སྦྲ་ནག་ལྟེབས་དགོས་ཀྱང་སྐྱོན་ཆེན་པོ་མི་འདུག
སྦྲ་ནག་ལྟེབས་དགོས་ཀྱང་སྐྱོན་ཆེན་པོ་མི་འདུག མ་གཞི་ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི། ཁོའི་ལོ་ངོ་དུ་མའི་རིང་གི་འོད་ཟེར་སྟོང་ལྡན་གྱི་འཚོ་བའི་གཏམ་རྒྱུད་ དང་། འཇིག་མི་རུང་བའི་བགྲང་བྱ་ཁྲི་ཁྲག་གི་ལོ་རྒྱུས་དེ་རེད། དེ་མ་གཏོགས་ང་ཚོ་སུ་ཡིན་ཡང་དེང་རབས་ཀྱི་ལམ་ཕྱོགས་སུ་འགྲོ་མི་འདོད་པ་གཅིག་ཀྱང་མེད། འགྲོ་ཡང་ དགོས་ལ། བསྟུན་ཀྱང་དགོས།
རྒྱུ་མཚན་ནི་སྔོན་ཐོན་གྱི་རྒྱལ་ཁབ་དང་། སྔོན་ཐོན་གྱི་མི་རིགས། གང་དང་ གང་ཡིན་ཡང་། ཁོ་ཚོ་ལ་ཡང་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་དང་། ལོ་ རྒྱུས་ཀྱིས་ཕྱོགས་འགྱུར་མང་པོ་བྱུང་ན་ཡང་། དུས་རབས་ཀྱི་འགྱུར་ལྡོག་དང་འགྱུར་ ལྡོག་གི་བརྒྱུད་རིམ་ཁྲོད་བྱུང་བའི་བསམ་བློ་གསར་བ་དང་རིག་གནས་གསར་བ། བྱ་ དངོས་གསར་བ། དེ་བཞིན་སྔོན་ཐོན་དུ་ཚུད་པ་སུས་ཀྱང་མིག་མཐོང་ལག་གསལ་ རེད།
ད་དུང་། འུར་ཆ་དང་་་་་་་མེ་མདའ། རྟ་མཆོག་དང་་་་་་་རླངས་འཁོར། སྦྲ་ནག་དང་་་་་་་་་ཁང་བརྩེགས།
སྲོལ་རྒྱུན་གྱི་ལྭ་རིང་དང་་་དེང་རབས་ཀྱི་ལྭ་བ་སོགས་འདི་ལྟ་བའི་ མིང་ཚིག་མང་པོ་མང་པོ་ཞིག་གི་ལོ་རྒྱུས་ཀྱི་བདེན་དཔང་དེ། ད་ལྟའི་མི་རིགས་སུ་ཡིན་ ཡང་ཁས་ལེན་བཞིན་ཡོད། ང་ཚོ་ལའང་དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་རང་གྲོལ་གྱི་གསུང་ལས་མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ།
བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད། དེ་བས། སྦྲ་ནག་ནི་བགྲང་བྱ་དུ་མའི་རིང་གི་བོད་པ་ཚང་གི་གཞིས་ཁྱིམ་རྙིང་པ་ལས། དེང་རབས་ཉེར་ཆས་ཀྱི་དངོས་པོ་དང་བསྡུར་ཐབས་མེད་ལ། སྦྲ་ནག་ནི་ང་ཚོས་ལོ་རྒྱུས་ ཀྱི་སྲོག་ཤིང་ཡིན་པ་ལས། དུས་རབས་ཉེར་གཅིག་གི་ཅོང་བརྡ་ཡིན་མི་སྲིད།
རྩོམ་ཁུངས། ངེད་དྲ་བ།