ཐལ་གྱིས་ཆོད། མི་གཙང་བས་ཆོད། དུག་གིས་ཆོད། མཚོན་གྱིས་ཆོད། དཔུང་གིས་ཉིན་གཅིག་མིན་པར། ཉིན་གཉིས་མིན་པར། ཉིན་གསུམ་མིན་པར། དེ་བཞིན་དུ་ཉིན་བཞི་བ་རྣམས་དང་། ཉིན་དྲུག་པ་རྣམས་དང་། ཉིན་བདུན་པ་རྣམས་ཀྱང་མིན་པར། གཏན་དུ། རབ་ཏུ། ཤིན་ཏུ། གཅོད་པར་འགྱུར་ལེགས་ན། འདོད་རྣམས་རང་བཞིན་གྱིས་འབྱུང་ངོ་། ཐོབ་བོ། འཇོའོ།སྟེར་རོ། སྦྱིན་ནས་ཀྱང་ལོངས་སུ་སྤྱད་ཆོག་པར་ངེས་མོད། རྣ་འོན། མིག་ཞར། ངག་ལྐུགས། ལུས་རྒྭད་པ་རྣམས་ལ་མ་ཕན་ནོ། དེ་དག་སྔར་བཞིན་དུ་བདག་གཅིག སྒྲིབ་གཉིས། དུག་གསུམ། ཕྱིན་ཅི་ལོག་བཞི། མི་ཐུབ་པ་ལྔ་དང་བཅས་པར་འགྲོགས་ནས་འདོད་ལྷའི་མཛད་རྣམས་ལ་མངོན་པར་བསྟོད་དོ།གྲོང་ཁྱེར་གྱི་མིའི་རྫོགས་པ་ཆེན་མོའི་མདོ་རྫོགས་སོ།།
         ༨
གྲོང་ཁྱེར་གྱི་མིའི་སྨོན་པ་གཏོང་ཡུལ་ཞེས་བྱ་བ།
ཨ་ཡ་མཚར།
སེམས་ཅན་ཐམས་ཅད་མར་གྱུར་བ།། ཅུང་ཟད་དགོད་བྲོའི་རྣམ་པ་ཅན།།
མ་གཅིག་དེ་ཡང་བེད་མེད་དུས།།  ཕྱི་རུ་འདིར་བར་འཇིགས་མི་སྲིད།།
དེ་ལས་ཁྱི་གུ་ཁྲ་བོ་འདི།།     སྙོར་ན་བདེ་བ་གཞན་ཞིག་སྟེར།།
ཁྱིམ་ན་ཁྱོ་དང་ཡང་ན་ཤུག །   མེད་དུས་འདི་ལས་ལྷག་པ་མེད།།
སེམས་ཅན་ཐམས་ཅད་འཁྲུག་པར་གྱུར།། བདག་ཉིད་ཁོ་ན་བདེ་བར་ཤོག །
འདོད་་པའི་ཕུན་ཚོགས་མ་ལུས་པ།། བྱ་རུ་སྤྲུལ་ནས་འདིར་འཕུར་ཤོག །
འདི་སྤངས་འདི་དང་བྲལ་པ་རྣམས།། བྲོ་བ་ཅུང་ཟད་མྱོང་བར་ཤོག །
འདི་ལ་ལག་ལེན་ལྡན་གྱུར་ན།། རང་ལས་ལྷག་པ་གཅིག་མེད་དོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོང་ཁྱེར་གྱི་མིའི་རྫོགས་པ་ཆེན་པོའི་མདོ།

2012-05-22 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།