སྣང་ཚུལ་འདི་ཇི་ལྟར་འགྲེལ་དགོས།

                              སྔོན་དུ་གླེང་བ།
  གཅིག་ཐེངས་ན།ཁོ་བོར་ཁྱོད་ཅག་གི་ཁ་སྣ་གང་ཞིག་གླེང་དགོས་བའི་ཆ་རྐྱེན་ཡེ་ནས་འཛོམས་མེད་པའི་དུས་སྐབས་ཤིག་ནས།ཁྱོད་ཚོས་ཁོ་བོ་རྒྱ་སྟེང་དུ་བཞག་ཅིང་ལྗིད་ཚད་ཀྱང་ཚད་ཐིག་ཅན་ཞིག་གཏན་ལ་ཕབ་ཚར་ཡོད་ནའང་ཐང་ལ།ཡང་ན། ཁོ་བོ་དགའ་སྐྱོའི་གཏམ་གླེང་སྤེལ་བར་སྤྲོ་པོ་ཡོད་པ་རྒྱུ་རྐྱེན་དུ་བཞག་ཏེ། ཆ་ཡོད་ན་བཟང་དང་རྒྱུས་ལོན་ཚེ་ངན་ཞེས་པའི་གཏམ་དཔེ་ཐུང་ཐུང་དེ་ཡང་ཁོ་བོའི་ཕྱོགས་སུ་བསྐོར་ཅི་ཐུབ་བྱེད་ནའང་ཐང་མོད་ཀྱང་།ཁོ་བོར་མཚོན་ན། ནམ་ཡང་རང་གི་ཐེག་ཚོད་དེ་ལས་གང་ཡང་གླེང་འདོད་ཡོད་ཀི་མེད།
                             དང་པོ།  དཔེ་ཁང་གི་ཕྱི་ནང་ཉུལ་བ།
   ལས་རྒྱུ་འབྲས་ཀྱི་སྐད་ཆ་ཞིག་བཤད་ན།སྤྱིར་དཔེ་ཁང་ཞེས་པ་དེ་དཔེ་ཀློག་ལ་མོས་པ་དང་སྤྲོ་སྣང་ཡོད་མཁན་ཁ་ཅིག་ལ་དབང་གི་ཡོད་པ་ནང་བཞིན།སློབ་གྲྭ་ཞིག་ལ་མཚོན་ནའང་།སློབ་གྲྭ་གང་དེའི་དཔེ་ཁང་གི་སྒོ་མོ་ནི་ནམ་ཡང་ང་ཚོ་སློབ་མ་དག་གི་ཕྱོགས་སུ་ཆེས་ཆེར་ཕྱེས་ཡོད་པ་ཞིག་ཡིན་ནའང་། དེ་ཡི་དགོས་པ་དང་ཕན་ནུས་ནི་དཔེ་ཀློག་ལ་མོས་བ་དང་སྤྲོ་བ་ལྡན་མཁན་སློབ་མ་ཁ་ཅིག་གི་སེམས་སུ་ཁྲིགས་སེ་ཡིན་པ་ཙམ་རེད།དེ་ཡང་གཙོ་བོ་དཔེ་ཁང་གི་ལྷང་འཇགས་ཀྱིས་ད་གཟོད་དཔེ་ཀློག་པར་མཐུན་རྐྱེན་དང་རོགས་པ་གལ་ཆེན་པོ་གནང་གི་ཡོད་པས་ལོས་ཡིན།ཡིན་ནའང་།སྐད་ཆ་ཞིག་ལྡོག་སྟེ་བཤད་ན།  དཔེ་ཀློག་ལ་སྤྲོ་བ་དང་མོས་པ་ཡེ་ནས་བྱུང་གི་མེད་པའི་སློབ་མ་དག་གི་ངོས་ཐད་ནས།  དཔེ་ཁང་ནི་ནམ་ཡང་གསང་སྤྱོད་ཁང་ལས་ཀྱང་བཀོད་རྒྱ་ཉུང་བ་ཞིག་ཏུ་མི་འགྱུར་བས་ངེས་བ་ནི་རྦད་དེ་མེད་པ་མ་རེད་མོད། དེ་ལྟའི་ཆ་ཁ་ཡ་ཡི་བསམ་གཞིག་བྱེད་སྟངས་དེ་དང་དེ་ལྟ་བུ་དག་གིས་ནི།  ནམ་ཞར་ང་ཚོར་ཡར་ཐོན་མེད་པའི་རྨང་གཞི་སྲ་མོ་ཞིག་བཏིང་དང་འདང་བཞིན་པ་དེ་རེད།  
   ཉིན་འདི་དག་གི་རིང་ལ་ནུབ་བྱང་གི་དཔེ་ཁང་དུ་ཡང་སློབ་མ་མང་པོས་འདུ་རིབ་ལང་ལོང་བྱེད་ཀྱིན་འདུག་པས།ཆ་རྒྱུས་མེད་པ་གང་ཞིག་གསར་དུ་མཐོང་ཆོག་ཚེ་ཧ་ལས་ཧང་སངས་དུ་མི་གཏོང་བའི་ངེས་པ་ནི་ཁྱོན་ནས་མི་འདུག་ཀྱང་།ཕྱོགས་གཞན་ཞིག་ནས་སྔར་བཞིན་ལྷང་ལ་མི་འབུད་རང་འབུད་དུ་གྱུར་འདུག་པ་ནི།རྒྱུགས་ཟེར་བའི་དཔའ་རྒོད་ཅིག་གིས་དེད་ཅིང་བདས་དེ་ཐོན་པའི་དངངས་སྐྲག་ལྡན་པའི་སློབ་མ་ཉི་ཚེ་བ་དག་གི་ངོ་གདོང་ཡིན་སོང་།ཡང་གཅིག་བཤད་ན།ནམ་རྒྱུན་རྒྱུགས་སྐར་སོགས་སྒོ་ངའི་སྟེང་ལ་སྒོ་ང་སྤུངས་ཤིང་རྩེག་ཏེ་བསྡད་ཡོད་མཁན་དག་དང་བསྡུར་ཚེ།གོང་གི་ཉི་ཚེ་བ་དག་ལ་བདེན་ཁ་གང་ཞིག་མི་སྟེར་རང་སྟེར་ཡིན་པ་འདྲ་ཡང་། ང་ཚོ་ནི་ངོ་མ་ང་ཚོ་རང་སྟེ་ལག་པའི་ཕྱི་ནང་ཙམ་གྱི་བར་ཐག་ལས་མེད་པས་ན།ལྷག་དོན་སློབ་ཁང་གཅིག་གི་ནང་མི་ཡིན་པའི་ངོས་ཐད་ནས།ཁོ་བོས་རང་གི་བསམ་ཚུལ་ལ་རྦད་དེ་འགྱུར་བ་ཐེངས་གཅིག་མི་གཏོང་ཀ་མེད་ཡིན་ཏེ།དེ་ནི་ཁོ་བོས་ནམ་ཡང་ཁོ་ཚོར་ཀུ་ཡངས་དུ་གཏོང་མི་འདོད་ཅེས་པ་དེའོ། དེ་ཡང་སྐད་ཆ་རྡོག་རྡོག་ཅིག་བཤད་ན། ཡིན་རྒྱུ་ནི་ནམ་རྒྱུན་སྟོང་ལྷང་ལྷང་དུ་གནས་པའི་ང་ཚོའི་དཔེ་ཁང་གི་རྣམ་པ་དེ་ཡིད་ལ་དྲན་པས་ཡིན་ངེས་ལ།དེ་དང་ཞོར་དུ་ང་ཚོའི་ཕ་མ་གང་ཞིག་གི་དཀའ་སྡུག་དང་རྔུལ་ཆུའི་ཐིགས་པ་རེ་རེའང་རང་བཞིན་གྱིས་ཡིད་ལ་འཁོར་བས་ཡིན་སོང་།
   སླར་ཡང་ཤོད་འདོད་པ་ཞིག་ལ།ཉིན་འདི་ཚོར་དཔེ་ཁང་གི་ཕྱི་ནང་གང་དུ་བལྟས་ཀྱང་དགོད་བྲོ་ལ་ངུ་ཡང་རྐྱེན་པའི་སྣང་ཚུལ་འགའ་རེ་འདུག་ལ།དེ་དག་ཧ་ཅང་བདེ་བླགས་ངང་ང་ཚོའི་བྱ་སྤྱོད་གྱི་གསའ་དང་གསེང་གང་རུང་ནས་འབུར་ཡོང་ཀི་འདུག་སྟེ།གྲབས་རྒྱག་ངང་དཔེ་ཁང་དུ་འཛུལ་ཡོང་བའི་མིག་ཤེལ་དཀར་པོ་ཅན་དག་གི་གདོང་ལ།བཀྲ་མི་ཤེས་པའི་འོད་སྣང་གང་ཞིག་གིས་གཙེས་པ་ཅི་འཚལ་མོད།ཁོ་ཚོས་རང་གི་རྡོག་ལམ་ཡང་གནོན་ཐུབ་ཀྱིན་མེད་པ་ལྟར་གོམ་ཁ་རང་དགར་འཁྱོལ་འགྲོ་བའི་ཚུགས་ཀ་དེས་ཁོ་ཚོའི་ལ་རྒྱ་ཞིག་མཚོན་ཐུབ་ཀྱི་མེད་པར།དེ་ལས་ལྡོག་སྟེ་རང་རང་གི་ཞན་ཆ་དག་དྲུད་ཡོང་ཀི་འདུག གང་ལྟར། བར་རྐེད་འདི་ནས་ང་ཚོ་སྔར་བཞིན་སྐྱོ་དགོས་ས་ཞིག་དང་རང་དགར་ཕྲད་ཡོད་པ་ནི། རྒྱུགས་ལ་མགོ་ལུས་ཕུང་གསུམ་འབུལ་བར་གོམས་པ་དག་གིས་རང་གི་ཉེས་དམིགས་ཤེས་ཀྱིན་མེད་པ་ཙམ་ནི་མ་ཡིན་ཏེ།ནམ་ཡང་ང་ཚོའི་ཕྱོགས་སུ་རང་གི་བྲང་གཞུང་ཆེས་ཆེར་ཕྱེས་ཡོད་པའི་དཔེ་ཁང་གྲུ་བཞི་དེ་དང་དེ་ཡི་མཐའ་འཁོར་གྱི་ནན་ནན་ཏན་ཏན་གྱི་སློབ་མ་དག་གི་ལས་དབང་དང་།རང་གི་མི་ཚེ་ལྟར་ནམ་ཡང་ཁ་གདངས་མིག་ཅེར་ཏེ་ང་ཚོའི་གདོང་ལ་བལྟས་ཡོད་པའི་མཆན་དུ་བཙུར་བའི་དཔེ་ཆ་དག་གོདེ་དག་གི་རེ་བ་དང་འོད་སྣང་གཞན་གྱིས་འཕྲོག་པས་སྐྱོ་བ་དེའོ།
                             གཉིས་པ།  རྒྱུགས་རའི་དྲ་མ་གཅོག་པ།
   དེ་ཡང་གོང་གི་སྐད་ཆ་དག་མར་སྒྱུ་མ་འདེད་འདེད་བྱས་ན། རྒྱུགས་རའི་ཁྲོད་ཀྱི་སློབ་མ་སྤྱིའི་ལས་དབང་ཡང་རང་དབང་མེད་པར་ཁོ་བོའི་ཡིད་ལ་འཁོར་ཡོང་ཀི་འདུགསྤྱིར་བཤད་ན།སུ་དང་གང་ཞིག་ཡིན་ནའང་རྒྱུགས་ལ་འབྲས་བུ་ཏིལ་འབྲུ་ཙམ་ཡང་མེད་ཅེས་ཤོད་ས་མི་འགྲོ་ནའང་། སྔར་བཞིན་རང་གི་ལྟ་ཚུལ་དང་སྐད་ཆ་རྡོག་རྡོག་དེ་དཔང་ལ་བཞག་ཏེ། རང་གི་མི་ཚེའི་རེའུ་མིག་ཏུ་འགྱོད་མེད་སྐྱོ་མེད་ཀྱི་རྐང་རྗེས་རེ་ཕབ་རྒྱུ་གཞི་རྩར་འཛིན་ཆོག་ཚེ། ཡོད་ཚད་རྒྱུགས་ལ་བཅོལ་བའི་ལས་དབང་མཐའ་དག་ལ་གཏན་དུ་གྱེས་ཕྱགས་མི་འཚལ་རང་འཚལ་རེད་སོང་།
   བཤད་སྟངས་ཤིག་བརྗེས་ན།ང་ཚོ་དང་རྒྱུགས་ཀྱི་བར་ན་ནམ་ཡང་གསེང་བ་གཞན་ཞིག་སྦས་འདུག་པ་ང་ཚོས་ཤེས་དགོས་ལ།ང་ཚོ་དང་རྒྱུགས་ཀྱི་བར་ན་ནམ་ཡང་བར་ཐག་གཞན་ཞིག་གིས་བཅངས་ཡོད་པའང་ང་ཚོས་མ་ཤེས་ན་ག་ལ་ཆོག་ཨང་།གང་ལྟར།ད་ཐེངས་ཀི་ཁོ་བོའི་བྲིས་རྩོམ་འདིའི་དམིགས་ཡུལ་ནི་ཆེན་པོ་ཞིག་ལ་གཟས་མེད་པ་འདྲ་ཡང་། རྒྱུགས་ཟེར་བའི་ཁ་ཆེན་དབང་ཆེན་དེས་མི་ཤེས་ས་ནས་མི་གསོད་པ་དང་མ་ཚོར་ས་ནས་མི་བསྒྱུར་འགྲོ་བའི་ཉེས་དམིགས་མཐའ་དག་ལ་རྒོལ་བ་གཏོང་འདོད་པས་རྣམ་འགྱུར་ཙམ་སྟོན་ཁུལ་བྱས་པ་ཡིན།
                             གསུམ།  སྐྱེལ་མ་དང་མཐའ་བཤད།
   རྩོམ་ཐུང་འདི་བྲིས་ཏེ་མཇུག་ཏུ་སླེབས་ཁར། ཁོ་བོར་ཅི་ཞིག་གསལ་བཤད་ཙམ་བྱེད་དགོས་པའི་འདོད་ཚུལ་སྐྱེས་སོང་།  དེ་ནི་བྲིས་རྩོམ་འདི་འབྲི་དགོས་བའི་ཐོག་མའི་ཆ་རྐྱེན་ཡིན་པ་འདྲ་ལ།  བྲིས་རྩོམ་འདི་མཇུག་བསྡུ་དགོས་བའི་ཆ་རྐྱེན་ཡིན་ནའང་ཆོག གང་ལྟར་དུ། དུས་དང་རྣམ་པ་ཀུན་དུ་ང་ཚོས་རང་གི་ཐེག་ཚོད་འཁྱོངས་ཚོད་ཀྱི་ལས་ཀ་ཞིག་གདམས་ན་ལེགས་པར་འདོད་ལ།ལས་ཀ་དེ་ཡང་ང་ཚོས་རང་གི་མི་ཚེ་དང་འཚོ་བ་གདམས་པ་ལྟ་བུའི་གནད་འགག་ཅིག་དང་དཀྱོགས་མཚམས་ཤིག་ཏུ་ནམ་ཡང་བསྲིངས་ཀྱང་ཆོག་ངེས་རེད།
                               ༢༠༡༡ལོའི༡༠ཚེས༡༩ཉིན་ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྣང་ཚུལ་འདི་ཇི་ལྟར་འགྲེལ་དགོས།

2012-04-11 རྩེ་བ་ཀུན་དགའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།