ཚེ་སྲོག་དང་བདེ་སྡུག་གི་གསང་བ།

ཤོ་ཤར་ཚེ་རིང་རྒྱལ་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-22

  ཚེ་སྲོག་གི་དབྱངས་རྟ་འདི་རིལ་རིལ་གྱི་གོ་ལ་འདིར་གྲགས་པ་ནས་བཟུང༌།བདེ་སྡུག་བར་མའི་འཚོར་བ་ལས་འབྱུང་བའི་ངོ་མཚར་གྱི་གྲགས་ཆ་སྙན་པོ་ཞིག་ཀྱང་ལོ་ངོ་དུ་ མའི་ཆར་རླུང་ཁྲོད་དུ་བར་མེད་སྒྲོགས་ཤིང་ཇེ་གསལ་ཇེ་གསལ་དུ་གྱུར་འགོ་བརྩམས།
   རེད་ཨང༌།ཚེ་སྲོག་འདི་རྒྱུ་གང་ཞིག་ལས་འབྱུང་བ་དང༌།གང་ཞིག་གིས་དོན་དུ་གོ་ལ་འདིར་ཆགས་ཤིང༌།གནས་པ།འཕེལ་བ།མཐའ་མ་འཇིག་འགྲོ་བ་ཡིན་ནམ་ཞེ་ན།སུ་ཞིག་གིས་ཀྱང་འདྲི་བ་འདིར་ལན་གནད་དུ་འཕིགས་པ་ཞིག་འདེབས་རྒྱུ་མེད་པར་ང་ཡིད་ཆེས་ཡོད། གང་ཡིན་ཟེར་ན་ཚེ་སྲོག་འདི་མ་བྱུང་གི་སྔོན་རོལ་དུ་འདི་ལྟ་བུའི་འདས་སོང་གི་ཚེ་སྲོག་ཞིག་བྱུང་ཡོད་མེད་ང་ཚོར་རྨི་ལམ་གྱི་འཆར་སྣང་ཙམ་ཡང་མེད་པས་སོ། ང་ཚོས་ཚེ་སྲོག་གི་འབྱུང་ཁུངས་ངོ་མ་དེ་འཚོལ་དགོས་ན།གོ་ལ་རིལ་པོ་འདིར་ཚེ་སྲོག་མ་བྱུང་གི་སྔོན་རོལ་གྱི་སྔོན་རོལ་དུ་འདི་ལྟ་བུའི་ཞིག་ཚེ་སྲོག་ཡོད་མེད་དཔྱད་དགོས་ལ་ཚན་རིག་གི་ཕ་ཡབ་ཨན་དབྱིན་སི་ཐན་གྱིས་འཇིག་རྟེན་ནི་མཐའ་མེད་རྒྱ་ཆེར་འགྲོ་བཞིན་ཡོད་ཅེས་པའི་སྡོམ་ཚིགས་འདིར་ཡང་བསམ་ཞིག་ལེགས་པོ་ཞིག་བྱེད་དགོས།གོ་ལ་འདིའི་ཚེ་སྲོག་ལས་ཆེས་སྔ་བའི་གོ་ལ་གཞན་ཞིག་གི་སྟེང་འདི་ལྟ་བུའི་ཚེ་སྲོག་ཞིག་གནས་ཡོད་མིན་ཐེ་ཚོམ་ཚུན་ཆད་ཀྱི་བརྟག་པ་མཐའ་བཟུང་ཞིག་ཀྱང་རང་རང་གི་སེམས་ནང་བཀོད་དགོས་པ་ཡིན།ད་ལྟ་ཚན་རིག་པས་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མ་འབའ་ཞིག་གི་གནས་སྟངས་གནས་ཚུལ་ལས་ཤེས་ཀྱི་མེད་པ་ཡིན།འདི་ལྟ་བུའི་ཁྱིམ་རྒྱུད་དུང་ཕྱུར་མང་པོ་ཡོད་པ་ད་ལྟ་ཤེས་ཀྱིན་ཡོད་པ་ཡིན།ད་ལྟ་ཚན་རིག་པས་རྟོགས་པ་ནི་མུ་མེད་འཇིག་རྟེན་འདིའི་ཟུར་ཆ་ཆུང་ཆུང་ཞིག་གི་གནས་ཚུལ་ཙམ་ཡིན།དྲི་བ་འདི་འདྲ་བཀོད་ན།འཇིག་རྟེན་འདིར་ཚེ་སྲོག་བྱུང་ནས་ལོ་ངོ་དུང་ཕྱུར་བཞི་བཅུ་ཡས་མས་ལས་སོང་མེད་དམ།སའི་གོ་ལ་འདི་མ་ཆགས་པའི་སྔོན་རོལ་གོ་ལ་གཞན་དག་དུ་ཚེ་སྲོག་གི་མིང་ཡང་འབོད་དུ་མེད་པའི་སྒྲུབ་བྱེད་ཁུངས་བཙན་ང་ཚོར་སྨྲ་རྒྱུ་ཡོད་དམ།མདོར་ན་ཚེ་སྲོག་འདི་གང་གི་དོན་དུ་འཇིག་རྟེན་འདིར་ཆགས་གནས་འཇིག་གསུམ་བརྒྱུད་དགོས་པ་ནི་འཇིག་རྟེན་འདིར་གབ་ལེན་མེད་པའི་གབ་ཚིག་དེ་ཡིན།མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག།ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག།མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།གཅིག་ལས་གཅིག་མགྱོགས་བདེ་བའི་ཆེད་དུ་རྒྱུག།ཅེས་དམའ་བ་སྐྱག་དོང་གི་སྲིན་འབུ་ཡན་ཆད་ནས་མཐོ་བ་སྨྲ་ཤེས་དོན་གོ་བའི་མི་མན་ཆད་བདེ་བ་འབའ་ཞིག་འདོད་མཁན་ཡིན་པ་བསྟན་ཡོད།དེ་ལྟར་ཚེ་སྲོག་འདི་བདེ་སྡུག་བར་མ་གསུམ་ལས་བདེ་བ་འབའ་ཞིག་འདོད་པ་ལས་གཞན་པ་སྐད་ཅིག་ཙམ་ཡང་མི་འདོད་པའི་རྒྱུ་མཚན་གང་ཡིན་ནམ།ད་ལྟའི་དུས་ཐུང་གི་བདེ་བ་འདི་དུས་རིང་གི་གཏན་གྱི་བདེ་བ་ཞིག་ཏུ་འགྱུར་ཐུབ་སྲིད་དམ།ང་ཚོ་གདོད་མའི་སྲོག་ཆགས་ལས་ད་ལྟའི་འཇིག་རྟེན་གྱི་བདག་པོར་གྲགས་པའི་མི་རུ་འཕོ་འགྱུར་བྱུང་ཡོད་ན།ང་ཚོ་ད་ལྟའི་མི་ཞེས་པ་འདི་ལས་ལྡབ་འགྱུར་གྱི་ཁྱད་འཕགས་ལྡན་པའི་སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་བརྗོད་པའི་བདེ་བའི་མཐར་ཐུག་གམ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་རྙེད་དུ་མེད་པའི་རྒྱུ་མཚན་གང་ཡོད།མདོར་ན།ང་ཚོས་རང་ཉིད་བདེ་བ་འབའ་ཞིག་འདོད་པ་ཤེས་ཀྱང་བདེ་བའི་རྒྱུ་གང་ཡིན་པ་དང་བདེ་བ་ཞེས་པ་དེ་གང་འདྲ་ཞིག་ལ་ཟེར་གྱི་ཡོད་མེད་ཤེས་མཁན་ནི་ཉིན་མོའི་སྐར་མ་དང་ནམ་མཁའི་མེ་ཏོག་གི་སྤུན་ཟླར་འགྱུར་ཡོད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་སྲོག་དང་བདེ་སྡུག་གི་གསང་བ།

2012-03-22 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།