རིང་དུ་གྱེས་པའི་སེམས་པ།

  སྨུག་ལོང་གིས་བཏུམ་པའི་རི་གྲོང་འདིའི་ནམ་མཁའ་ནས། མི་ལོ་དུ་མའི་རིང། རྒྱང་བཞུད་ཀྱི་གཤོག་རྩལ་དེ་མངོན་མ་ཐུབ་པས། འུར་ཆེ་བའི་རླུང་བུའི་ཚོགས་ལའང། རང་དབང་གི་གསོན་ཉམས་མི་འདུག དུས་རབས་ཀྱི་འབོད་པ་མི་འདུག ཉེན་གནས་སུ་བཞུར་གྱིན་པའི་རླབས་སྒྲ། སེམས་པའི་གཏིང་ལ་ལན་མང་ཟུག
  ས་མཐའ་ཡ། ལས་དབང་གིས་དེད་པའི་ཁ་དོག་སྐྱ་བོ། རྒྱང་རིང་ནས་རྒྱང་རིང་དུ་འཐེན་པའི་མག་མོག་གིི་རྨི་ལམ་སྟེ། རྡོག་ལམ་ཕྱེད་ཀའི་གཏམ་རྒྱུད་ཁོ་ནའོ།
  རྙེད་དཀའ་བའི་དུས་ཚོད་ཀྱི་བར་སྣང་ནས། རང་ཉིད་ཚོན་མདོག་གི་ཉི་གཞོན་ལ་ཕྱོགས་ཀྱང། མགོ་རྔ་མེད་པའི་ཤོག་ལྷེ་དེ་ཚོ། ཚུགས་ཀ་བཅོས་མའི་རྣམ་འགྱུར་དེ་ཚོ། ངོ་བསྟོད་ཀྱི་ཉེར་ལེན་ཁོ་ནས་དབང་དུ་ཁྱེར་སོང། ནག་ཉེས་ཀྱིས་དེད་པའི་རྨ་ཁ་རེ་རེར་གྱུང་སོང།
  ཀྱག་ཀྱོག་གི་ངལ་དུབ་ཁོ་ནས། སེམས་པ་མིག་ཆུས་བརླན་མྱོང་ནའང། དཔལ་འབྱོར་འགྲན་རྩོད་ཀྱིས་དབང་དང། ཡང་ན་གཡས་གཡོན་གྱི་རྣམ་འགྱུར་དེའི་དབང་གིས། རང་ཉིད་མི་རིགས་གང་ཞིག་ཏུ་གཏོགས་པ་བརྗེད་འདུག་ལ། ཐ་ན་བོད་སྐད་གཙང་མ་ཞིག་བཤད་པའི་སྤོབས་པའང་བརླགས་འདུག
  རྒྱང་རིང་གི་རེ་འདུན་ནི། རྨི་ལམ་ལྗང་ཁུའི་ཁ་དོག་རེད། གནམ་ཐང་གི་བྲེལ་འཚུབ་ལ་བལྟས་ཚེ། ཡུལ་གྱར་བའི་ལས་སྐལ། རྨ་ཁ་གྲངས་མེད་བཟེད་པའི་ཉེས་ཅན་པ་ཞིག་དང་འདྲ་ལ། མིག་ཆུ་མེད་པའི་སེམས་པ། རྔམ་ནག་པའི་རྒྱ་མཚོའི་ཀློང་དུ་འཐིམ་དུས། ང་ཚོ་དང་ང་ཚོའི་བར་ཐག་ཡང་ཇེ་རིང་དུ་གྱུར་བ་རྟོགས་ཡོང། དོན་ངོ་མ། དངངས་སྐྲག་གིིས་བསྡམ་པའི་རྨི་ལམ་དེ་སྲུང་མཁན་ག་ཚོད་ཡོད་དམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རིང་དུ་གྱེས་པའི་སེམས་པ།

2012-05-08 བྱ་སྨྱོན་པ། ཀློག་གྲངས། མཆན ཡོད།

  སྨུག་ལོང་གིས་བཏུམ་པའི་རི་གྲོང་འདིའི་ནམ་མཁའ་ནས། མི་ལོ་དུ་མའི་རིང། རྒྱང་བཞུད་ཀྱི་གཤོག་རྩལ་དེ་མངོན་མ་ཐུབ་པས། འུར་ཆེ་བའི་རླུང་བུའི་ཚོགས་ལའང། རང་དབང་གི་གསོན་ཉམས་མི་འདུག དུས་རབས་ཀྱི་འབོད་པ་མི་འདུག ཉེན་གནས་སུ་བཞུར་གྱིན་པའི་རླབས་སྒྲ། སེམས་པའི་གཏིང་ལ་ལན་མང་ཟུག
  ས་མཐའ་ཡ། ལས་དབང་གིས་དེད་པའི་ཁ་དོག་སྐྱ་བོ། རྒྱང་རིང་ནས་རྒྱང་རིང་དུ་འཐེན་པའི་མག་མོག་གིི་རྨི་ལམ་སྟེ། རྡོག་ལམ་ཕྱེད་ཀའི་གཏམ་རྒྱུད་ཁོ་ནའོ།
  རྙེད་དཀའ་བའི་དུས་ཚོད་ཀྱི་བར་སྣང་ནས། རང་ཉིད་ཚོན་མདོག་གི་ཉི་གཞོན་ལ་ཕྱོགས་ཀྱང། མགོ་རྔ་མེད་པའི་ཤོག་ལྷེ་དེ་ཚོ། ཚུགས་ཀ་བཅོས་མའི་རྣམ་འགྱུར་དེ་ཚོ། ངོ་བསྟོད་ཀྱི་ཉེར་ལེན་ཁོ་ནས་དབང་དུ་ཁྱེར་སོང། ནག་ཉེས་ཀྱིས་དེད་པའི་རྨ་ཁ་རེ་རེར་གྱུང་སོང།
  ཀྱག་ཀྱོག་གི་ངལ་དུབ་ཁོ་ནས། སེམས་པ་མིག་ཆུས་བརླན་མྱོང་ནའང། དཔལ་འབྱོར་འགྲན་རྩོད་ཀྱིས་དབང་དང། ཡང་ན་གཡས་གཡོན་གྱི་རྣམ་འགྱུར་དེའི་དབང་གིས། རང་ཉིད་མི་རིགས་གང་ཞིག་ཏུ་གཏོགས་པ་བརྗེད་འདུག་ལ། ཐ་ན་བོད་སྐད་གཙང་མ་ཞིག་བཤད་པའི་སྤོབས་པའང་བརླགས་འདུག
  རྒྱང་རིང་གི་རེ་འདུན་ནི། རྨི་ལམ་ལྗང་ཁུའི་ཁ་དོག་རེད། གནམ་ཐང་གི་བྲེལ་འཚུབ་ལ་བལྟས་ཚེ། ཡུལ་གྱར་བའི་ལས་སྐལ། རྨ་ཁ་གྲངས་མེད་བཟེད་པའི་ཉེས་ཅན་པ་ཞིག་དང་འདྲ་ལ། མིག་ཆུ་མེད་པའི་སེམས་པ། རྔམ་ནག་པའི་རྒྱ་མཚོའི་ཀློང་དུ་འཐིམ་དུས། ང་ཚོ་དང་ང་ཚོའི་བར་ཐག་ཡང་ཇེ་རིང་དུ་གྱུར་བ་རྟོགས་ཡོང། དོན་ངོ་མ། དངངས་སྐྲག་གིིས་བསྡམ་པའི་རྨི་ལམ་དེ་སྲུང་མཁན་ག་ཚོད་ཡོད་དམ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།