སྒྱུ་རྩལ་གྱི་བླ་སྲོག་བདོག་པའི་ཨ་ཅེ་ལྷ་མོ།

མགོ་ལོག་པ་འཇིགས་བྱེད་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-02-25

                          *ཨ་ཅེ་ལྷ་མོ་ཚན་སྡེབ་ཀྱི་གླུ་སྐད་ལ་གདེང་འཇོག་བྱས་པ།
  བཟང་པོ་དང་ངན་པ་གཉིས་ཀ་ལྟོས་བཅས་ཀྱིས་བཤད་པ་ཡིན། གལ་ཏེ།   བཟང་པོ་མེད་ན་ངན་པ་ཡོད་མི་སྲིད་པའི་རྒྱུ་འབྲས་ཆོས་ཉིད་ཀྱི་སྐད་ཆ་ཞིག་བཤད་ས་མེད་པ་ཇི་བཞིན། གླུ་དབྱངས་ཤིག་ལ་བཟང་ངན་གཉིས་ཀྱི་ཐ་སྙད་ལས་འཕྲོས་ཏེ། ཨ་ཅེ་ལྷ་མོའི་གླུ་དབྱངས་ཀྱི་ལྗིད་ཚད་འཇལ་བར་འདོད་དོ། ས་ཡི་དཀྱིལ། རི་མཐོ་གནས་གཙང་གངས་ཅན་བོད་ཀྱི་ཡུལ་གྲུ་འདིར་གདོད་མིའི་བྱུང་རིམ་ནས་ད་ལྟའི་བར་གྱི་འཕེལ་རྒྱས་ཀྱི་གོམ་པ་མདུན་དུ་སྤོས་མགོ་ཚུགས་པ་ནས་བཟུང་། སྐད་ཆ་བཤད་མི་ཤེས་པ་ནས་ཤེས་པར་གྱུར་ལ། གླུ་ཡོད་པ་ནས་སྙན་ངག་ཡོད་པའི་ཕྱོགས་སུ་མཆོང་བསྐྱོད་བྱས་ཡོད། འཛམ་གླིང་གི་ལུང་པ་གང་ཞིག་ཡིན་ཡང་སྒྱུ་རྩལ་རིག་པ་ནི་ཆེས་གཙིགས་སུ་བཟུང་ཡོད་པ་རེད། ཁོ་བོས་སྒྱུ་རྩལ་ནི་སྤྱི་ཡི་མིང་བརྡ་ཁྱད་པར་བ་ཞིག་དང་། དེའི་ཁྱབ་ཁོངས་ཀྱི་བྱེ་བྲག་ནི་གླུ་གར་སྒྱུ་རྩལ། སྙན་ངག་སྒྱུ་རྩལ། རི་མོའི་སྒྱུ་རྩལ། རོལ་དབྱངས་སྒྱུ་རྩལ། ཞབས་བྲོའི་སྒྱུ་རྩལ་སོགས་རིགས་གང་མང་ཞིག་ཡོད་པར་སྙམ།   དེང་སང་གི་བོད་པ་ཁ་ཤས་ཤིག་གིས་གོ་བ་ལེན་སྟངས་ལྟར་དབུ་སྐྲ་རིང་བོ་འཇོག་ཅིང་།  རྐང་སྣམ་ཆེན་པོ་གྱོན་པའི་སྐྲ་རིང་དོར་ལྷུག་འགའ་ཞིག་ལ་སྒྱུ་རྩལ་བ་ཞེས་འབོད་ན་སྒྱུ་རྩལ་ལ་ངོས་འཛིན་བྱེད་སྟངས་འཆུགས་སོང་བ་རེད་ལ། སྒྱུ་རྩལ་ཐད་ཀྱི་ལྟ་རྒྱ་ཐོས་རྒྱ་ཧ་ཅང་ཆུང་བའི་གླེན་རྟགས་ཤིག་ཀྱང་རེད། ད་ནི་གུས་པོས་རང་བློའི་དཔོག་ཚད་ཀྱིས་སྒྱུ་རྩལ་ཁྱབ་ཁོངས་ལས་ཚང་མས་ཆེས་དོ་སྣང་བྱེད་ཡུལ་གྱི་གླུ་དབྱངས་སྒྱུ་རྩལ་གྱི་ཐད་ནས་འབུར་ཐོན་གྱི་གཞས་མ་ཨ་ཅེ་ལྷ་མོ་ཚན་སྡེབ་ཀྱི་གླུ་དབྱངས་ལ་ཉན་པའི་མྱོང་ཚོར་གྱི་སྐད་ཆ་འགའ་ཞིག་བཤད་རྒྱུ་ཡིན་པས། གོ་རིམ་འཆུགས་པ། འཛོལ་བ། ཆ་མ་ཚང་བ་བཅས་ཀྱི་ཐད་ནས་གཟུར་གནས་དཔྱོད་ལྡན་རྣམས་ལ་དགོངས་དག་ཞུས་པ་ཡིན། གླུ་དབྱངས་ཀྱི་ད་ལྟའི་གནས་བབ་ལས་མ་འོངས་འབྱུར་འགྱུར་བར་གྱི་གོམ་པ་སྤོ་སྟངས་ཐད་ལ་མ་འདངས་སའི་ཆ་ཧ་ཅང་མང་བར་མ་ཟད། ཉམས་མུས་སུ་ཕྱིན་པའི་ཆ་དང་།  ལྡོག་པའི་ཆ། མ་དག་པའི་ཆ་དེ་བས་མང་པོ་ཡོད།    ཡིན་ཡང་ང་ཚོ་དགའ་འོས་པ་ཞིག་ལ་གླུ་དབྱངས་སྒྱུ་རྩལ་གྱི་ཐད་ནས་ངོམ་ཆོག་པའི་གླུ་མ་གསུམ་ཡོད་དེ། དེ་དག་ནི་ཨ་ཅེ་ལྷ་མོ་ཚན་སྡེབ་ཅེས་པ་དེ་ཡིན། ངས་ད་ཐེངས་ཆེད་དུ་ཨ་ཅེ་ལྷ་མོ་ཚན་སྡེབ་ལས་འཕྲོས་ཏེ་རྩོམ་ཡིག་འདི་བྲིས་ན་ཅུང་ཙམ་གོ་སླ་བར་ཕན་ཐོག་ཡོད་སྲིད་ལ། ཀློག་པ་པོ་དག་གིས་རྩོམ་ཐུང་འདིའི་དམིགས་ཡུལ་ཉག་གཅིག་པོ་རྟོགས་ཐུབ་པའི་ཡིད་ཆེས་ཡོད།   དེང་རབས་བོད་རང་གི་གླུ་དབྱངས་སྒྱུ་རྩལ་གྱི་བྲོ་བ་མྱོང་ཡོད་མདོག་གིས་འགྱིང་ཉམས་དོད་པའི་ཨ་མདོའི་མཁས་རྒན་དག་གིས་མཐོང་ལམ་ནས་བོར་སོང་བའི་ཨ་ཅེ་ལྷ་མོ་ཚན་སྡེབ།   རྒྱ་མིན་བོད་མིན་གྱི་སྦྲགས་གླུ་ལེན་པར་བྱང་ཆུབ་པའི་ཁམས་པ་བོད་ལོག་དག་གི་རྣ་བའི་ལྟག་རྒྱབ་ནས་གཤོག་འགྱུར་གྱིས་ཕུར་སོང་བའི་ཨ་ཅེ་ལྷ་མོ་ཚན་སྡེབ། གནའ་རྫས་ཞིབ་འཇུག་ལ་མགོ་བོ་འཁོར་ཞིང་བོད་རིག་པའི་ཆེད་མཁས་པ་མང་སའི་དབུས་པ་གླེན་སྟོང་དག་གིས་བསམ་ཡུལ་དུ་ཤོང་མ་ཐུབ་པའི་མིའི་ཡུལ་གྱི་སྒྱུ་རྩལ་ཡོད་ཚད་སྐུ་ལ་སྤུད་པའི་ཨ་ཅེ་ལྷ་མོ་ཚན་སྡེབ།   ཨ་ཅེ་ལྷ་མོ་ཚན་སྡེབ་ནི་བོད་ཀྱི་དེང་རབས་གླུ་དབྱངས་ཀྱི་ཡང་རྩེར་སོན་པའི་གཞས་མ་གསུམ་ཡིན་ལ། ཁོ་མོ་གསུམ་གྱི་གླུ་དབྱངས་ལ་གཟབ་ཉན་བྱས་ན། ད་གཟོད་རྣམ་ཤེས་སྒྱུ་རྩལ་གྱི་བླ་སྲོག་ཏུ་བསྟིམ་པའི་མཐོ་སྒང་སྒྱུ་རྩལ་བ་དག་གི་རྨི་ལམ་གྱི་ཁ་མདོག་མཐོང་ཡོང་ལ། གླུ་དབྱངས་སྒྱུ་རྩལ་ནི་མིའི་རིགས་ཀྱི་སྒྱུ་རྩལ་མཐའ་དག་གི་མཛེས་པའི་ཡང་སྙིང་ཡིན་པའང་རྟོགས་ཐུབ། ཨ་ཅེ་ལྷ་མོ་ཚན་སྡེབ་ཀྱི་གླུ་དབྱངས་ཆེད་སྒྲིག<སྒྲུང་ཐག་རིང>ཞེས་པའི་འོད་འཁོར་ལ་ཚང་མས་ཞིབ་ཏུ་ཐེངས་ཤིག་ཉོན་དང་། འོད་འཁོར་འདི་ནི་ཚེ་བརྟན་སྒྲོལ་མའི་སྒེར་གཅོད་པར་རྐུབ་གཡོག་བསྟོད་གླུ་ཕུལ་བ་དག་དང་མི་འདྲ་ལ། གླུ་བ་ཀུན་དགའི་བླ་བསྟོད་ཡིག་ནོར་མ་དག་དང་ཁྱོན་ནས་མི་མཚུངས། ད་དུང་ཨ་ཅག་ཚན་སྡེབ་ཀྱིས་ཨོང་དོ་ཕར་གཡུག་ཚུར་གཡུག་བྱེད་པ་དང་ཀུན་ནས་མི་འདྲ་ས་མང་། ཁྱེད་ཅག་གིས་ཨ་ཅག་ལྷ་མོ་ཚན་སྡེབ་ཀྱི་ཟོལ་མེད་གཞུང་དྲང་གི་རྣམ་འགྱུར་ལ་ལྟོས་དང་། ཁྱེད་ཅག་ངེས་དོན་གྱི་སྒྱུ་རྩལ་རོལ་མྱོང་ཤེས་མཁན་ཞིག་ཡིན་ཚེ། མཛེས་པ། སྙན་པ། སྒེག་པ།    ལྡེམ་པ་སོགས་མཉམ་གཅིག་ཏུ་རོལ་མྱོང་བྱེད་ཆོག   ཁོ་མོ་ཚོ་བོད་མི་ཞིག་ཡིན་པས་ཆ་ནས་གླུ་དབྱངས་ཡོད་ཚད་བོད་སྐད་ཀྱི་ལམ་ནས་ལེན་འདུག་ལ། འདི་ལས་ཁོ་མོ་ཚོས་བོད་ཡིག་དང་བོད་སྐད་ནི་དུས་རབས་དང་འཚམ་པའི་སྐད་ཡིག་ཚད་ལྡན་ཞིག་ཡིན་པ་གསལ་བཤད་བྱས་ཡོད། ཁོ་མོ་ཚོའི་ལྷན་སྐྱེས་ཀྱིས་ཤེས་རབ་ལས་ཐོན་པའི་ཉམས་འགྱུར་དང་མཛེས་སྡུག ཡིད་ཀྱི་འགྱུ་ཕྱོགས། ལུས་ཀྱི་ལྡེམ་མྱུར། ངག་གི་ལྷོད་ཆ། དབྱངས་ཀྱི་མཐོ་དམའ་སོགས་གླུ་མ་ཚད་ལྡན་ཞིག་ལ་ཚང་དགོས་ངེས་ཀྱི་ཆ་རྐྱེན་ཡོངས་རྫོགས་ཚང་ལ། ཐ་ན་གྱོན་ཆས་གྱོན་སྟངས། རྒྱན་གྱིས་སྤྲས་སྟངས། སྐྲ་ལོ་འཇོག་སྟངས་སོགས་ཁོ་མོ་ཚོའི་ཡོད་ཚད་ཀྱི་ཡོད་ཚོད་དེ་འདྲའི་སྤུས་དག་ཅིག་དང་། དེ་འདྲའི་ཀུན་འཛོམས་ཤིག་རེད།     ཡིན་ཡང་སྒྱུ་རྩལ་རོལ་མྱོང་གི་ཀླད་ཤེས་དབེན་པའི་འུ་ཅག་གིས་དེ་དག་ལ་དོ་སྣང་བྱེད་ཀྱི་ཡོད་པ་མ་རེད།   ཁོང་ཚོའི་གར་གྱི་སྟངས་སྟབས་དེ་བོད་མི་གླེན་པ་དག་གི་བློ་ཡུལ་དུ་ཤོང་དཀའ་ལ་སྟབས་མ་ལེགས་ན་ལྷ་འདྲེའི་ཆོ་འཕྲུལ་ཉིད་དུ་ངོས་བཟུང་ནའང་ཐང་། ང་ལ་སེམས་ཁྲལ་ལྷག་མ་ཞིག་ཡོད་པ་ནི་རང་བྱུང་གི་སྤྱི་ཚོགས་ལས་དཔལ་ཡོན་གྱི་སྤྱི་ཚོགས་སུ་ཆགས་ཐུབ་མེད་པའི་བོད་པ་དག་གི་ཁོ་མོ་ཚོ་ལྷ་ཡི་སྤྲུལ་བའམ་བདུད་ཀྱི་ཆོ་འཕྲུལ་སོགས་སུ་ངོས་བཟུང་ནས་སྒྱུ་རྩལ་སྒྱུ་རྩལ་ཉིད་དུ་བལྟ་མི་ཤེས་པའི་སྐྱོན་འབྱུང་སྲིད་སྙམ་པའི་སེམས་ངལ་ཞིག་ཀྱང་ཡོད།།
     2012.1.19ཉིན་རང་ཤག་ཏུ་བྲིས་ཤིང་ཚེས་༢༣དགོང་མོར་སླར་ཡང་བཅོས།  *ཨ་ཅེ་ལྷ་མོ་ནི་བོད་ལྗོངས་ཀྱི་གཞས་མ་ཚན་སྡེབ་ཅིག་གི་མིང་ཡིན་ནོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྱུ་རྩལ་གྱི་བླ་སྲོག་བདོག་པའི་ཨ་ཅེ་ལྷ་མོ།

2012-02-25 མགོ་ལོག་པ་འཇིགས་བྱེད་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།