བོད་རྗེ་གླང་དར་མ།

ཤོ་ཤར་ཚེ་རིང་རྒྱལ་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-10

  བོད་རྗེ་གླང་དར་མ།བོད་ཀྱི་ལོ་རྒྱུས་དེབ་ཐེར་ཐོག།ཁྱེད་བདུད་པོ་གླང་དར་ཞིག་གི་གཟུགས་སུ་བཀོད་ན་ཡང༌།དེང་དུས་ཀྱི་ལོ་རྒྱུས་སྨྲ་བའི་མཁས་པ་མང་པོས་ཁྱེད་ནི་ཆབ་སྲིད་མཁས་ཅན་ཞིག་གི་མཚན་སྙན་གསོལ་གྱིན་ཡོད། རེད་ཨང༌། འཇིག་རྟེན་འདི་ན་དགེ་སྐྱོན་དང་ ལེགས་ཉེས།    བཟང་ངན༌།ཆེ་ཆུང།ཡོད་ཚད་ཀྱི་ཡོད་ཚད་ནི་ལྟོས་བཅས་འབའ་ཞིག་ཡིན་པ་ལས་ལྟོས་མེད་ཐེར་ཟུག་ཏུ་གནས་པའི་དངོས་པོ་རྡུལ་ཙམ་ཡང་མེད་པ་ཡིན།དེ་ལྟར་སངས་རྒྱས་ཆོས་ལུགས་ཀྱི་ངོས་ནས་བརྗོད་ན།ཁྱེད་ནི་གླང་དར་གྱི་གཟུགས་སུ་བཀོད་པའི་བདུད་པོ་དེ་ཡིན་པ་བསྙོན་དུ་མེད་དེ་ཁྱེད་ཀྱིས་ཐོག་མའི་ཀུན་སློང་གང་འདྲ་ཞིག་བཅངས་ནས་དགེ་འདུན་གྱི་སྡེ་གཏོར་ཞིང༌།ཆོས་ཀྱི་པུ་ཏི་མེར་བསྲེགས་ཀྱང་རུང༌།སངས་རྒྱས་ཆོས་ལུགས་ལ་བལྟོས་ན།ཁྱེད་རང་ནམ་ཡང་བདུད་པོ་གླང་དར་དེ་ཡིན་པ་ལས་ཆབ་སྲིད་མཁས་ཅན་དེ་མ་ཡིན།གང་ཡིན་ཟེར་ན།ཁྱེད་རང་ངོ་མ་ཆབ་སྲིད་མཁས་ཅན་དེ་ཡིན་ན།དངོས་པོ་ཐམས་ཅད་ལ་དགེ་རེ་དང་སྐྱོན་རེ་ཡོད་པ་མི་ཤེས་པར་མེས་པོའི་རྔུལ་ཁྲག་ལས་འགྲུབ་པའི་རིག་གནས་དེ་དག་ཕངས་སེམས་དང་ཚམ་ཚོམ་མེད་པར་མེར་བསྲེགས་ཆུར་བསྐྱུར་གྱི་ལས་ངན་ཐབས་རྡུག་དེ་འདྲ་བརྩམས་དགོས་པ་གང་ཡིན།གནས་སྐབས་ཚབ་འཚུབ་དབང་གིས་ཡིན་ནམ།ཡང་ན།ཁྱེད་ཀྱི་སེམས་ཁོང་ན་ཡུན་རིང་ཉར་བའི་དུང་ཞེན་ཕྱོགས་ལྷུང་ཞིག་གིས་བསྐུལ་བ་ཡིན་ནམ།
   བོད་རྗེ་གླང་དར་ལགས།ངས་ཁྱེད་ལ་འཁང་ར་བྱེད་མི་སྲིད་ལ།བསྟོད་ཚིག་གི་མེ་ཏོག་ཕྲེང་བ་དེ་ཡང་འབུལ་མི་འདོད།ལྷག་པར་དུ།ཁྱེད་གཤེགས་ལ་ཁད་ཀྱི་མཚམས་དེར་ཐོལ་གྱིས་ཤོར་བའི་སྐད་ཆ་ཚིག་དུམ་ 【ཡང་ན་ལོ་གསུམ་ཕྱིས་སོང་ཡང་ན་ལོ་གསུམ་སྔས་སོང་】དེ་དྲན་ཐེངས་རེར།ངའི་བསམ་གཞིགས་ཀྱི་རྒྱ་མཚོའི་རྦ་རླབས་དྲག་ཏུ་ཕྱུར་ཞིང༌།མཐར་གང་ཡང་མི་རྟོགས་པར་སེམས་ཁོང་ཀྱི་བར་སྣང་མཐོངས་སུ་འདྲི་རྟགས་ཀྱི་ཆུ་རྡུལ་མང་པོར་འགྱུར་ཏེ་སླར་ཡང་བསམ་གཞིགས་ཀྱི་རྒྱ་མཚོར་ལྷུང༌།
 བོད་རྗེ་གླང་དར་ལགས།ཁྱེད་ནི་ནམ་ཡང་ངའི་སེམས་ཁམས་ཀྱི་བཟང་ངན་མདོ་ཚིག་ཏུ་གནས་པའི་མི་བུ་དེ་ཡིན།
        ༢༠༠༨ལོའི་ཟླ་བ་༩ཚེས་༢༧ཉིན་གནས་མཆོག་དྭགས་ལྷ་སྒམ་པོར་བྱི་རིམས་གཤམ་སྐྱོད་ལས་དོན་འགྲུབ་སྐབས་ཀྱི་ཞོར་དུ་བྲིས་པ་དགེ་ལེགས་འཕེལ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་རྗེ་གླང་དར་མ།

2012-04-10 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།