དལ་འབྱོར་མི་ལུས་བླངས་ནས། འཇིག་རྟེན་འདི་ལ་ཐོན་པ།
ལོ་དེའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞིའི་མཚན་མོར། ཆར་སྨུག་འཁྲིགས་པས། ལག་པ་བསྲིང་ན་མཛུབ་མོ་མི་རིག་ལ། ཆར་བ་ནི་འབབ་ཀྱིན་འབབ་ཀྱིན་ཇེ་ཆེ་རེད། གློག་དམར་གཅིག་རྗེས་གཉིས་མཐུད་ཀྱིས་འཁྱུག་པའི་དཀར་འོད་ཁྲོད་ནས། ནགས་ཚང་གི་སྦ༼སྦྲ༽ རྒྱབ་ཏུ་ཆར་རླུང་གིས་ལྷབ་ལྷུབ་ཏུ་སྡེབ་པའི་སྒོ་དར་དང་། སྦ་གཡས་གཡོན་གྱི་རྟ་ཟོག་དང་། འཇམ་ཅག་གེར་ཉལ་བའི་ལུག་ཁྱུ་ཚང་མ་གསལ་ཙམ་གསལ་ཙམ་མཐོང་ཐུབ། སྦ་ནང་གི་དོ་རྩའི་མཆོད་སྒམ་ཐོག་ཏུ། མེ་ལྕེ་རླུང་གིས་སྡེབ་པའི་མཆོད་མེ་ཆ་ཅིག་མཆོད་ཡོད་ལ། དུ་བ་འཐུལ་བའི་ཐབ་ཁུང་དུ་འབར་བཞིན་པའི་མེ་ལྕེ་ཡིས། ཐབ་ཐོག་གི་ཟངས་དཀར་ནི་གཡས་སྐྱི་གཡོན་སྐྱི་བྱེད་ཀྱིན་འདུག གོ་དོང་ནང་དུ་མེ་དམར་བོང་ངེར་ཡོད་པའི་ཐོག་ཏུ་དེམ་ཆུང་ཞིག་བཞག་ཡོད་ལ། གོ་ཁ་ན་སྐྲ་དཀར་བོར་གྱུར་པའི་ཨ་ཡེ་ཞིག་གིས་ལག་ཏུ་ཕྲེང་བ་བཟུང་ནས“དཀོན་མཆོག་གསུམ་མཁྱེན། གུང་ཐང་འཇམ་པའི་དབྱངས་མཁྱེན། མ་བུ་བདེ་འཚམས་གདའ། ཚེ་ནི་བར་ཆད་མེད་པར་སྨོན……”སོགས་ཁེར་བཤད་བྱེད་ཞོར་དུ་གློ་ལུ་ཆ་རེ་བྱེད་བཞིན་བསྡད་ཡོད། ནམ་སྨད་དུ་ཐོན་ལ་ཡོད་དུས་དྲག་ཆར་ནི་སྔར་ལྟར་འབབ་པ་དང་གློག་དམར་འཁྱུག་པ་སྔར་ལས་ཇེ་དྲག་རེད། ངང་ཤར་ཤར། ངང་ཤར་ཤར་འཕྲོས་པའི་གློག་ཞགས་ཁྲོད་དུ། ཁྱིམ་གྱི་དོ་བོ་དང་ཐབ་ཀ སྣོད་ཆ། ཉལ་ཡོད་པའི་ཁྱིམ་མི་ཚང་མ་གསལ་ལྷམ་མེར་རིག་ཐུབ། ཡང་གློག་དམར་ཞིག་འཁྱུག་པ་དང་མཉམ་དུ་སྒུག་སྒྲ་དང་ལྡིར་སྒྲ་སྙིང་ལ་ཟུག་པའི་ཐོག་ཅིག་སྦ་རྩིབ་ལ་བརྒྱབ་པས། རྐང་འོག་ཏུ་ས་འདར་ཞིང་སྦ་ནང་ལ་གཞོབ་དྲི་བྲོ་ཡོང་། འབྲི་མོ་མ་བུའི་ངུར་ལྡིར་དང་། གཡང་དཀར་ལུག་གི་འབ འ་ལྡིར། རྟ་རྒོད་ཀྱི་མཚེར་སྒྲ་མཉམ་དུ་སྒོ་ཁྱི་ཡང་ངུ་ཚུབ་བེ་བྱ ས་སོང་། དེ་དུས་ཐབ་རྩར་བསྡད་ཡོད་པའི་ཨ་ཡེ་རྒན་མོས་དང ངས་སྐྲག་དང་བཅས་སྐད་ཆེན་པོས“འོ་འཇམ་པའི་དབྱངས་མཁྱེན། དོ་དགོང་ཅི་ཞིག་མ་ཉན་ནི་རེད”ཟེར་བར། སྐབས་དེར་ཁྱིམ་གྱི་མ་གྱལ་གྱི་དོ་རྩར་ཉལ་ཡོད་པའི་ནགས་ཚང་རྟམ་མེས“ད་ཁྱོས་ཧོ ་འདེབ་གི་མ་འདུག ཁྱོད་དོ་དགོང་བསད་མི་འགྱོ་ནི་ལོས་ཤེས། ཡ་ཁྱོད་སོང་ཝ་ཅིག་ལྟོས་གདའ་ཞི་མོ་ཅི་འདྲ་གི”ཟེར། རྒན་མོས“ གཟེར་རྒྱུག་གི་ཡོད་ཁུ། ད་ཡང་ཇེ་འཇམ་ཡིན་ནི་འདྲ། འདི་དག་ པོ་ཡུམ་ཤེས་ན། སྐྱེ་ན་སྐྱེ་རྒྱུ་མེད་ཁུ། ཤི་སྤྱད་རེ་ཡིན་ནི་མིན་ ན” “ད་ཁྱོས་དེ་འདྲའི་སྨྱོ་བཤད་མ་ཡེད། མྱི་ནི་མྱི་སྐྱེ་ནི་རེད་ མོ། དེ་ཤི་མི་འགྱོ་ནི་ལོས་ཤེས”ཟེར་ཞོར་དུ། ནགས་ཚང་རྒད་པོས ་ཡང“ཨ་རའོ་ཞི་ལུ། ཨ་རའོ་ཞི་ལུ་འདུར་ཁོ། ཡ་ཁྱོད་ཡར་ལངས ་ནས་སྒོ་ནས་ལྟོས་གདའ། ཨ་རའོ་ལུག་ཆར་སྨག་གིས་དེད་སོང་ནི་འདྲ་རེད་ཐ”ཟེར། ཅུང་མ་འགོར་བར“ཨོ་ཡ་ཨ་ཕ”ཟེར་ཞོར་དུ། ཁྱིམ་གྱི་ཡ་གྱའི་དོ་རྩ་ནས་སྐྲ་ནག་རིང་བཞག་པའི་ཕོ་སར་ཞིག ཁོག་སྟོད་གཅེར་བུར་བོའུ་རིང་ཞིག་བཟུང་ནས་སྒོར་བུད་སོང་། དེ་དུས་ཁྱིམ་ན་ཉལ་ཡོད་པའི་ནགས་ཆགས་ཤིག་གིས “ཨ་ཡོ་ ཨ་མ། ཨ་ན་ན། ཨ་ན་ན། ཨ་མ་ཁྱོ་འདི་ན་ཤོག་གདའ……” “འོ་ཡ་མ་ཁོ ཕ་བཟང་བུ་མོ་སྲོན་སྡོད། ཕར་ར་ཤེད་གཏོད་གདའ་བཙིར་གདའ། སྐྱེ་རྩ་ནི་རེད། དཀོན་མཆོག་གསུམ་མཁྱེན། གུང་ཐང་འཇམ་པའི་དབྱངས་མཁྱེན……”ཟེར། ཆར་བ་དྲག་ཏུ་འབབ་པའི་ཁྲོ ད་དུ། ངང་ཤར་ར་ར་གློག་ཞགས་འཕྲོས་པ་དང་། འབྲུག་གི་ལྡིར་སྒྲ་དང་མཉམ་དུ། ཡང་སྦ་ཡི་ཕུག་རྒྱབ་ལ་ཐོག་ཅིག་བརྒྱབ་པས། སྦ་ནང་ལ་དུ་བ་འཐིབ་ཅིང་། ཚིག་དྲི་ཡིས་ཁྱབ་པར་བྱས། སྐ བས་དེར་རྒན་པོས་མགོ་ཡར་བཀྱགས་ནས“གཟའ་རྒྱག་རྒྱུའི་གནམ་ ངན་འདི། དོ་དགོང་ཅི་ཞིག་མ་ཉན་ནི་རེད”ཁོས་སྐད་རྔ་མ་ཚར་གོང་། ཁྱིམ་གྱི་མ་གྱལ་ན་ཉལ་ཡོད་པའི་ཞི་མོའི་རྩིབ་ནས”ཨ་ ཝ……ཨ་ཝ……”ཟེར་བའི་ངུ་སྐད་ཕྲ་མོ་ཞིག་བརྒྱབ་སོང་ལ། ཨ་ཡེ ་རྒན་མོས་སྐད་ཆེན་པོས“བླ་མ་དཀོན་མཆོག་མཁྱེན། སྐྱེ་ཐུབ་ཐལ ། སྐྱེ་ཐུབ་ཐལ”ཟེར། རྒད་པོ་ནགས་རྟམ་གྱིས་དགའ་སྤྲོའི་ངང་ནས “འོ་ཡ་ད་འགྲིག་སོང་། སྙིང་རྗེ་ཞ་ཡས་འདི་དོ་དགོང་གློག་འཁྱུ ག་ཐོག་རྒྱག་ཁྲོད་སྐྱག་ཡོད་གོད་ང་ཡར་ར་ལངས་ཡོང”ཟེར་བ ར། རྒན་མོས“ཁྱོ་ད་ཡར་ལངས་ནས་ཆེད་ནི། བླ་མ་དཀོན་མཆོག་ གི་ཐུགས་རྗེས། ནགས་ཚང་ཚང་ནི་ཡང་བུ་ཞིག་ཐོན་ཐལ། སྐྱིད་གདའ་ཡིན་ན། ཡང་བུ་ཞིག་རེད”ཟེར་བར། རྒན་པོ་ནགས་རྟམ་གྱིས “འོ་དེ་ཁྲིགས་སེ་ཡིན། ངའི་མདང་ཞག་ཞིག་ནས་རྨི་ལམ་རྨིས་ཐལ། དེ་ནི་ཞི་ལུ་ཞིག་ཡིན་ཁོ་ཐག་ཡིན”ཟེར། རྒན་མོས“ད་ཁྱོས་ལ བ་རྒྱག་གི་མ་འདུག ཁྱོས་རྨི་ལམ་གི་ཅིག་མི་ཐུག་ནི་ལོས་ཤེས” “ འོ་གསེར་ཡུམ་འདོན་རྨིས་མ་ཐལ་ན”ཁོས་ཡང“ཡ་ཞི་ལུ་འདུར་ཁོ་གང་ནི་བུད་ཐ་གོ དེ་རིང་ཚེས་བཅོ་ལྔ་ཡིན་མོ། ད་ནམ་ལང་གོ་ཁུ། རེམ་མ་སོང་ནི་བསང་ཞིག་ཕུལ་གདའ”སོགས་སེམས་པ་དགའ་བའི་སྐད་ཆ་མང་བོ་ཞིག་བཤད་སོང་།
ནམ་ལངས་སོང་། ནགས་ཚང་ཚང་གི་ཕུག་རྒྱབ་ན། དུ་བ་དགུང་ལ་འཁྱིལ་བའི་བས ང་ཆེན་ཞིག་ཕུལ་ཡོད། སྦ་ནང་དུ“ཨ་ཝ……ཨ་ཝ……”ཟེར་བའི་ངུ ་སྐད་ཕྲ་མོ་ཞིག ཁྱིམ་མི་རྣམས་ཀྱི་དགོད་སྒྲའི་ཁྲོད་དུ་ཡང་ཡང་ གོ་འདུག སྒོ་ཁ་ན་རྡང་ལས་བྱེད་བཞིན་པའི་ཁྱིམ་མཚེས་རུ་རོགས ་ཀྱི་རྒན་མོ་ཚོས་ཀྱང་གཅིག་གིས་གཅིག་ལ“སྐྱིད་གདའ་ཡིན་ན། ནགས་ཚང་ཚང་ནི་ཡང་ཞི་ལུ་ཞིག་སྐྱེས་ཡོད་ཁུ་ཟེར”ཞེས། སྐད་ ཆ་མང་བོ་བཤད་ཀྱིན་འདུག
འདི་ལྟར། བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་བྱི་ཡི་ལོའི་སྟོན་ཟླ ་བརྒྱད་པའི་ཚེས་བཅོ་ལྔའི་ཐོ་རངས་དུས་ཀྱི་ཆར་སྨུག་ནང་དུ། གློག་དམར་དང་ཐོག་སྒྲ་ཞིག་གི་ཁྲོད་དུ། ཕ་ནགས་ཚང་དགྲ་འདུ ལ། མ་དམེ་ཤུལ་ཚེ་རིང་སྐྱིད་ཟེར་བའི་ཁྱིམ་ཚང་འདི་ན། ང་རང་ནི་དྲིན་ཅན་མ་ལོའི་ལྟེ་ཐག་དང་བྲལ་ཏེ་འཇིག་རྟེན་མི་ཡུལ་འ དི་ན་ཐོན་སོང་།
ཨ་མྱེས་ནགས་རྟམ་གྱི་རྨི་ལམ་བཟང་ནི་ཡིན་ན་འདྲ། ཨ་ཡེས་ཀྱི ས་གསོལ་འདེབས་བྱས་པ་བཟང་ནི་ཡིན་ན་འདྲ། ཡང་མིན་ན་ཕ ་མ་དྲིན་ཅན་གཉིས་ཀྱིས་ཚེ་སྔོན་མར་བསགས་པའི་ལས་འབྲས་ཀྱི ་བསོད་ནམས་ཡིན་ན་འདྲ། གང་ལྟར་ཡང་། ང་ནི་བུ་ཞིག་ཡིན་ པས་འཇིག་རྟེན་འདི་ན་ཐོན་ཉིན་ནས་མགོ་ཡི་ཕྲུ་མ་མ་སྐམ་གོང ་ནས་ཁྱིམ་བཟའ་ཚང་གང་བོས་ས་ཐོག་ཏུ་འཇོག་མི་ཐུབ་པའི་རི ན་པོ་ཆེ་ལྟ་བུར་གྱུར།
ང་ཡི་མི་ལུས་མ་ཐོབ་པའི་རྣམ་ཤེས་འཁྱམ་པོ་འདི། བར་དོའི་མུ ན་ནག་གི་འཇིགས་སྐྲག་ཁྲོད་དུ། གར་སྐྱེ་མེད་པར་དུས་ཚོད་ཅི་ འདྲ་ཞིག་ལ་འཁོར་ཡོད་པ་སུས་ཀྱང་ཤེས་ཐབས་མེད། ཡིན་ནའང ་། དེ་རིང་ནི་དཀར་འོད་ཀྱི་འཇིག་རྟེན་འདི་རུ་ཐོན་པ་ནི་དངོ ས་ནས་རེད། ད་ནི་ཐོབ་དཀའ་བའི་མི་ལུས་འདི་ཐོབ་སོང་། ངའི ་ཨ་ཡེ་དང་ཨ་མྱེས། དྲིན་ཅན་གྱི་ཕ་མ་ཚོས། ལག་གི་ཕྲེང་བ་འ ཛིན་པ་དང་། ཁ་ནས་མ་ཎི་འདོན་པ་འདི་ནི་བལྟས་ན། ཧ་ཅང ་གསལ་བ་ཞིག་ནི། ང་རང་ནི་བོད་གངས་ཅན་ཆོས་ས་ཆོས་ཡུལ་འདི་ན་སྐྱེས་ཡོད་པར་མ་ཟད། རང་ནི་ཆོས་དགེ་བ་དར་ཞིང་། ལས་རྒྱུ་འབྲས་སྲུང་བ། ཁྲིམས་ངོ་ཚ་ཡོད་པའི་དུས་སྐབས་བཟང་བོ་འདི་དང་འཕྲད་པ་ནི། བླ་མ་དཀོན་མཆོག་གི་ཐུགས་རྗེའམ། ཡང་ན་མི་རང་གིས་ཚེ་སྔོན་མར་བསགས་པའི་ལས་འབྲས་བཟང་ བོ་ཡིན་པས། དེ་རིང་ནས་མི་ལུས་ཐོབ་པར་མ་ཟད། འཇིག་རྟེན་ མི་ཡི་འཚོ་བ་རོལ་མགོ་བརྩམས་པ་ཡིན།
ངས་དུས་རྒྱུན་དུ་ཕ་མ་དང་། ཉེ་འདྲེལ་རྣམས་ཀྱིས“སྙིང་རྗེ་འདི ་སུ་ཞིག་གི་རྣམ་ཤེས་ཡིན་ན” “འདི་སྐྱེ་བ་སྔོན་མ་ཅི་ཞིག་ གི་སྐྱེ་བ་ཡིན་ན”ཟེར་བ་སོགས་ཀྱི་གོ་བ་མི་ལོན་པའི་སྐད་ཆ་མ ང་བོ་བཤད་པ་གོ་འདུག འོན་ཀྱང་། ངས་འདི་དག་ལ་ལན་འདེབ ས་མི་ཐུབ་ལ། ཡང་ན་ང་རང་ནི་གང་ནས་ཡོང་བ་དང་། སུའི ་རྣམ་ཤེས་ཡིན་པ་སོགས་ལ་བསམ་བློ་མང་བོ་ཞིག་གཏོང་དགོས་ དོན་ཅི་ཡང་མི་འདུག རང་ཆུང་དུས་ནས་སེམས་སུ་འཁོར་བ་ཞིག ་ནི། ང་རང་འཇིག་རྟེན་འདི་ལ་ཐོན་ནས་མིག་ཁ་ཕྱེས་པ་ནས་ བཟུང་། ཚེ་རིང་ཐུང་ཅི་ཡོད་མི་ཤེས་ལ། ཡང་བསྐྱར་མི་ཚེ་འདི་ རྫོགས་ཏེ། མིག་བཙུམ་ནས་རྣམ་ཤེས་སྦྲང་ཆུང་འདྲ་བོ་འདི། ཤི་བ ར་དོ་ལ་མ་འཁྱམས་བར་དུ། སྐྱིད་སྡུག་བཟང་ངན་ཅི་འདྲ་ཡིན་ ཡང་། འཇིག་རྟེན་མི་ཡུལ་གྱི་ཚེ་གཅིག་གི་འཚོ་བ་རོལ་དགོས་པ་དེ་ཡིན།
ཚེ་རིང་ཐུང་། ལས་བཟང་ངན། རྒྱུ་ཆེ་ཆུང་། མགོ་མཐོ་དམའ། … …མདོར་ན། མི་ཚེ་འདིའི་སྐྱིད་སྡུག་རྒོ་བོའི་རྭ་ཁྲིག་འདྲ་བའི་ལམ ་ཐག་རིང་བོ་འདི་དེ་རིང་ནས་མགོ་བཟུང་སྟེ། ང་རང་གིས་གོམ ་པ་རེ་རེ་སྤོས་ནས་འགྲོ་དགོས་པ་ཡིན་ལ། སྐྱིད་སྡུག་གི་མདུན་ ལམ་ཅི་འདྲ་ཞིག་ཡོད་པ། སུས་ཀྱང་བཤད་དཀའ་བ་རེད། ཕ་དྲིན ་ཅན་གྱི་དུས་རྒྱུན་དུ“ལས་ཟེར་རྒྱོ་བསེགས་རྒྱུ་མེད་རེད། སྐྱིད་སྡུ ག་མགོ་ནི་ཅི་ཡོང་། རང་གི་ཐོད་པའི་རི་མོ་ཡིན”ཟེར་བ་ལོས་ བདེན།
ང་ཆུང་དུས“ཨོཾ་མ་ཎི་པདྨེ་ཧཱུཾ”ཞེས་པའི་མ་ཎི་ཡིག་དྲུག་འདོན་ཤེས་པ་ནས། སེམས་ནས་ཡང་ཡང་སྨོན་ལམ་འདེབས་རྒྱུ་ནི “སྐྱབས་གནས་དཀོན་མཆོག་གསུམ་པོ། སྙིགས་མའི་དུས་ངན་འདིའི ་ནང་། སྐྱབས་མེད་མགོན་མེད་ང་ལ། འཁོར་སྡུག་རྒྱ་མཚོར་སྐྱོད་པའི། ལམ་རེ་སྟོན་རོགས་གནང་དང་། མི་རྟག་མར་མེའི་ཚེ་འདིར ། རླུང་བསིལ་བར་ཆད་མེད་པར། ནམ་ཡང་མགོན་སྐྱོབ་མཛད་རོག ས”ཞེས་པ་འདི་ཡིན།
རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།