ཤོབ་ཀྱིས་འཇིག་རྟེན་ཡོམ་ཡོམ་འགུལ།

  དུས་རབས་གསར་བ་དང་སྤྱི་ཚོགས་འཕེལ་བའི་སྐབས་འདིར།  མི་རྣམས་ཀྱང་རང་བཞིན་གྱི་རང་གཤིས་འགྱུར་ཞིང་སེམས་འགྱུ་རྒོད་ཅིང་། ཡ་རབས་སྤྱོད་བཟང་གི་གོམས་སྲོལ་མང་པོ་ག་ལེར་ག་ལེར་རྐང་འོག་ཏུ་བརྫིས་ཏེ། གནའ་བོའི་མེས་པོའི་སྲོལ་བཟང་དག་དུས་རབས་གསར་བའི་འཁྱེར་འོང་བའི་ལྟ་ངན་སྤྱོད་ངན་གྱི་ཡ་མ་བརླའི་གོམས་སྲོལ་ཞིག་ལ་བརྗེ་ནས་མི་རིགས་རང་གི་མི་གཤིས་བཟང་བོ་སྤྱི་ཚོགས་ཀྱི་གད་སྙིགས་ནང་དུ་འཕངས་ཟིན་པས།  དུས་དེ་རིང་མགོ་སྐྲ་དཀར་མན་ཆད་ནས་ཆུང་བྱིས་པའི་ཡན་ཆད་ཀྱི་མགོ་ནག་བོད་པ་རྣམས་ཀྱི་སེམས་རྒྱུད་དུ་ནག་ནོག་གི་དྲི་མ་བཙོག་པོ་ཞིག་གང་སར་འགོས་ནས་མི་གཤིས་ཡོད་ཚད་གཞན་ཞིག་ཏུ་གྱུར་འདུག
  ཐོག་མར་མི་རྣམས་ཀྱི་ཀླད་པའི་ནང་དུ་དཔལ་འབྱོར་གཙོ་གཉེར་བྱེད་དགོས་པའི་འདུ་ཤེས་དྲག་པོ་ཞིག་རིམ་གྱིས་ཆགས་ཡོད་པས།  རྒན་དར་གཞོན་གསུམ་ཚང་མའི་མིག་ལམ་དུ་དངུལ་སྒོར་ནི་དེང་སྐབས་ཆེས་མཁོ་གལ་ཆེ་བའི་ཡོ་བྱད་བཟང་བོ་ཞིག་དང་།  དེ་ཡོད་པ་ན་དེང་སང་གི་ཁོར་ཡུག་འདི་ནས་གཞན་ཅི་ཡང་མི་དགོས་པར་ཆོག་སྙམ་པའི་འདུ་ཤེས་དྲག་པོའི་ཀུན་ནས་གཟིར་ཏེ།  རང་ཉིད་དངུལ་སྒོར་གྱི་ལག་ཆ་རུ་གྱུར་ནས་མི་ལས་དངུལ་སྒོར་གཙོ་རྒྱུགས་ཆེ་བའི་ལྟ་བ་ངང་གི་རྒྱུད་ལ་ཆགས་ནས་རང་ཉིད་དངུལ་སྒོར་གྱི་གཡོག་པོར་གྱུར་སོང་བས། དེང་གི་ང་ཚོ་ཚང་མའི་མི་གཤིས་རྩ་བ་ནས་འགྱུར་སོང་ནི་རེད། མི་ངོ་ལས་རྒྱུ་ངོ་རྟག་པའི་འདུ་ཤེས་ཟབ་མོ་རྒྱུད་ལ་སྐྱེས་པས་མི་རིགས་ཤིག་གི་རང་གཤིས་ངོ་མ་དལ་གྱིས་གད་སྙིགས་སུ་འཕངས་པས་དེང་གི་རྫོབ་དྲི་བྲོ་བའི་མི་གཤིས་ངན་པ་འདི་གྲུབ་སོང་བ་མ་ཡིན་ནམ།
  བར་དུ་དེང་གི་མི་ཆེ་མ་ཆུང་གསུམ་ཚང་མ་རང་གི་ཁེ་ཕན་གཙོ་གཉེར་བྱེད་རྒྱུའི་ཧམ་སེམས་ཀྱི་འདོད་རྔམ་མཆེ་བ་རིང་དུ་སྐྱེས་ཡོད་པས།  གཞན་དོན་ལས་རང་དོན་གཙོ་ཆེ་བའི་འདུ་ཤེས་དྲག་པོ་མགོ་ནས་མཇུག་བར་ཏུ་ཁྱབ་ནས་བྱ་བ་གང་བསྒྲུབ་ཀྱང་ཐོག་མར་རང་ལ་ཁེ་ཕན་ཡོད་མེད་ཀྱི་བསམ་གཞིགས་ཡག་པོ་བཏང་རྗེས་ད་གཟོད་བསྒྲུབ་པ་རེད།  གལ་ཏེ་བྱ་བ་དེ་རང་ཉིད་ལ་ཕན་ཐོགས་ཅི་ཡང་མེད་ན་སེམས་ཀྱི་རྒྱུད་ནས་བསྒྲུབ་འདོད་མི་སྐྱེས་པར་གཡོ་སྒྱུའི་བྱ་ཐབས་གང་མང་སྤྱད་ནས་བྱ་བ་དེ་ལས་གཞོལ་གང་ཐུབ་བྱེད་ངེས་རེད། དེའི་ཞོར་ནས་སྒྲིག་མི་དགོས་པའི་ཤོབ་གཏམ་མང་པོ་ཆུ་བཞུར་བཞུར་བྱེད་ངེས་རེད།
  ཐ་མར་དེང་སང་རྒན་གཞོན་ཕོ་མོ་སུ་ཡིན་རུང་ཁ་ནས་སྐད་ཆ་དྲང་མོ་བཤད་པའི་མི་ཞིག་བཙལ་ནས་རྙེད་དཀའ་བའི་དུས་ལ་སླེབས་ཡོད་པའི་རྒྱུ་མཚན་ཅི་ཡིན་པའི་ཕྱོགས་ལ་མནོ་བསམ་རེ་གཏོང་ཁུལ་བྱས་ན་ཐོག་མར་མི་རང་ཉིད་ཀྱི་རྒྱུད་ལ་ཡང་ཡང་སྐོར་ཞིབ་ཅིག་བྱས་ཚེ།  ད་གཟོད་གསལ་རྟོགས་བྱུང་འོང་བ་ནི་ཤོབ་གཏམ་དགོས་པའི་ཐོག་མའི་འབྱུང་ཁུངས་དེ་རང་ཉིད་ཀྱི་རྒྱུད་ནས་སྐྱེ་བའི་དམིགས་ཡུལ་ཅི་ཡིན་པར་གསལ་ཁ་འབྱེད་ན་མྱུར་དུ་རྟོགས་པ་རེད། མི་མང་པོ་ཞིག་གིས་ཤོབ་གཏམ་པར་དམིགས་ཡུལ་ཡོད་པའི་སྒོ་ནས་མ་སྒྲིག་རང་འགྲིག་གི་ཤོབ་རྫུན་མི་ཤེས་པའི་སྐད་ཆ་དྲང་གཏམ་ཞིག་ཏུ་ཁ་བསྒྱུར་ནས་ཕ་རོལ་བོ་དེར་བདེན་པའི་བློ་སྣ་སྐྱེ་རུ་འཇུག་པའི་སྒྱུ་འཕྲུལ་བསྟན་སོང་བས། རང་ཉིད་ཀྱི་ཤོབ་གཏམ་དེ་དྲང་གཏམ་དུ་གྱུར་ནས་རང་ཉིད་ལ་ཤོབ་གཏམ་ཆོག་པའི་ཡིད་ཆེས་རྨ་མེད་པ་ཞིག་སྔར་ལས་སྐྱེས་སུ་བཅུག་ནས།  རྗེས་ཕྱོགས་མུ་མཐུད་དུ་ཇི་ལྟར་ཤོབ་གཏམ་ཆོག་པའི་མན་ངག་ཟབ་མོ་རྒྱུད་ལ་འབྱོར་སོང་བ་རེད།
  ཡང་མི་ལ་ལས་ནམ་རྒྱུན་མི་སུ་ལ་ཐུག་རུང་སྐད་ཆ་དྲང་གཏམ་མི་བཤད་པར་ཤོབ་ཀྱི་རྐྱལ་བ་ནམ་རྒྱུན་རང་གི་ཁུག་མ་ནང་དུ་བཅུག་ཡོད་པ་ལྟར་ཤོབ་གཏམ་མ་བཤད་ན་མི་བདེ་བའི་ཚོར་སྣང་དྲག་པོེས་གཟིར་བས་དྲང་གཏམ་ལས་ཤོབ་གཏམ་བཤད་པར་དགའ་བ་རེད། མི་རེ་འགའ་ཞིག་གིས་ཤོབ་གཏམ་ནི་མི་རང་ཉིད་ངོམ་སྤྱད་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་བརྩིས་ནས་ཤོབ་གཏམ་ནས་མི་རང་ཉིད་དྲིལ་སྒྲོག་བྱེད་བཞིན་འདུག ཡང་མི་རེ་འགའ་ཞིག་གིས་ཤོབ་གཏམ་ནི་རང་ཉིད་མཁས་པ་ཡིན་པའི་ལག་རྟགས་སུ་ངོས་བཟུང་ནས་མི་ཤེས་ཤེས་ཁུལ་གྱི་མཚང་ཡིན་པར་མ་བརྫུ་བར་མཁས་རྟགས་སྟོན་བྱེད་ཀྱི་ལག་ཆ་བཟང་བོ་ཞིག་ཏུ་ངོས་བཟུང་ཡོད་པ་རེད།
  ཡང་མི་རེ་འགའ་ཞིག་གིས་རང་ཉིད་འུད་བསྟོད་དང་ལབ་རྒྱག་པར་ཤོབ་གཏམ་མ་བཀོལ་ན་གཞན་ཐབས་བཀོད་ཅི་ཡང་མེད་པས་འུ་ཐུག་ཐབས་ཟད་ཀྱི་སྒོ་ནས་ཤོབ་ལག་ཆ་རུ་མི་བཟུང་ཀ་མེད་དུ་གྱུར་ཏེ། སྤོབས་པ་ཆེན་པོའི་སྒོ་ནས་ཤོབ་ནི་ལག་ཆ་རུ་བཟུང་ནས་རང་ཉིད་ཀྱི་མི་གཞན་པའི་བསྒྲུབ་མི་ཐུབ་པའི་བྱ་བ་ཡོད་ཚད་སྒྲུབ་ཐུབ་པའི་རློམ་སེམས་བཅོས་མ་རྒྱུད་ལ་སྐྱེས་ནས་འུད་སྒྲོག་གི་ཚུལ་དུ་ཤོབ་མི་གཏམ་ཀ་མེད་དུ་གྱུར་བ་རེད། ཡང་མི་ལ་ཤས་ཀྱིས་ཤོབ་ལ་བརྟེན་ནས་རང་ཉིད་ཀྱི་བྱ་བ་བདེ་བླག་ཏུ་འགྲུབ་ཐུབ་ཆེད་ཤོབ་ནི་རང་ཉིད་ལ་ཆེས་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཏུ་ངོས་བཟུང་ནས་ཤོབ་བཀོལ་སྤྱོད་བྱས་ནས་རང་ཉིད་ལ་ཕན་ཁེ་བསྐྲུན་ཅི་ཐུབ་བྱེད་བཞིན་ཡོད་པ་རེད། དེར་བརྟེན་དུས་དེ་རིང་ངའི་རང་ཉིད་ཀྱི་སེམས་རྒྱུད་ལ་ཡང་བསྐྱར་སྐོར་ཞིབ་ཞིག་བྱེད་དུ་སོང་ཚེ།  དོན་ངོ་མའི་རང་ཉིད་ཀྱི་སེམས་རྒྱུད་ནའང་ཤོབ་གྱི་ཕུང་བོ་རི་འདྲ་བ་ཞིག་བརྩིགས་ཡོད་པ་དང་། ཤོབ་ཀྱི་ཕུང་བོ་རི་འདྲ་བ་ཞིག་ད་བར་དུ་རང་ཉིད་ཀྱིས་བཤད་དེ་གཞན་པའི་སེམས་རྒྱུད་དུ་བརྩིགས་ཟིན་པས་ངོ་མ་རང་ཉིད་ཀྱི་རང་ཉིད་ལ་ཡིད་གཏིང་ནས་ཆད་འགྲོ་བ་ཞིག་རེད། རང་ཉིད་ནི་མི་རབས་རྗེས་མ་སྐྱེད་བསྲིང་བྱེད་མཁན་གྱི་དགེ་རྒན་ཟེར་བ་དེ་ཡིན་པས། ང་རང་ཉིད་ནས་མགོ་བཟུང་སྟེ། ཤོབ་བཤད་པའི་གཡོ་སྒྱུ་ཡི་ལས་འདི་གཉེར་ན། རང་གིས་སྐྱོང་བའི་སློབ་བུ་འདི་དག་གི་རྒྱུད་ནའང་ཤོབ་ཀྱི་རི་རབ་བརྩིགས་ཡོད་པས། ངས་ཤོབ་ཀྱི་རི་རབ་དེ་ཇེ་མཐོར་བཏང་ནས་ཤོབ་ཀྱི་ཕུང་བོ་ཁྲི་ཕྲག་བརྩིགས་མཁན་ཇེ་མང་དུ་བཏང་བ་མ་ཡིན་ནམ།
  དེང་སང་གི་སྤྱི་ཚོགས་སྟེང་དུ། ང་དང་ང་འདྲ་བའི་མི་སྣ་མང་པོ་ཞིག་གིས་དྲང་གཏམ་བཤད་པར་མི་གོམས་པར་ཁ་གྲགས་མ་ཐག་ནས་ཤོབ་གཏམ་ཁོ་ན་ཡིས་མི་སེམས་བསླུ་བའི་མཁའ་དབུགས་བཙོག་པོ་ཞིག་གང་སར་འཐིབས་ཡོད་པ་མ་ཟད།  འཇིགས་སྔངས་ཀྱི་ཁེངས་པའི་མི་སེམས་འདི་ངོ་མ་རྟོགས་མི་ཐུབ་པའི་རབ་རིབ་འཁྲལ་འཁྲུལ་གྱི་ཤོབ་ཀྱི་འཇིག་རྟེན་ཧྲིལ་བོ་ཞིག་ཏུ་འགྱུར་ནས་ཚར་འདུག་པའི་ཚོར་སྣང་དྲི་མ་ཅན་ཞིག་གིས་ངའི་ཁོར་ཡུག་ཡོད་ཚད་བསླད་དུ་བཅུག་ཡོད་པས། ནམ་ཞིག་ལ་ཁོར་ཡུག་འདི་ཡོད་ཚད་ཤོབ་ཀྱི་ཁེངས་ནས་མ་ཐེག་པར་ཡོམ་ཡོམ་འགུལ་ནས་མགོ་རྟིང་སློག་སྟེ་དྲང་བདེན་དང་གནས་ལུགས་བརྗོད་པའི་དྲང་གཏམ་གསར་བ་ཞིག་གིས་རྫོགས་ལྡན་གྱི་འཇིག་རྟེན་གསར་བ་བསུ་བའི་སྐལ་བཟང་ཉིན་མོ་ནམ་ཡིན་ནམ། ཤོབ་རྐྱལ་ཚོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤོབ་ཀྱིས་འཇིག་རྟེན་ཡོམ་ཡོམ་འགུལ།

2012-03-05 གཅན་རྣམ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།