ཨ་ཅེ་ཚེ་སྒྲོལ། ཁྱོད་ཀྱི་དབྱར་ཁའི་སྣང་བརྙན་འདི་གང་དུ་བརྗེད།

བཀྲ་ཤིས་ཚེ་བརྟན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-12-12

  དུས་ཀྱི་ཆོས་ཉིད་ལྟར་དབྱར་ཁའི་ལང་ཚོ་དུས་ཀྱི་འགྱུར་བ་དང་བསྟུན་ནས་རིམ་བཞིན་མངོན་ཡོང་། ཡིན་ནའང་། ངའི་སེམས་ཁོང་གི་དབྱར་གྱི་སྣང་བརྙན་དེ་དུས་བཞིའི་འགྱུར་བ་ལྟར་མ་ཡིན་ཏེ་དུས་རྟག་ཏུ་སྙིང་གི་ཁོངས་སུ་ལྷམ་མེར་བཞད་ཡོད་དེ།
སློབ་ཆུང་དུ་འགྲིམས་པའི་ཚེ་ད་ལྟའི་དུས་ཚོད་དང་ཅུང་མི་འདྲ་སྟེ། སློབ་གྲོགས་ཕོ་ཡིན་ནའང་འདྲ་གལ་སྲིད་རང་གི་ཁ་ལག་སྡོད་མ་ཚུགས་པར་སློབ་གྲོགས་གཞན་དང་ཕོག་ཐུག་བྱུང་ཚེ། གདོང་ལ་རྨ་བཟོ་བའམ་རྣ་ཁྲག་བརྡོལ་བ་སོགས་ཀྱི་གྱོང་རེག་རྒྱུར་གཏན་འཁེལ་བས། དེ་དུས་ང་ལ་མཚོན་ན་སློབ་གྲོགས་ཕོ་མོ་ཁྱད་མེད་དུ་འཇིགས་སྣང་ཚ་བ་ཞིག་ཏུ་མཐོང་གིན་ཡོད་མོད།   ཁྱོད་སློབ་རྭར་ཡོད་པའི་ང་ལ་ཞེད་སྣང་དེ་འདྲ་མ་སྐྱེས།
  སློབ་འབྲིང་འགྲིམས་པའི་ཚེ། ང་ཚོའི་སློབ་འབྲིང་དེ་རྫོང་མཁར་ལས་ཅུང་རིང་བའི་ཡུལ་ཚོ་གཞན་གྱི་གྲོང་ཚོ་ཞིག་ཏུ་བཙུགས་ཡོད་པས། ཕ་མས་གནང་བའི་དངུལ་སྒོར་སིལ་མ་ཁ་ཤས་ནི་ཉི་ཐིགས་ཕོག་པའི་ཆུ་ཕྲན་བཞིན་དུ་གར་སོང་མི་ཤེས་པར་ཚར་འགྲོ་ལ། སློབ་གྲྭའི་ལྔ་བཞིའི་ལུས་རྩལ་འགྲན་ཚོགས་སོགས་ཀྱི་ཉིན་གུང་གི་ཚ་བས་གདུངས་པའི་འཁྱོལ་དཀའ་བའི་དུས་ཚོད་ལ། ཁྱོད་ཀྱིས་འཛུམ་དམུལ་དམུལ་དུ་འཁྱག་པ་བཙོངས་མཁན་གྱི་ཨ་ཞག་གྲོང་གི་ཟར་ཕྲུག་དག་གི་ལྕགས་རྟ་བསྲུང་ཡོད་པའི་ངའི་སར་གང་ནས་ཡོང་བ་མི་ཤེས་པར་ཐོན་ཏེ། ང་ལ་སྒོར་ཟུར་རེ་སྤྲད་པ་དེ་ནམ་ཡང་ཡིད་ལ་རྟག་ཏུ་འཁོར་ཡོང་།
  དབྱར་གྱི་གུང་གསེང་གྲོལ་ནས་སྟོན་མཇུག་སླེབས་ཚེ། ཁྱེད་ཀྱིས་ཨ་མས་ཟོར་ར་གཡུག་ཏེ་འབྲེག་བཞིན་པའི་སེར་ལམ་ལམ་གྱི་གྲོ་ཞིང་ནང་ནས་རྙེད་པའི་ལྗང་མྱུག་ཕྲ་མོ་རེ་ལག་ཏུ་ཐོགས་ཏེ་སིལ་སྡོང་གི་མྱུ་གུ་ཡིན་ཞེས་ངེད་ཚང་གི་སྒོ་རར་འཛུགས་པའི་སྣང་བརྙན་དེ་ནི་ཅི་འདྲའི་ཕུགས་རྒྱང་རིང་བའི་བསམ་བློ་ཞིག་རེད་ཨང་། ད་ཆ་ངེད་ཚང་གི་སྒོ་རར་སྐྱེས་པའི་སིལ་སྡོང་དེས་ནི་སྟོན་སྡུད་གྱི་དུས་སུ་ཁ་སྐོམ་པའི་ཚ་གདུང་དང་། ལུས་ངལ་དུབ་སེལ་བྱེད་དུ་ལུས་སེམས་ཞིམ་མངར་གྱིས་ཁེངས་པའི་སིལ་ཏོག་ཇི་འདྲའི་མང་པོ་ཞིག་དྲངས་ཡོད་ཨང་། སྒོ་རའི་ཕྱི་རོལ་དུ་ཁོ་ལག་བརྐྱངས་པའི་སིལ་སྡོང་དེ་ནི་ཁྱེད་ཀྱི་ལག་ཟུང་ཆུང་ཆུང་དེས་བཙུགས་པར་དཔང་རྟགས་སུ་འདྲ་པར་ལྟ་བུ་མེད་ཀྱང་། དེ་ནི་ཁྱེད་ཀྱི་ལྷག་བསམ་གྱི་སྩོལ་བ་ལས་ཐོན་པར་སུ་ཞིག་གིས་བསྙོན།
ལོ་ཞིག་ལ་མི་ལས་གྲོང་སྔགས་ཀྱིས་ཕབ་པ་ལྟ་བུའི་སེར་བ་ཆེན་པོ་ཞིག་གིས་སྟོན་ཐོག་ཐམས་ཅད་ཁྱུར་མིད་བཏང་བས། ལོ་རྗེས་མའི་སྟོན་ཐོག་མ་བསྡུས་པའི་ལོ་སྔ་ཕྱིའི་མཚམས་ཤིག་ཏུ། ཕ་མ་སོ་ནམ་གྱི་ལས་ལ་ཕྱི་རུ་ཐོན་པའི་ཚེ་ན། ཁྱེད་ཀྱིས་གོ་སྡེར་ནང་གི་བག་ལེབ་ལས་ང་ཚོ་རང་རང་གི་བགོ་སྐལ་དུ་ཐོབ་འོས་པ་རེ་བགོས་ཏེ་ཟ་རྒྱུ་ལས། གང་བྱུང་དུ་ཟོས་མི་ཆོག་པར་ཤུལ་དུ་ལྷག་པའི་ཆ་ཤས་དེ་དག་ཞིང་ཁར་ངལ་རྩོལ་དུ་ཕྱིན་པའི་ཕ་མར་བཞག་དགོས་པའི་སྒྲིག་ལམ་བཟོས་མོད། ཡིན་ནའང་ཁྱེད་ལ་ཐོབ་པའི་བག་ལེབ་ནི་ང་ཚོར་ཐོབ་པའི་སུམ་ཆའི་གཅིག་ཙམ་གྱིས་ཆོག་པ་དེ་གང་ཡིན་ནམ།  ཨ་ཅེ་ལགས།
  གཟའ་ཉི་མའི་སྐབས་སུ་ཕ་མའི་གདམས་ངག་ལྟར་ང་ཚོས་མཉམ་དུ་སྦྱངས་ཚན་ལ་འགྲུས་པར་བྱེད་པའི་ཚེ་ན། ཁྱེད་ཀྱིས་སྦྱངས་ཚན་མ་གྲུབ་པའི་མཚམས་མཚམས་སུ་མཚོ་སྔོན་མང་ཚོགས་སྒྱུ་རྩལ་གྱི་ཕྱི་ཤོག་གི་པར་ངོས་སུ་ཡོད་པའི་རེབ་གོང་སྒྱུ་རྩལ་གྱི་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་དེ་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ནི་ཚེ་ཡི་དངོས་སྒྲུབ་སློང་བ་ཨེ་རེད།
  ནམ་ཞིག་ནས་བཟུང་སྟེ། ཕ་མས་ཁྱོད་ཀྱིས་གཟུགས་པོར་ན་ཚ་ཞིག་གིས་མནར་ཡོད་ཅེས་སློབ་གྲྭ་ནས་ཕྱིར་འཐེན་བྱས་ཏེ་ཁྱེད་ཀྱིས་ལས་ཀ་གཅིག་ཀྱང་བྱེད་མི་དགོས་པ་དང་། ང་ཚོ་སུས་ཀྱང་ཁྱེད་ལ་གོ་བསྡུར་བྱེད་མི་ཆོག་པའི་གདམས་ངག་ཡང་ཡང་གནང་མོད། ང་ཚོ་སྤུན་མཆེད་རྣམས་ཀྱིས་མཚམས་མཚམས་སུ་ལས་ཀར་ཡིད་སུན་ཏེ་ཁྱེད་ཀྱི་སྟེང་ལ་འཚིག་པ་ཟོས་ཏེ་མི་འདོད་པ་བསྟན།  ལྷག་པར་དུ་ངའི་བྱ་སྤྱོད་ནི་ཁྱེད་ཀྱི་སེམས་ཁམས་ལ་དམིགས་བསལ་གྱིས་གཟན་ངེས་པ་ཐག་ཆོད་དེ།  ཡིན་ནའང་ཁྱེད་ཀྱིས་མཛེས་སྡུག་གཟུ་ཆུང་ལྟ་བུའི་མིག་ཟུང་དང་། མཚམས་སྤྲིན་གྱིས་བརྒྱན་པ་ལྟ་བུའི་མཁུར་ཚོས་དམར་མོའི་ཞལ་རས་དེ་ལ་མི་སྡུག་པའི་མདོག་ཙམ་ཡང་མཐོང་མ་བྱུང་བ་འདི་ནི་ང་རང་ད་ལྟར་འགྱོད་པ་གཏིང་ནས་སྐྱེས་བྱེད་ཁོ་ན་ལགས།
ཀྱེ་མ།  འདི་ནི་ཁྱེད་ཀྱི་སྐྱེལ་མ་ཡིན་པ་སུ་ཡིས་རྟོགས། ང་རང་སློབ་འབྲིང་ལོ་རིམ་གཉིས་པ་དང་། གལ་ཏེ་ཁྱེད་ཉིད་སློབ་གྲྭར་ལོ་གཅིག་ལ་འཐུས་ཤོར་མེད་ཚེ། ཁྱེད་ཉིད་སློབ་འབྲིང་ལོ་རིམ་གསུམ་པའི་སྨད་ཆ་འགྲིམས་པའི་དབྱར་གྱི་ཉིན་མོ་ཞིག་སྟེ། ངས་ཁྱེད་རང་ཤིང་རྟར་བསྐྱོན་ཏེ་སྨན་ཁང་དུ་སྐྱེལ་རོགས་བྱས། ནམ་རྒྱུན་ང་ཚོ་འདྲིས་ཆེ་བའི་ཞིང་བར་གྱི་ལམ་ཕྲན་དེ་བརྒྱུད་ནས་མོ་ཊ་གཏོང་སའི་རྒྱ་ལམ་དུ་ཆས་བར་ཕྱེ་མ་ལེབ་དཀར་མོ་ཁྱུ་དང་ཁྱུ་བྱས་ཏེ་གཤོག་རྩལ་ཡང་མོས་ག་ས་གང་དུ་འཕུར་རྩལ་ལ་རོལ། རི་སྐྱེས་མེ་ཏོག་རྣམས་ཀྱིས་ལང་ཚོ་ངོམས། ཁྱེད་ཀྱིས་འདི་དག་མཐོང་བའི་མོད་ལ་མི་ཡུལ་ལ་ཞེན་ཆགས་པའི་དགའ་སྣང་མངོན། དེ་ལས་ཀྱང་ཆུ་འགྲམ་དུ་སྔོ་རྩྭ་ཕུང་ཕུང་དུ་སྐྱེས་ཡོད་པ་མཐོང་བས། ཁྱེད་ཀྱིས་བྲེལ་འཚབ་ཀྱི་ཉམས་ཀྱིས་སྔོ་རྩ་བྲེགས་ཏེ་འུ་ཚང་གི་བཞོན་མ་མཛོ་མོ་འབའ་ལོར་སྟེར་རན་འདུག་ཨང་གསུངས།  འདི་ནི་ང་ཚོས་ཁྱེད་རང་བདེ་ཐང་ངང་ཕྱིར་ཡོང་ཡོད་པའི་གནས་སྐབས་ཀྱི་སྐྱེལ་མ་ཞིག་ཏུ་བརྩིས་ཡོད་མོད། ཉིན་ཞག་འགའི་རྗེས་སུ་ངེད་ཚང་གི་ལྷས་རའི་དཀྱིལ་ཀྱི་ཨ་གར་མེ་ཏོག་གི་འདབ་མ་ས་ལ་བྲུལ་འགོ་ཚུགས་པའི་དུས་མཚུངས་སུ། ཨ་མའི་མིག་ཆུ་དོག་པ་མཚམས་མེད་དུ་ས་ལ་ཟགས་བཞིན་ཡོད་ལ། རྨོ་མོས་ནུབ་རིའི་ཉི་ཟེར་དང་བསྡོངས་ནས་ཨ་མའི་མགོ་བོར་ཕྱག་གི་བྱིལ་བྱིལ་གནང་བཞིན་མི་ལོ་བདུན་ཅུའི་བསགས་པའི་ཉམས་མྱོང་དང་སྦྱར་ནས་འཇིག་རྟེན་མི་རྟག་པའི་ཆོས་ཉིད་ཨ་མར་གསུངས་གིན་འདུག་པས།  ངས་གཞི་ནས་ཨ་ཕས་ཁྱེད་རང་ཕྱིར་བདེ་ཐང་ངང་འཁྲིད་མེད་པར་གཅིག་པུར་ཐོན་པའི་སྐྱོ་ཉམས་དེས་ཁྱེད་ང་ཚོ་ལ་དབྱར་གྱི་ལང་ཚོ་ཁོ་ན་བཞག་སྟེ་མི་ཡུལ་ནས་གཏན་དུ་བུད་སོང་བ་ཧ་གོ་ལ། ཁྱེད་ཀྱི་དབྱར་གྱི་ལང་ཚོ་དེ་ཡང་ནམ་ཡང་ངའི་སེམས་ཁོངས་སུ་གནས་དགོས་པ་རྟོགས་སོང་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཅེ་ཚེ་སྒྲོལ། ཁྱོད་ཀྱི་དབྱར་ཁའི་སྣང་བརྙན་འདི་གང་དུ་བརྗེད།

2012-12-12 བཀྲ་ཤིས་ཚེ་བརྟན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།