ཡོད་ཡོད་འདྲ་བའི་དྲིན་ཆེན་ཕ་མ།

                   __མ་ཡུམ་གྱི་དུས་ཆེན་ལ་ཕུལ་བ།
  བོད་རང་ལ་མ་ཡུམ་དུས་ཆེན་ཟེར་བ་ཞིག་ཡོད་པ་གོ་མ་མྱོང་། ཡིན་ན་ཡང་བོད་རང་ལ་མ་ཡུམ་དུས་ཆེན་ཟེར་བའི་གཏན་འཁེལ་རང་བཞིན་ཞིག་མི་དགོས་པ་རེད།  རྒྱུ་མཚན་ནི་བོད་རིགས་མི་དམངས་ནི་ནམ་ཡང་འཇིག་རྟེན་གྱི་ཨ་མ་དགའ་ཞིང་དུངས་ལ། ཨ་མ་ནི་ནམ་ཡང་རླབས་ཆེན་དུ་བརྩིས་ཏེ་རྒྱུན་དུ་གུས་བཀུར་བླ་མེད་བྱེད་པ་རེད། འཇིག་རྟེན་གྱི་ཨ་མ་མེད་ཚེ། ང་ཚོ་ཟེར་བ་ཞིག་ཡེ་ནས་མེད་ལ་མིའི་རིགས་ཟེར་བ་ཞིག་ས་སྒང་རིལ་བོ་འདིའི་སྟེང་ན་གཏན་ནས་ཡོད་མི་སྲིད་པ་རེད།
  དུས་དེང་སང་དུས་རབས་དང་རང་གཤིས་ངན་པའི་གོམས་སྲོལ་མང་པོས་བོད་རང་གི་ནང་ཁུལ་དུའང་། ཕ་མར་བྱམས་བརྩེ་མེད་པ་དང་། བུ་ཕྲུག་ལ་གུས་བཀུར་མེད་པ། ཆེ་བཀུར་ཆུང་བྱམས་མེད་པ། དྲིན་ལན་ལོག་འཇལ་བྱེད་པ་སོགས་ཀྱི་ངན་སྲོལ་མང་པོ་ཞིག་ཁྱབ་ནས་འོང་གིན་འདུག དེ་ལས་མི་རིགས་ཀྱི་གོམས་སྲོལ་ཡག་པོ་མང་པོ་ཞིག་གཞན་ལ་ལད་ཟློས་བྱས་དྲགས་པའི་དབང་གིས་མེད་བརླག་ཏུ་འགྲོ་བ་ཚབས་ཆེན་ཡིན་པ་དང་། བོད་རང་གི་གནའ་བོའི་སྲོལ་བཟང་མང་པོ་ཞིག་དེང་སྤྱོད་མི་བྱེད་པར་རྐང་འོག་ཏུ་བརྫིས་ཅི་ཐུབ་བྱེད་བཞིན་པའི་དེང་སང་གི་བོད་རིགས་མང་ཚོགས་ཚང་མའི་ཀླད་པའི་ནང་དུའང་རྒྱུ་ནོར་ལས་མི་གཞི་མི་བསམ་པའི་དུས་ངན་སྙིགས་མའི་མཐའ་ལ་ཐུག་ཡོད་པས། བོད་རང་གི་མ་ཡུམ་ཚོའང་ཡིད་ལ་གཏན་དུ་མི་ཤར་བའི་མི་བུ་མང་པོའང་ཡོད་སྲིད་པའི་མ་ཡུམ་གྱི་དུས་ཆེན་རོལ་དགོས་པ་མ་ཟད། ལོ་རེར་མ་ཡུམ་གྱི་དུས་ཆེན་ཉིན་མོ་འདིར་འཇིག་རྟེན་གྱི་མ་ཡུམ་ཡོད་ཚད་ལ་བཀུར་གཟོ་དང་དྲིན་ལན་འཇལ་བའི་བསམ་པ་མཚོན་བྱེད་དུ་ཚང་མས་སེམས་ཀྱི་ལེགས་སྐྱེས་གང་མང་ཞིག་མ་ཡུམ་རྣམས་ལ་འབུལ་དགོས་པར་འདོད།
  བདག་ལ་མཚོན་ན་མི་ལོ་ལྔ་དྲུག་ཞིག་གི་ཡར་སྔོན་ནས་བཟུང་། རང་ཉིད་ཀྱི་མ་ཡུམ་དྲིན་ཆེན་མ་འཆི་བདག་ནད་ཀྱིས་འཇིག་རྟེན་འདི་ནས་བཙན་འཕྲོག་བྱས་ཟིན་པས། མ་མེད་དྭ་ཕྲུག་ཏུ་གྱུར་ནས་མི་ལོ་ལྔ་དྲུག་ཙམ་འགོར་ཡོད། དེའི་རིང་དུ་མ་ཡུམ་གྱི་དུས་ཆེན་ཟེར་བའི་ཉིན་མོ་འདི་སྣང་མེད་དུ་བསྐྱུར་ནས་བཞག་པ་ཡིན། ད་ལོ་དབྱར་ཟླ་འགོ་མའི་ཁུ་བྱུག་གི་གསུང་སྙན་དང་གཡུ་འབྲུག་གི་ལྡིར་སྒྲའི་ཁྲོད་དུ་མ་ཡུམ་དུས་ཆེན་བསུ་བའི་ཉིན་འདིར། ངས་ཡང་བསྐྱར་ནམ་རྒྱུན་སེམས་ཁོང་ན་ཡོད་ཡོད་འདྲ་བའི་མ་ཡུམ་དྲིན་མོ་ཆེ་ཡི་ཞལ་རས་ཡིད་ལ་ཡང་ཡང་སྒོམ་ནས་རང་དང་འདྲ་བའི་མ་མེད་དྭ་ཕྲུག་མང་པོའི་ཚབ་ཏུ་འཇིག་རྟེན་ཕྱི་མའི་ཡུལ་དུ་བཞུད་ཟིན་པའི་མ་ཡུམ་དྲིན་ཆེན་མ་ཡོད་དོ་ཅོག་ལ་དུས་ཆེན་གྱི་ལེགས་སྐྱེས་སུ་སྙིང་ནས་དྲན་པའི་མིག་ཆུ་ཁྱོར་བ་གང་གི་ལེགས་སྐྱེས་འབུལ་རྒྱུ་ཡིན་ནོ།།
  མ་ཡུམ་ལགས། འཇིག་རྟེན་གསོན་ངོགས་ན་ཡོད་ཚེ། ང་ཚོའི་དྲིན་གཟོ་དང་གུས་བཀུར་བླ་མེད་གཏན་ནས་བྱས་མེད་ལ། ད་དུང་ཁ་ལེན་ཚིག་བརྩི་མ་བྱས་པར་སེམས་ཁམས་ཅི་འདྲ་དཀྲུགས་པ་ཡིད་ནས་དྲན་ཐེངས་རེར། འགྱོད་གདུང་ཁྲི་ཕྲག་གི་ན་ཟུག་སེམས་ཁོང་དུ་དབང་མེད་ཟུག་འགྲོ། འགྱོད་གདུང་གི་ཕུང་བོ་རི་རབ་ལས་ལྕི་ནའང་འདི་ནི། བསམ་མེད་བུ་ཕྲུག་ངེད་ཅག་གིས་བཟོས་པའི་ནག་ཉེས་འབའ་ཞིག་ཡིན་པའི་སུ་ལའང་ལེ་བདའ་བྱེད་ས་མི་འདུག  དྲིན་ཆེན་མ་ལོ་དེ་སྒོ་ཁྱིམ་ཕྱི་ནང་ན་ཡོད་ཡོད་འདྲ་བའི་སེམས་འགྱུ་ཞིག་གིས་ཀུན་ནས་དཀྲིས་ཏེ་རང་སེམས་འདི་རང་དབང་མེད་པར་ཉིན་གཅིག་ལའང་ཕ་ཡུལ་དུ་གྲངས་མེད་ལོག་འགྲོ་བ་རེད། དྲིན་ཆེན་མ་ལོ་དེ་འཇིག་རྟེན་དཀར་ངོགས་ན་ཡོད་ཡོད་འདྲ་བའི་སྣང་ངོ་ཞིག་ནམ་རྒྱུན་ཤར་ནས་འདུག་ཚུལ་ལ་བལྟས་ན། རང་ཉིད་ཀྱིས་ཀྱང་དྲིན་ཆེན་མ་ལོ་དེ་ནམ་རྒྱུན་སྙིང་ནས་དྲན་གྱིན་ཡོད་པ་དང་། དྲིན་ཆེན་མ་ལོའི་རྣམ་ཤེས་ཀྱང་ནམ་རྒྱུན་རང་གི་ཉེ་འདབས་ན་སྐོར་གཡེང་བྱེད་ཀྱིན་འདུག་པ་འདྲའོ།། དེ་བས་ད་ལོ་མ་ཡུམ་གྱི་དུས་ཆེན་ཉིན་མོ་འདིར། མ་ཡུམ་ལགས་གནའ་ནས་མི་ཡུལ་དང་གཏན་བྲལ་བྱས་ཟིན་ནའང་རྣམ་ཀུན་སེམས་ཁོང་དུ་ཕ་ཡུལ་གྱི་སྒོ་ཁྱིམ་ཕྱི་ནང་ན་ཁྱིམ་ལས་ཙག་ཙིག་ལ་མགོ་འཁོར་ནས་ཁོམ་གྱི་མེད་པར་ཡོད་ཡོད་འདྲ་བའི་མ་ཡུམ་དྲིན་མོ་ཆེ་ལ་རང་སེམས་མཚོན་བྱེད་དུ་སེམས་ཁོང་ནས་བྲིས་པའི་རྩོམ་ཆག་མགོ་མེད་མཇུག་རྡུམ་འདི་ལེགས་སྐྱེས་སུ་ཕུལ་བ་ལགས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།