མི་བསྟུན་པ་དང་དགེ་ཆོས།

  མི་ལ་ལས་བཤད་ན། དུས་རབས་གང་དང་གང་གི་མཁས་པ་ཞིག་ཡིན་ཕྱིན་ཆད་དེ་ལ་མཁས་པའི་ཆ་རྐྱེན་བཞི་(བཤད་ཕོད་པ། བསམ་ཕོད་པ། སྒྲུབ་ཕོད་པ། དུས་ལ་བསྟུན་ཤེས་པ)ཚང་དགོས་པའི་ལྟ་ཚུལ་འདོན་པའི་སྐབས་ན། ཁོང་གི་སློབ་མ་མང་ཆེ་བས་དགེ་རྒན་གསུང་ལ་ནོར་འཁྲུལ་ཞིག་མི་སྲིད་སྙམ་སྟེ་བདེན་པའི་མགོ་བོ་ལྡེམ་ལྡེམ་གཡུག་ཞོལ་དགའ་བའི་ཐལ་སྒྲའང་སྐབས་སྐབས་སུ་ལྡེབ་ཀྱི་འདུག དགེ་རྒན་གྱི་གཏམ་བཤད་གྲོལ་བའི་མཇུག་ཏུ་སློབ་མ་ཞིག་གིས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་མི་ཚེའི་སྐོར་ནས་འདྲི་བ་འགོད་སྐབས་དགེ་རྒན་གྱིས་ཚིག་ཐག་ཆོད་པོས་དགེ་ཆོས་ནི་མཁས་བླུན་གཉིས་ཀ་རེད་གསུང་སོང་།
  དགེ་ཆོས་བླུན་པོ་ཡིན་པའི་བསམ་བློ་གཏོང་ས་གཙོ་བོ་ནི་གོང་དུ་ཁོང་གིས་བཤད་པའི་མཁས་པར་ཚང་དགོས་ངེས་ཀྱི་ཆ་རྐྱེན་ཐ་མ་“དུས་དང་བསྟུན་པ”ཞེས་པའི་བསམ་བློའི་ཆ་རྐྱེན་དེ་མི་འདུག་སྙམ་གྱི་ཡོད་པ་ཁོ་རང་གི་སེམས་ལ་དྲན་པ་ཁ་ནས་ཤོར་བ་རེད། ད་དུང་ཁོས་དྲིས་ལན་དུ་དགེ་ཆོས་ཀྱི་རང་གི་ལྟ་བ་བཟུང་སྟེ། ཕ་རོལ་གྱི་ལྟ་བར་དགག་བཞག་བྱེད་ཐལ་ཆེ་བས་མཐར་ཁོང་གི་གཅེས་པའི་སྲོག་དང་ལས་དོན་ཡང་མཐུས་ཤོར་ཕྱིན་པའི་མཚམས་ནས་གླེང་སྟེ། བྱ་བ་ཅི་ཞིག་བསྒྲུབ་ན་གཞན་ལ་བསྟུན་རྒྱུ་གལ་ཆེན་རང་བཞིན་གྱི་སྐོར་མང་བོ་ཞིག་དྲངས་སོང་ནའང་། རྒྱུ་མཚན་གཙོ་ཤོས་ཏེ་འགྲོ་མའི་ཁམས་དང་མོས་པ་ལ་བརྟེན་ཏེ་སྟོན་པ་སངས་རྒྱས་ཀྱི་ཆོས་འཁོར་གསུམ་བསྐོར་བའི་མིག་དཔེ་དེའི་སྟེང་ནས་ཡོད་ཚད་ཐག་བཅད་ནན་མོ་ཞིག་བྱེད་རྒྱུ་དེ་རེད། མཁས་པ་ཞིག་ཡིན་ན་ཁོར་ཡུག་ལ་བསྟུན་དགོས་པའི་རང་གི་རིན་ཐང་ལྟ་ཚུལ་ཐོག་ནས། འགྲོ་མའི་ལོ་རྒྱུས་ཁྲོད་རླབས་ཆེ་བའི་སྐྱེས་བུ་དམ་པ་ཟེར་ཆོག་ཆོག་གི་སྐྱེ་བོ་འགའི་མི་བསྟུན་པའི་བསམ་བློ་སྙིང་སྟོབས་ལ་ནི། ཁོང་དང་ཁོང་ལྟ་བུའི་དགེ་རྒན་དག་གིས། དཔེ་ཞིག་བཞག་ན། རྒད་པོ་གྱོད་བཤད་ཚོས་ཁ་ན་“རྟོགས་ལྡན་རོགས་ལ་མི་མཐུན”ཟེར་རྒྱུ་ཡོད་པ་འདྲ་འདྲ་ཞིག་ལས། མི་གཞིའི་རིན་ཐང་ཅི་ཡང་མེད་པའི་མི་སྒེར་གྱིས་གོང་ཐང་གཅོད་ཕྱོགས་དེ་རྣ་བས་ཐོས་ཚེ། བདག་སེམས་སྐྱོ་གདུང་དང་།ཡིད་ཆད་ཅིག་གི་ངང་དུ་བསྐྱལ་སོང་།
  འོན་ཏེ།དགེ་ཆོས་ནི་དུས་རབས་གཅིག་གི་བོད་ཀྱི་རྩོམ་རིག་དང་སྙན་ངག ལོ་རྒྱུས་དང་མཚན་ཉིད་རིག་པ། བློ་འབྱེད་དང་བསམ་བློ་གསར་བའི་རླབས་རྒྱུན་གྱི་ལམ་ཚད་རྡོ་རིང་ལྟ་བུ་ཡིན་པས། དམ་པ་ཁོང་ལ་བླུན་པོ་རེད་ཅེས་པའི་གཏམ་དེའི་སྨྲ་མཁན་རང་གི་དེ་ཉིད་ཕྱིར་བསྟན་ལས་ཅི་ཡང་མིན་མོད་ཀྱི། རང་སྡེའི་རིགས་ལ་ཆ་གང་ཐད་ནས་བཀའ་དྲིན་ལྷག་ཏུ་ཆེ་བའི་མི་རིགས་ཀྱི་དཔའ་བོ་ཁོང་ལ་ངན་སྨོད་ཀྱི་ཚིག་འདི་མི་ཆོས་ཀུན་སྤྱོད་ཀྱི་ངོས་ནས་བལྟས་ན་མི་འོས་པའི་སྡིག་ལས་ཤིག་ཡིན་པ་སྨོས་ཅི་དགོས།
འོན་ཀྱང་། ང་ཚོས་འགྲོ་མའི་ཡོངས་ཁྱབ་རིན་ཐང་གི་སྒྲོམ་གཞིའི་ངོས་ནས། གཏམ་བརྗོད་རང་དབང་གི་རྩ་དོན་གྱི་ངོས་ནས། ཡང་ཡང་བསམ་ཁུལ་བྱས་ཡོད་པ་ལས། རང་ཆེ་རང་མཁས་ཀྱི་མཁན་པོ་དེ་རིགས་ཀྱི་བསམ་ཚུལ་ལ་ང་འཐད་པ་མེད་རུང་། ཁྱེད་ཀྱི་ལྟ་ཚུལ་འདོན་ཆོག་པའི་བསམ་བློ་ལ་ངས་སྲོག་གི་ཡང་སྲུང་སྐྱོབ་བྱ་རྒྱུའི་དམ་ཚིག་ནམ་ཞར་སེམས་ན་བཞག་ཡོད་པས། དོན་མེད་ལོང་གཏམ་འདི་ཚོར་ཞེ་སྡང་ལངས་དགོས་དོན་མི་འདུག་སྙམ་སྟེ་རང་གི་རང་ལ་སེམས་གསོ་བྱས་པ་ཡིན། རེད་དེ། དགེ་རྒན་གྱིས་བསམ་ཚུལ་ནི་བསམ་ཚུལ་རང་རེད། དེས་ན་མཁས་པར་ཚང་དགོས་ངེས་ཀྱི་ཆ་རྐྱེན་བཞི་བཏོན་ཁུལ་ཙམ་ལས་གང་ཟག་གཅིག་གི་སྟེང་དུ་བཤད་ཕོད་པ་དང་ལས་ཕོད་པ། བསྒྲུབ་ཕོད་པ་གསུམ་དང་བསྟུན་ཤེས་པ་ནི་བསམ་བློའི་འགལ་འདུ་ཞིག་རེད་ལ། དཔེར་ན། རང་ཚིག་འགལ་བའི་ངའི་མ་མོ་གཤམ་ཡིན་ཞེས་བརྗོད་ནི་དང་ཁྱད་ཅིག་མེད་པར་སེམས། སྤྱི་ཚོགས་ཁོར་ཡུག་ལ་བསྟུན་བཞག་ན་ཤེས་ཡོན་པའི་འགན་ཁུར་གང་ཡང་བསྒྲུབ་མི་ཐུབ་མི་ཕྱིར། དགེ་ཆོས་རང་ཉིད་ཀྱིས། མཁས་པ་དང་ཤེས་ཡོན་པའི་འགན་འཁྲི་ལྕི་མོའི་མཇིང་སྟེང་ནས་དབང་སྒྱུར་བ་དང་། ཤེས་རྨོངས་ལས་རྣམ་པར་རྒྱལ་བའི་མི་བསྟུན་པའི་གོ་ཆ་བགོས་ཏེ། “བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་། །  རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ། ། འདི་ནི་མཁས་པའི་དམ་ཚིག་དང་བོ་སྟེ། ། སྲོག་ལ་བབ་ཀྱང་འབད་པས་སྲུང་བར་གྱིས། ། ” ཞེས་དང་། “མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལ།  ། རང་མགོ་བསྐོར་བའི་གོས་ཀྱིས་མི་གཡོག་པ། །  འདི་མཁས་པའི་དམ་ཚིག་དང་བོ་སྟེ་། ། སྲོག་ལ་བབ་ཀྱང་འབད་པས་སྲུང་འཚལ”ཞེས་པའི་ལེགས་བཤད་ཐུང་ཐུང་འདི་ཚོ་ཁྱེད་ཅག་གིས་ལན་ཅིག་གཟིགས་དང་། དགེ་ཆོས་ཀྱི་རྫུན་དང་བརྫིས་མར་མི་བསྟུན་རྒྱུ་དེ་དགེ་ཆོས་ཀྱི་མ་འདང་ས་རེད་དམ། ཡང་ན་དགེ་ཆོས་ཀྱིས་རྫུན་དང་བརྗིས་མར་བསྟུན་པ་ནི། མི་དགེ་བའི་ལས་སུ་ལོག་པར་གཟིགས་ཏེ་བདེན་པ་མཐའ་སྐྱོང་གི་རྣམ་ཤེས་དེ་མི་ཚེའི་ལྟ་བ་ཡིན་པས་རེད།  དགེ་རྒན་ཚོ། བསམ་བློ་བཏང་ནས་སྐད་ཆ་བཤད་དགོས་པ་མ་གཏོགས། དེ་རིང་གི་གོ་ལ་ཧྲིལ་བོ་འདིའི་སྟེང་འགྲོ་མས་བསྔགས་འོས་སུ་གྱུར་བའི་སྐྱེས་ཆེན་མང་ཆེ་བའི་མི་ཚེའི་ལོ་རྒྱུས་ལ་འཇལ་ན་དགེ་ཆོས་དང་དགེ་ཆོས་ཀྱི་མི་ཚེའི་སྐྱོ་གར་བཞིན། དབང་ཤེད་དང་གཡོ་ཁྲམ་ལ་མི་བསྟུན་པའི་སྒེར་ཚུགས། རྒྱུ་འབྲས་བློ་མིག་གི་དོགས་སློང་ལྡན་པ། ཁ་དོན་ཚིག་ལ་གནས་ཤིང་། ཐ་ན་གཅེས་པའི་སྲོག་ཀྱང་བདེན་དོན་གྱི་ཆེད་དུ་བློས་གཏོང་ཕོད་པའི་མི་བོ་ཆེ་དེ་དག་ལ་ནི“རླབས་ཆེ་བའི་མི”ཞེས་ཀུན་གྱིས་བརྩི་བཀུར་བྱེད་པའི་དུས་རབས་ཡིན་པ་ཁྱེད་ཅག་གིས་ཧ་གོ་འུ་སོང་།
  འུ་ཅག་གིས་ཀྱང་མིག་བཙུམ་ཞིང་མགོ་བཏུམས་མི་འདུག་པར་ད་ནི་བདེན་ལུགས་ལ་ཁེན་ཏེ། བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་གི་རིག་པའི་དཔའ་བོར་གྲགས་པའི་དམ་པ་ཁོང་ལ་ངན་དམོད་དང་། སྡང་ཞིག་བྱེད་པའི་བསམ་བློའི་དུག་རྒྱུན་དེ་སྤངས་ཏེ། “བདེན་པ་སྙེན།” “དཔའ་བོ་བཀུར།” “འཛངས་པ་སྟོད”་པའི་ཐུ་བྷོད་ཀྱི་རིག་གནས་སྙིང་སྟོབས་སམ། ང་ཚོའི་མི་རིགས་འདིའི་གསེར་ལྟ་བུའི་མི་གཞི་དེ་བརྒྱུད་འཛིན་བྱེད་རྒྱུའི་དུས་སུ་ཁེལ་འདུག་པ་བདག་གིས་འབོད་སྐུལ་བྱེད་རྒྱུ་ཡིན། གལ་ཏེ། དགེ་ཆོས་ལ་བསམ་གཟས་ནས་སྐྱོན་བརྗོད་བྱེད་འདོད་ན། དགེ་ཆོས་ཞིབ་འཇུག་ཡག་པོ་ཞིག་བྱས་ཏེ་ད་གཟོད་དགེ་ཆོས་ཀྱི་དགེ་སྐྱོན་དང་མ་འདང་ས་གླེང་ན་རིག་པའི་སྤྱི་སྲོལ་ཞིག་ཡིན་ན་ཡང་། དུང་ཞེན་ཙམ་མ་ཡིན་པར་དེ་དུས་དགེ་ཆོས་ཀྱི་བྱ་དངོས་གང་དང་གང་ལ་ཞིབ་འཇུག་བྱས་པ་འདི་མ་རེད་ཟེར་དགོས་ན་དཀའ་ཚོད་རེད་སྙམ་མེད་ན་ར་གན།
                                  ༢༠༡༢༤༡༢
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་བསྟུན་པ་དང་དགེ་ཆོས།

2012-04-22 ཤེས་རབ་ཡེ་ཤེས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།