སེམས་འཁུར་དང་བསྡོངས་ནས་གང་དྲན་ཅི་དྲན་གླེང་བའི་ལམ་དུ་ཞུགས་པ།

  བགྲང་བྱའི་རྩིབས་སྟོང་གི་འཁོར་ལོ་བར་མེད་དུ་འཁོར་ཏེ་ལོ་ཡི་ཕྲེང་བ་བརྩེགས་རིམ་དོད་པ་ཞིག་ག་ལེར་བཞུད་རྗེས། བྱིས་དུས་ཀྱི་ཕུན་ཚོགས་འབྱོར་ཕྱུག་གི་འཆར་སྒོ་ནས་གཞོན་དུས་ཀྱི་སྙིང་སྤོབས་དཔའ་མངོན་གྱི་ཧོལ་རྒྱུགས་བར་དུ།ཕྱིར་དྲན་གྱི་བརྙན་ཡོལ་དུ་འཆར་བའི་འདས་དུས་ཀྱི་ཡུན་ཚད་མཐའ་དག་ནི་སྐད་ཅིག་མའི་གློག་ཞགས་ཇི་བཞིན་སྔོན་ཏག་ཏག་ཏུ་བྱུང་བའི་ཁ་སང་གི་མྱོང་བར་མཐོངས་ཀྱང་ཡོད་ཚད་ཀྱི་ཡོད་ཚད་ནི་རབ་རིབ་མག་མོག་ཅིག་ལས་ཞིབ་མོའི་བློ་ཡིས་གཅིག་གཅིག་གཉིས་གཉིས་ཀྱིས་ཀྱིས་གཏམ་རྒྱུད་ཀྱི་ཚགས་སུ་བསྒྲིག་རྒྱུ་ཞིག་ཡེ་ནས་མི་འདུག  ཡིན་ན་ཡང་། ངའི་ཟུངས་ཁྲག་གི་བཞུར་རྒྱུན་དང་འཚོ་གཞེས་ཀྱི་དབུགས་རྒྱུན།  རྒྱང་རིང་གི་ཕུགས་བསམ།  བསམ་གཞིགས་ཀྱི་རི་མོ་མཐའ་དག་སྟེ་ལུས་སེམས་ཀྱི་བྱ་བྱེད་འདུ་འགོད་གང་དག་ཡུལ་དུས་ངེས་ཅན་གྱི་ཁོངས་སུ་གནས་སྟངས་མི་འདྲ་བར་སྡོད་དགོས་པ་ནི།ཆོས་གཞུང་དུ་དགྲ་བཅོམ་གྱི་གོ་འཕང་མ་ཐོབ་པའི་སོ་སྐྱེས་ཕལ་བ་རྣམས་ནི་ནམ་ཞར་ཡང་འཁོར་བའི་གཉའ་ཤིང་འདེགས་མཁན་གྱི་རིགས་དྲུག་གི་ཕྲེང་རྡོག་དེ་ཡིན་པ་ནང་བཞིན་ང་ཡང་ཡུལ་གྱི་འགྱུར་བའི་བར་དང་དུས་ཀྱི་མི་རྟག་པའི་ཀློང་དུ་ཉིན་མཚན་གྱི་གོམ་པའི་འགྲོས་ལ་ཉན་མཁན་ཞིག་དང་དུས་བཞི་ཡི་རྣམ་པའི་མདངས་ལ་ལྟ་མཁན་གྱི་མི་ཡུལ་འགྲིམ་པའི་རྐང་ཐང་གི་མགྲོན་པོ་ཞིག་ཡིན།
     བཅུ་དྲུག་ལང་ཚོའི་ཁྲི་འཕང་ལས་ཅུང་ཙམ་ཡར་བསྙེགས་ཏེ་ན་གཞོན་ཟེར་བའི་ཐེམ་སྐས་ན་ཞེ་འདང་ཅན་གྱི་བུ་མོ་ཞིག་ལ་དུངས་ཚུལ་གྱི་སྙིང་གཏམ་བརྗོད་སྟངས་དང་རྨི་ལམ་ཟེར་བའི་སྟོང་འདང་ཞིག་ལ་ཕུགས་བསམ་གྱི་གསེར་རྩི་བྱུགས་པར་འཁྲུལ་བ།   ད་དུང་ཕྱིའི་ཉམས་ཤིག་ལ་རྫིག་རྫིག་གི་རང་རྟོན་ཆེན་པོས་ས་ཆེན་གྱི་རླུང་དམར་དྲག་ཆར་ལ་རྒོལ་བའི་བརྟན་ཚུགས་ཀྱི་སྙིང་ཕུར་གདབ་པར་གྲབས་བྱེད་ཀྱང་ནང་སེམས་ཀྱི་གཏིང་ས་ན་རྨོངས་པའི་སྨག་ནག་པས་དམིགས་པ་བོར་ཚུལ་གྱི་རང་མཚང་
ངན་པའི་གསང་སྦས་ཀྱང་འདི་ནས་རང་བརྟོལ་བགྱིས་ཤིང་།དོན་གྱི་གལ་དང་གནད་ཀྱི་འགངས་ལ་ཐུག་དུས་ལུས་འགྱིང་འགྱིང་དགྱེ་དགྱེ་བཅས་ཏེ་ཁ་ཕོ་བཙན་པའི་འབྲུག་སྐད་ལས་སྐོམ་པས་གདུང་བ་རིང་ནས་སེལ་བའི་སྦྲང་ཆར་བསིལ་མ་འཇོ་བའི་ཡིད་ཆེས་ཕར་ལ་བསྩལ་ཀྱང་དོན་དམ་པ་ནི་རང་ཉིད་ལ་ཐབས་མེད་རང་ཟད་ཀྱི་བྲེལ་འཚུབ་དང་དངངས་སྐྲག་ཅིག་ལས་ཅི་ཡང་སྙིང་གི་ཁོང་ན་བསྒྲིགས་སུ་མེད་པའང་འདི་ནས་དྲང་མོས་ཀློག་གྲོགས་ཚོར་སེམས་གཏམ་གློད་པའོ།།  བསྡད་ཅིང་སྡོད་ཀྱིན་པའི་རང་ཉིད་ཀྱི་ཁོར་ཡུག་འདི་ལ་ཉི་མས་འཆར་ནུབ་ཀྱིས་ཞོགས་པ་དང་ས་སྲོད་ཕྱེས་པ་ཇི་བཞིན།  མཚམས་རེར་རང་ཉིད་གཅིག་པུ་ལྷིང་འཇགས་ལ་མོས་ཤིང་ཁེར་རྐྱང་གི་གྲིབ་གཟུགས་རུམ་ནས་ཅི་ཡང་བསམ་དུ་མེད་ན་སྙམ་མོད། དེ་ནི་མི་ཚེ་འཚོ་བའི་དོན་སྙིང་གི་བྲེས་སུ་བཞག་ན་ཆེས་བྲིན་ཏུ་མེད་པའི་སྙིགས་རོའི་ཅ་དངོས་ཤིག་སྟེ་དྲན་ས་བསམ་ས་མེད་པའི་མི་ནི་གསོན་ཡོད་ཀྱང་དོན་དམ་དུ་ཤི་འདུག་པས་རེད། དེ་མིན་ན་དྲང་ལྡོག་དགེ་སྡིག་ཅི་རིགས་ཀྱི་ཕྲེང་བར་བརྒྱུས་པའི་ཚོར་བ་སྣ་ཟིན་སྤུ་ཟིན་རེ་དང་བན་བུན་རྡབ་རྡིབ་རེ་ཅིས་ཀྱང་ཡོད་ཆོག་པས་སོ།། ཡང་སྐབས་རེ་ལ་མདུན་སྐྱོད་ཀྱི་རྡོག་པས་མི་ཚེའི་ཀྱག་ཀྱོག་གི་ལམ་བུར་ཤུགས་ཀྱིས་མནན་ཏེ་འགྲན་རྩོད་ཀྱི་དོ་ར་རུ་རང་རྒྱལ་གཞན་ཕམ་གྱི་སྦྱོར་བའི་གར་ལ་དྲག་པོས་བརྩོན་ཏེ་ལམ་དུ་སྐྱོད་ཀྱིན་སྐྱོད་ཀྱིན་རང་ཉིད་ཀྱི་བློ་ཁོག་ཇེ་དོག་དང་ཕུགས་འདུན་ཇེ་ཐུང་། སྒེར་སེམས་ཇེ་ཆེ། ཕྲག་དོག་ཇེ་ངར། ཞེ་སྡང་ཇེ་རྩུབ།གཡོ་སྒྱུ་ཇེ་ཐུ་ཡིས་གསོན་ཞིང་འཚོ་བཞིན་པ་འདི་ཡང་རྒྱུན་ལྡན་མིན་པ་ནས་དེང་གི་སྤྱི་ཚོགས་སུ་རྒྱུན་ལྡན་ནམ་གོམས་གཤིས་སུ་གྲུབ་རྐྱེན།  རང་ཉིད་རིག་པའི་གནས་ལ་བརྩོན་པའི་སློབ་གཉེར་པ་ཞིག་གི་ངོས་ཐད་ནས་ཅིས་ཀྱང་ཡིད་གནོངས་ཤིང་སྐྱོ་ངེས་པ་ཞིག་རེད་ཨང་། སྒང་པ་བོད་པའི་ཕ་ས་ཕ་ཡུལ་གྱི་ཞི་མཐུན་གཡང་གི་གཞིས་ཁྱིམ་འདི་ལའང་ད་ནི་དུས་ཀྱིས་བདས་པའི་རླུང་འཚུབ་ཉིད་ངང་གིས་འཕྱུར་གྱིན་མོད། འོན་ཀྱང་ཕ་མེས་ཡང་མེས་རིང་ནས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དམ་རིག་གནས་དེས་བསྐྱེད་པའི་མི་གཤིས་དང་བསམ་བློ་སོགས་དངོས་བརྒྱུད་གང་རུང་ན་ད་དུང་ཡང་ཡ་རབས་སྤྱོད་བཟང་དུ་མ་ཞིག་མ་ཉམས་ལྷག་ལུས་ཡོད་པ་འདི་ནི་ཅིས་ཀྱང་དགའ་བའི་དང་དུ་བླང་བྱ་ཞིག་རེད་ཨང་།
     མིའི་རིགས་ཀྱི་འདས་ཟིན་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་མངོན་པར་འཚེར་བའི་འོད་སྟོང་དེ་ཡིན་ན་འདྲ།མ་འོངས་འབྱུང་འགྱུར་ལ་རེམས་པའི་ཕུགས་ཀྱི་འདུན་མ་བརྟན་པོ་དེ་ཡིན་ནའང་འདྲ། ང་ཚོས་རང་གི་མི་ཚེའི་དོན་སྙིང་དང་འཚོ་བའི་བདེ་སྐྱིད།རོགས་རེས་མཉམ་འགྲོགས་བཅས་ཀྱི་སྲོག་ཤིང་འཛིན་པའི་ལམ་དུ་ཅིས་ཀྱང་སྐྱོད་མཁས་པོ་གནང་དགོས་གལ་ཆེ་ཨང་།  ཕྱིའི་དངོས་པོའི་འཕེལ་རླབས་ཀྱི་གཡོ་སྐྱོམ་གང་འཛམ་གླིང་འཛིན་མའི་ཁྱོན་དུ་གཙོ་རྒྱུགས་ཀྱི་བདག་པོར་གྱུར་ཏེ་ནང་སེམས་ཀྱི་ཐེར་ཟུག་ལ་སྔར་ཡོད་སོར་བཞག་ཏུ་འདུག་པ་འདི་ནི་མཐོ་རིམ་སྲོག་ཆགས་སམ་ཡང་ན་དུད་འགྲོ་དང་ཁྱད་ཕྱེས་པའི་ང་ཚོའི་ཕམ་ཁ་ཞིག་ཏུ་ངེས་སོ།།   དེ་བས་སེམས་ཀྱི་གཞི་རུ་དགའ་ཞེན་དང་མཛའ་བརྩེ། ཕན་འདོགས་དང་མཉམ་གནས། སེམས་འཁུར་དང་རོགས་འདེགས་སོགས་ཀྱིས་ཀུན་ནས་བརྒྱན་ཏེ་རང་གཞན་གྱི་འཚོ་བའི་རང་མདངས་ལ་དྲོད་ཁོལ་ཟབ་མོ་ཞིག་མཆིས་ན་འཚོ་བའི་ལོངས་སྤྱོད་ཀྱི་མཆོག་ཏུ་བགོ་བར་བདག་གིས་སྤོབས་པ་གཟེངས་སུ་བཏེགས་ནས་སྨྲ་བར་འདོད་དོ།།
      འདི་ལ་བདག་ངོས་ནས་འདི་འདྲའི་ཁ་མིན་སེམས་ཀྱི་མྱོང་བ་ཞིག་ཡོད་དེ་རང་ལོ་བདུན་གྱི་སྟེང་ནས་ཤེས་རིག་གི་ཉི་ཟེར་འཐུ་བའི་ལམ་དུ་སྐྱོད་མགོ་ཚུགས་པ་ནས་ད་ལྟའི་བར་དུ་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་། སློབ་ཆེན་བཅས་རིམ་བར་བརྒྱུད་དེ་མང་མང་ཞིག་བློར་སྐྱོར་ཅིང་ངག་ཏུ་བཟླས། གང་གང་ཞིག་ལ་ཡིག་ཚད་བཏང་ཞིང་སྐར་འབྲས་བླངས་ཀྱང་ད་ནི་ལོ་ངོ་གཅིག་གིས་སློབ་ཆེན་ནས་མཐར་ཕྱིན་ལ་ཉེ་བའི་སྐབས་འདིར།ངས་ལོ་ངོ་གཅིག་གི་རྗེས་ཀྱི་མཐར་ཕྱིན་མཛད་སྒོ་སྟེང་གི་མཐར་ཕྱིན་དཔང་ཡིག་དམར་པོ་དེ་དང་དེ་མཚུངས་ཀྱི་དཔང་ཡིག་དམར་པོ་རེ་ལས་དོན་དམ་དུ་རང་གི་དྲིན་ཆེན་གྱི་ཕ་མའི་གམ་དུ་ངོམ་རི་བ་ཅི་ཞིག་འཁྱེར་དགོས་སམ། རྣམ་དཔྱོད་ཀྱི་རྩལ་ཤུགས་ཀློང་དུ་བརྡོལ་ནས་གནམ་སའི་ཁམས་སུ་དབང་བསྒྱུར་པ་ལྟ་བུའི་བོད་སྔོན་རབས་པའི་དཔའ་མཛངས་མཁས་གསུམ་གྱི་སྐྱེས་ཆེན་དག་ཚལ་བར་སྟོང་དུ་གས་པའི་ཆ་གཅིག་ཀྱང་བསྒྲུན་དུ་མེད་པས།ས་ཆུའི་ཚོད་ཀྱི་རི་དྭགས་བཞིན་ཡུལ་དུས་འདི་འདྲར་བབ་བསྟུན་ཏེ་རང་གི་ཡུལ་མི་སྤུན་ཟླ་དང་གཉེན་ཉེ་དུ་རྣམས་ཀྱི་རེ་བཞག་ཐལ་བར་མི་སྟོང་བའི་ཚུལ་ལ་བྱ་བ་ཟེར་བའི་དེང་གི་ཕ་མའི་མིག་ཟུང་གཏད་ཡུལ་དང་སློབ་གསོ་མྱོང་དུ་འཇུག་པའི་དམིགས་ཡུལ་དེ་ཡང་ང་ལ་མཚོན་ན་གཞན་གྱི་མི་ཁའི་ཞགས་པས་འཆིང་བྱེད་ཅིག་ཏུ་གྱུར་ཏེ་ཕྱིར་རང་ཡུལ་གོ་ཁར་མི་ལྷུང་བའི་ངེས་པ་སུ་ཡིས་རྙེད་ཨང་།ཡང་འདི་ལྟར་བསམ་ཆོག་པས་རང་ཉིད་ལ་གུ་ཡངས་དང་ཐར་ས་ཞིག་ཡོད་ངེས་ཏེ།རྒྱུ་བ་དང་སྤུས་དག་ཞན་པའི་དངོས་པོ་ནི་གཞར་ཡང་རིན་ཐང་མེད་པའི་སྙིགས་རོ་ཡིན་སྟབས་བྱ་བའི་ལས་གནས་ཅི་འདྲའི་མཐོ་ཞིང་བརྗིད་ཀྱང་ནང་གི་གཟུངས་གཞུག་ལ་གྲིབ་ཕོག་པའི་མི་བུ་དག་ནི་འཇིག་རྟེན་སྐད་ངན་རྗེས་སུ་འཇོག་མཁན་གྱི་ངན་པ་རྟགས་ཅན་ཏག་ཏག་ཡིན་ན།ལྡོག་ཕྱོགས་ནས་འདང་རེ་བརྒྱབ་ན་རང་ཉིད་དེ་དག་གི་གྲས་སུ་མ་འཚང་བ་འདིའང་ལེགས་པའི་བསམ་སྤྱོད་དུ་མཐོངས་ཤིང་སྤྲོ་བཞིན་ཡོད།སྐར་འབྲས་ཀྱི་ཆེད་དུ་ཅི་ཡང་བསླབས་ཤིང་སྦྱངས་ཀྱང་མཐར་ཐུག་ཅི་ཡང་མ་ཤེས་ཤིང་མི་ནུས་པའི་ལམ་ལུགས་སམ་སྒྲིག་གཞི་འདིའི་འཁོར་རྒྱར་དོན་དམ་པའི་མི་བུ་ཕྱི་ནང་གཉིས་སྨིན་གྱི་སྒེར་གཤིས་གྱ་ནོམ་གྱི་ཚུགས་ཐུབ་ཅན་ཞིག་བསྐྱང་རྒྱུ་ནི་ཆེས་ཆེར་ཁེགས་པས།  རང་རེའི་ཕྱོགས་སྣ་སོ་སོ་ནས་གླེང་བཞིན་པའི་འཆམ་མཐུན། མཉམ་གནས། དཀྱེལ་ཡངས་སོགས་ཀྱི་འབོད་སྐད་ལ་རང་ཉིད་སློབ་གྲྭ་ཟེར་བ་རུ་སོང་།དཔེ་ཆ་རེ་གཉིས་བཏོན་པའི་མཐར་གྱི་འབྲས་བུ་ནི་ཁ་ཡི་གཏམ་དང་ལག་གི་ཡོང་འབབ་ཙམ་མིན་པར་རང་གཞན་མཉམ་བརྗེས།  བདག་པས་གཞན་གཅེས།  ལྷག་བསམ་ཟོལ་མེད།ཞི་མཐུན་འགྲོགས་བདེ།གཞུང་དྲང་ཡ་རབས་ཤིག་ཡིན་ན་མི་ཆོས་ཀྱི་སྲོག་ཤིང་བཅས་པའི་ཚེ་འདིའི་དོན་གྱི་སྙིང་པོ་རྡོག་རྡོག་ཅིག་འཚོ་བའི་གཞུང་ཤིང་ལྟ་བུར་གྲུབ་ཡོད་པས་གསོན་པ་འདི་འགྲིག་འདུག་ལ་ཟས་ཟ་བ་འདིའང་ཆུད་མི་ཟ་བར་འདུག་པར་སྙམ།
      ཁོ་བོ་ནི་དུས་གཏན་དུ་བསླུས་པའི་ཟློས་གར་གཏོང་བ་དང་བཅོས་མའི་འཁྲབ་སྟོན་གནང་བ།  ཟོལ་གྱི་སྤྲེལ་ལད་སྟོན་པ་སོགས་ལ་ལྷན་སྐྱེས་ཀྱི་བློ་རིག་མེད་ལ་རྗེས་ཐོབ་ཀྱི་ཡོན་ཏན་ནི་དེ་བས་ཀྱང་འབྱོར་དཀའ་བས་ནི།སློབ་ཆེན་པ་ཞེས་རང་སྡེ་ཕྲ་མོར་དོན་སྟོང་གི་སྐད་སྒྲའི་གྲགས་པ་སྙན་ཞིང་བཀུར་བསྟིའི་ཁྲི་ས་མཐོ་ཡང་།ཕ་རོལ་པ་ཁོ་ཚོའི་བསམ་ཕྱོགས་དྲན་ཕྱོགས་ནོར་བའམ་མ་འགྲིག་པ་མ་ཡིན་པར་རང་སྟེང་ན་ཁོ་ཚོས་དེ་འདྲའི་གདེང་འཇོག་གནང་སའི་མ་རྩ་ཞན་པས།འདི་འདྲའི་གོལ་འཛོབ་ལ་སྙིང་ནས་མ་རིག་མ་ཚོར་ཚུལ་གྱིས་རང་དགར་བསྐྱུར་ཐབས་བྲལ་སྟབས།  ངས་སྐད་གསེང་མཐོན་པོས་ཕ་རོལ་རྣམས་ལ་ཁ་ཞེ་གཉིས་མེད་ཀྱིས་ངས་བོད་ཡིག་དེ་འདྲའི་ཡག་པོ་ཞིག་འབྲི་མི་ཤེས།རྒྱ་སྐད་དེ་འདྲའི་ཡག་པོ་ཞིག་བཤད་མི་ཤེས་ཞེས་རང་ཉིད་ཕྱི་གསལ་ནང་གསལ་དུ་བཏང་ནས་བརྗོད་པ་ཡིན། ཡིན་ན་ཡང་། ངས་རང་གི་ནང་མི་རྣམས་ལ་ཤ་ཚ་སེམས་འཁུར་དང་རོགས་རམ་ཕན་པ་རེ་བགྱིས་དང་བགྱི་བཞིན་ཡོད་ལ་མགོ་རྔ་ཡོད་པའི་བསམ་བློ་རེའང་གཏོང་ཤེས་སོང་།དེ་མིན་གཞན་བསྟུན་དང་བཟོད་སྒོམ་ནི་ཤ་ཉེ་རིང་བར་དུ་ནམ་ཡང་ཕན་ཁེ་ཆེ་བའི་ཐ་སྙད་ཅིག་ཡིན་པའང་སྙིང་ནས་ཚོར།༼རང་གི་ཤ་ཉེ་དུའི་ཁྱིམ་ཚང་གི་བར་དུ༽ཆེས་སྤྱི་བཏང་གི་རྣམ་པ་འདི་ནི་ད་གཟོད་ངས་རང་གི་མི་ལོ་གང་མང་ལ་སློབ་གཉེར་གནང་བའི་འབྲས་བུར་བརྩི་བཞིན་ཡོད།  འདི་འདྲ་རེ་མ་གཏོགས་ཁ་ཡ་ན་ཟླ་དེ་ཚོ་ནང་བཞིན་ནང་དམེ་ཁྱིམ་དཀྲུགས་བྱེད་བཞིན་མེད་ལ་ཁྱིམ་ནོར་ཕྱིར་གཏོང་དེ་ལས་ཀྱང་ངོ་།།ཡང་ནུས་པ་ཅན་ལྟར་ཁྱིམ་ལ་ཆས་ཀ་ཉོ་བ་དང་སྒོར་མོ་གསོག་པ་ལྟ་བུའི་ཡིད་སྨོན་གྱི་མཆོད་སྟེགས་བཤམས་པར་བྲལ།ངས་ནི་སྙན་ངག་ཐར་ཐོར་རེ་དང་བསམ་བློ་རླབས་ཆེན་རེ། རིག་གནས་ཀྱི་སྐད་ཆ་རེ་ལས་དོན་དངོས་ལ་གཞི་འཛུགས་པའི་མཁས་པའི་གསུང་བཤད་མེད་ལ། མཛངས་པའི་ཐབས་བཀོད་མེད། དཔའ་བོའི་སྙིང་སྟོབས་དེ་བས་མེད། ཁ་སང་དེ་རིང་གི་འགྲན་རྩོད་ཀྱི་བྲེལ་ཟིང་གི་ཁོར་ཡུག་ཏུ་ཐིམ་པའི་མི་ཚོགས་འདི་ལ་བལྟས་ཀྱིན་བལྟས་ཀྱིན་ཚོད་ཚོད་ལ་ངས་རང་ཉིད་ལ་ཉེས་པ་མེད་པའི་གུ་ཡངས་རེ་དང་ཐང་ཆད་མེད་པའི་ངལ་གསོ་རེ། སྒྱིད་ལུག་མིན་པའི་རྒྱ་ཡན་རེ། རྨས་ཕོག་མེད་པའི་སོས་དལ་ཞིག་ཅིས་ཀྱང་ངང་ངམ་ཤུགས་ཀྱིས་སྤྲོད་འདོད། འཇིག་རྟེན་འདིས་ཅི་ཞིག་སེམས་བཞིན་པ་དང་མི་ཚོགས་འདི་གང་ལ་བཞུད་ཀྱིན་པ་ང་ལ་གསལ་ཆ་མེད་ཀྱང་མ་གཞིར་འཇིག་རྟེན་འདི་ནི་དགོད་འདོད་མེད་ཀྱང་དགོད་སྒྲ་ལྷང་ལྷང་སྒྲོག་མཁན་དང་མིག་ཆུ་བྲལ་ཀྱང་མཆི་མ་ཁྲོམ་ཁྲོམ་དུ་བཞུན་མཁན་ཤ་སྟག་ཏུ་གྲུབ་འདུག   དེས་མི་ཚད་འཇིག་རྟེན་འདིའི་སྐྱེ་འགྲོ་ཀུན་ནི་མངོན་སྟངས་མི་འདྲ་བའི་བྲན་གཡོག་གཞན་ཞིག་ཡིན་པ་ཚོར་བྱུང་། སྔོན་གྱི་དུས་སུ་ཁོ་དང་ཁོ་མོ་ཚོ་ནི་མི་བུ་རྒོད་པོ་ཞིག་གི་ཞོན་རྟར་བསྒྱུར་མྱོང་ལ།  རྗེས་སུ་མི་བུ་རྒོད་པོ་དེས་རང་གི་བློ་གྲོས་ཀྱི་ཐབས་རྩལ་ལ་བརྟེན་ནས་ཞོན་རྟ་དག་སྒོར་རྡོག་ཟེར་བའི་ལག་ཆར་བསྒྱུར། དེང་གི་དུས་ན་དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་ནི་རྒན་དར་གཞོན་གསུམ་མེད་པར། བླ་སྤྲུལ་གྲྭ་བ་མེད་པར། ལས་བྱེད་སློབ་མ་མེད་པར་འགྲན་རྩོད་ཀྱི་བང་ལ་རྒྱུག་པ་འདི་ནི་གང་དེས་སྨྱོ་བའི་ཁྲོ་ཆུ་བླུད་པ་བཞིན་ཚ་ཚ་འུར་འུར་དུ་མཆེད།འགྲན་རྩོད་ཟེར་བའི་འཇིག་རྟེན་པའི་ངོས་ཐད་ནས་ཡིན་ན་འདྲ། དེ་མ་ཡིན་པའི་གཞན་པའི་ངོས་ཐད་ནས་ཡིན་ནའང་འདྲ་དེ་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་དང་སྒུལ་ཤུགས་ཀྱི་རྩ་བ་ཡིན་པ་བཞིན་ལེགས་པའི་གསོས་སུ་གནངས་ཀྱང་རང་རེ་ཚོའི་དེ་རིང་གི་འགྲན་རྩོད་ཀྱི་ངོ་བོ་དང་རྣམ་པ། གནང་སྟངས། མཐའ་འབྲས་བཅས་ནི་ས་བཤིག་གནམ་བཤིག་ཏུ་འདུག་པས་འདི་འདྲའི་འགྲན་རྩོད་ཅིག་ཡོད་པ་ལས་མེད་ན་དགའ་བ་ལ།   
      ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར་ཡང་ག་ས་གང་དུ་འགྲན་རྩོད་ཀྱི་རྣམ་པས་ཚོང་བས་རང་གི་ཚོང་ཟོག་བཙོང་ལ་འགྲན་ཞིང་ཉོ་བོས་རང་གི་ཁྱིམ་མཚེས་ཚང་ལ་འགྲན་བཞིན་ཉོ།  རང་གི་ཕ་མས་ཀྱང་སྡེ་བའི་ནང་གི་གཞི་མར་ཁང་བ་ལས་བྱེད་ཀྱི་ཤིང་ཆ་ཉོ་རུ་ཡཱ་རྫི་རྫོང་དུ་ཕྱིན་པས་ནངས་མོ་དེའི་ཁ་བ་ནི།ཆེས་གདུག་རྩུབ་ཀྱི་བབས་པའི་གདོན་བགེག་ཏུ་བདག་གིས་མཐོང་ནས་ཡང་ཡང་སེམས་ཀྱི་ཁོང་ལ་དོགས་མི་བདེ་བའི་ཉེན་ཁའི་ཅོང་སྒྲ་ཞིག་བར་མེད་དུ་གྲགས་འོངས།
   མ་གཞིར་བདག་གི་ཕ་མས་ཀྱང་སྡེ་བའི་ནང་གི་ཁང་བའི་འགྲན་བསྡུར་ལངས་པའི་དར་སྲོལ་འདིའི་ངོ་བཟློག་པར་མ་ནུས་པས་ནངས་མོ་དེའི་གདུག་རྩུབ་དང་གྲང་ལྷགས།སྲོག་ཉེན།དངངས་སྐྲག་དང་བསྡོངས་ནས་ཡྰ་རྫི་རྫོང་དུ་ཤིང་ཆ་ཉོ་རུ་ཕྱིན་པ་ཡིན་ནོ།།  ཡིན་ན་ཡང་།ཉི་མ་དེའི་སང་ཉིན་གྱི་མཚན་གུང་བར་གྱི་དྲན་པ་འདྲ་མིན་དང་སེམས་པ་འཚབ་འཚུབ།རྣམ་རྟོག་ཆེ་ཆུང་བཅས་ཀྱི་ཡོངས་སུ་དཀྲིས་པའི་བདག་གི་སེམས་འཁུར་གྱི་ངང་སྒུག་དེ་ནི་བསྐལ་བ་རྒྱ་མཚོའི་མཐར་ཐུག་པའི་གོ་རིམ་རིང་མོ་ཞིག་རེད་
ཨང་།ཁ་པར་གྱི་གསར་གཏོད་འདི་ལ་ཡང་ཡང་སྡིགས་མོ་གཏོང་བཞིན་ཁ་པར་བཏང་ནས་སེམས་པ་ཅུང་ཙམ་གསོས་རྗེས་ཡང་བསྐྱར་གོང་གི་ལྟ་ཚུལ་ནོར་བར་ངེས་ཤེས་ཀྱིས་སྨྲ་བ་མེད་པའི་འགྱོད་བཤགས་རེ་བགྱིས་པ་ཡིན།སེསམ་འཁུར་རྐྱང་རྐྱང་ལས་སྐྱབས་འཇུག་དང་སྨོན་ལམ།འཆར་བཀོད་ཅི་ཡང་བདག་ལ་མེད་ཀྱང་སེམས་འཁུར་ནི་སྨྲ་བ་མེད་པའི་སེམས་ཀྱི་ཕོ་ཉ་ཞིག་རེད་ཨང་།ཕོ་ཉ་དེ་ལྷ་ཁྲོ་བོ་ཅན་གྱི་མདུན་དུ་སོང་ནས་བདག་ཚབ་ཏུ་ཡོད་ཚད་ལ་སྐྱབས་འཇུག་ཞུས་སོང་།ཕོ་ཉ་དེ་འཆི་བདག་གི་
མགོ་རུ་བཞུགས་ཏེ་གང་འདོད་དུ་གཞན་གྱི་སྲོག་མི་ཕྲལ་བའི་དམ་བཅའ་ལེན་དུ་བཅུག་སོང་།ཕོ་ཉ་དེ་དུས་གཏན་དུ་ཕ་ལོ་མ་ལོའི་གཡས་གཡོན་དུ་བརྒྱུགས་ཏེ་ལམ་གྱི་གདོན་བགེག་གང་དག་ཚར་བར་བཅད་སོང་།སྐབས་དེ་ཤེད་དུ་འཇིག་རྟེན་དུ་གཏན་དུ་ནུབ་པ་མེད་པའི་རླབས་ཆེན་གྱི་མི་ཞིག་གི་བཀའ་དྲིན་དྲན་བྱུང་།སྲིད་པ་རྒན་པོའི་གཏམ་དུ་ཡང་ང་ཚོ་རི་ཆུ་ཁྲི་སྟོང་གི་བར་ཐག་བརྒལ་ཐུབ་ཀྱང་ཨ་མའི་སེམས་ཀྱི་ཞིང་ཐང་ནས་དུས་ནམ་ཡང་བརྒལ་ཐུབ་པར་མི་འདུག་ཨང་།ང་ཚོ་བུ་དང་བུ་མོ་ཐམས་
ཅད་ལ་ལུས་ལ་ན་ཚ་མེད་ཅིང་སེམས་ལ་སྐྱོ་སྡུག་མེད་ལ།ལམ་ན་འགོག་པ་མེད་ཅིང་རེ་འོད་ཉམས་པ་མེད་པ་ནི་དབུ་སྐྲར་ཁ་བའི་མེ་ཏོག་གི་སྐྲ་རྒྱན་དོད་པའི་ཨ་མ་སྟེ། དཀར་པོའི་རང་མདངས་ལ་འོད་ཀྱི་འཚེར་བ་འཕྲོས་པའི་འཇིག་རྟེན་འཛིན་མའི་དོག་གི་གངས་དཀར་ལྷུན་པོ་དེ་མ་ཡིན་ནམ།  ཨ་མའི་ལྷག་བསམ་དང་གཞན་ཕན། སེམས་འཁུར་གྱིས་ཡོད་ཚད་ལ་བདེ་སྐྱིད་ཀྱི་ལམ་ཆེན་རེ་བསྐྲུན་པ་རེད།
        མཚམས་འདིར་བདག་གིས་སེམས་འཁུར་དང་བསྡོངས་ནས་གང་དྲན་དྲན་དང་ཅི་དྲན་དྲན་གླེང་བའི་ལམ་ལ་ཞུགས་ཏེ་ཐོན་ཡུལ་ལ་གོམ་པའི་རྡོག་མགོ་ལྷུང་ལ་ཉེ་བས། ལམ་དེའི་ཆེས་མཐར་ཐུག་གི་འབབ་སྟེགས་ནི་སོ་སོའི་ཚོད་དཔག་ཁྲོད་ཀྱི་འོད་སྣང་གི་འཇིག་རྟེན་ལྟ་བུ་དང་འཕེལ་རྒྱས་ཀྱི་ཡང་རྩེ་ལྟ་བུ།སྔོན་ཐོན་གྱི་གོམ་སྟབས་ལྟ་བུ་ཞིག་མིན་པར་དེ་ལས་ལྡོག་པ་ཞིག་ཡིན་ངེས་ཏེ།རྒྱུ་མཚན་ནི་དེ་ནི་རང་ཉིད་ངལ་གསོ་ཐབས་ཤིག་ཡིན།  བོད་ཀྱི་བུད་མེད་སྙན་ངག་པ་བདེ་སྐྱིད་སྒྲོལ་མའི་ཁྱོད་རང་ཉིད་བཅས་དགོས་ཞེས་པའི་སྙན་ངག་གི་བདུད་རྩིའི་མཆོད་པ་དང་འགྲོགས་ནས།ཀླད་འགུལ་ལུས་འགུལ་ལ་ཉིན་མཚན་ལྟོས་མེད་དུ་བྲེལ་ཞིང་རིང་ནས་གོམས་བཞིན་པའི་མི་དག་སྲོག་གི་གཡང་སར་མི་ལྷུང་བའི་དགོས་པ་དང་གཅིག  ལུས་སེམས་ལྷོད་ལ་བབས་ཏེ་ཉིན་མཚན་གཅིག་ལ་འཚོ་བའི་ཟབ་སར་མྱུལ་བ་དང་གཉིས།   གྱོད་རྩ་རང་སྡུམ་དང་སྙིང་གཏམ་ལེགས་བཤད། ཞབས་ཕྱི་དངོས་སྒྲུབ། དྲིན་ལན་དྲིན་འཇལ་ཡོང་བ་དང་གསུམ་བཅས་སྙན་ངག་འདིས་རེ་ཞིག་མཇུག་བསྡུ་བའོ།།

ཁྱོད་རང་ཉིད་བཅའ་དགོས།
__བདེ་སྐྱིད་སྒྲོལ་མ།
བུ་ལོ   མ་འོངས་སྤྱི་ཚོགས་སུ་གར་སྟེགས་སུ
ཐལ་མོའི་རྡེབ་སྒྲ་དང་མེ་ཏོག་ཆུམ་པོའི་སྙན་གྲགས་མི་དགོས་ཏེ
ཁྱོད་རང་ཉིད་ཀྱི་འདོད་བློ་ངོ་མ་ལྟར
ལས་འགན་ལེགས་འགྲུབ་ཀྱི་བློ་སྤོབས་དེ་ལྡན་པས་ན
གད་སྙིགས་རྫོབ་པོ་ཉར་མཁན་གྱི་མི་རུ་གྱུར་ཀྱང་ཆོག
ཨ་མས་སྔར་བཞིན་ཁྱོད་ལ་གཅེས་ངེས་ཡིན

བུ་ལོ   མ་འོངས་སྤྱི་ཚོགས་ཀྱི་ལས་གནས་སུ
གུས་འདུད་ཀྱི་གོང་བཀུར་དང་མཐོ་སྙེག་གི་ཕྲག་དོག་མི་དགོས་ཏེ
ཁྱོད་རང་ཉིད་ཀྱི་འཁྱེར་སོ་ངོ་མ་ལྟར
འཚོ་བའི་དོན་སྙིང་གི་རིན་ཆེན་མན་ངག་དེ་རྙེད་པས་ན
གནག་ཕྱུག་ཁོ་ན་འཚོ་ཤེས་པའི་རྫི་བོ་རུ་གྱུར་ཀྱང་ཆོག
ཨ་མས་སྔར་བཞིན་ཁྱོད་ལ་གཅེས་ངེས་ཡིན

བུ་ལོ    མ་འོངས་སྤྱི་ཚོགས་ཀྱི་ཁྱིམ་གཞི་རུ
ཕྱི་ཚུལ་གྱི་འབྱོར་ཕྱུག་དང་དབང་ཐང་འགྲན་པར་མི་རུང་སྟེ
ཁྱོད་རང་ཉིད་ཀྱི་རེ་བཞག་ངོ་མ་ལྟར
ཞི་མཐུན་སྐྱིད་པའི་ནང་སེམས་སྤྲོ་སྣང་དེ་རྙེད་པས་ན
ལྟོ་གོས་ཧྲལ་ཧྲུལ་གྱི་སྤྲང་བོ་བཞིན་འཚོ་དགོས་ཀྱང་ཆོག
ཨ་མས་སྔར་བཞིན་ཁྱོད་ལ་གཅེས་ངེས་ཡིན

བུ་ལོ    མ་འོངས་སྤྱི་ཚོགས་ཀྱི་གཡུལ་ས་རུ
ལུས་སེམས་ངལ་དུབ་ཀྱི་རྒྱལ་ཁ་ཆེན་པོ་མི་དགོས་ཏེ
ཁྱོད་རང་ཉིད་ཀྱི་རྒྱུ་འབྲས་ངོ་མ་ལྟར
དྲང་བདེན་དང་གནས་ལུགས་ཟབ་མོ་དེ་སྐྱོང་ནུས་པས་ན
གཞན་ལས་ཕམ་གྱོང་ཉོས་པའི་གཉོམ་ཆུང་དུ་གནས་ཀྱང་ཆོག
ཨ་མས་སྔར་བཞིན་ཁྱོད་ལ་གཅེས་ངེས་ཡིན
༼སྙནངག་འདི་ཉིས་སྟོང་བཅུ་གཅིག་ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པའི་སྟེང་ནས་བཤུས།༽

                 སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་རང་ཁྱིམ་དྲོན་མོར་བྲིས་པ་དགེའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་འཁུར་དང་བསྡོངས་ནས་གང་དྲན་ཅི་དྲན་གླེང་བའི་ལམ་དུ་ཞུགས་པ།

2012-03-01 བཞུར་རྒྱུན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།