སྙན་ངག་གི་ཚོར་བ།

  ཚོར་བ་ལ་ཚོར་བ་མེད་པས། མཚམས་མཚམས་སུ་ང་ཤི་སོང་ངམ་སྙམ་ནས། གློ་སྙིང་མཆིན་གསུམ་ལ་སེད་འདྲད་རེ་བྱེད་དགོས་བྱུང་།
                                                          ___སྔོན་འགྲོའི་རོལ་དབྱངས།

                ༡
 མུན་ནག་ལས་འོད་སྣང་མེད་ལ། གྲང་ངར་ལས་དྲོད་ཁོལ་མེད་ཅིང་། མིག་དབང་ལས་བློ་མིག་མེད་པ། ཆགས་སྡང་ལས་དྲང་བདེན་མེད་པས། རིང་ལ་ཐུང་བའི་ཟླ་འདི་དག་ལ། བདག་ལ་སྙན་ངག་འབྲི་བའི་ཚོར་བ་མེད་པ་ལྟ་ཅི། ཐ་ན་ང་འཇིགརྟེན་འདིར་ཡོད་མེད་ཀྱང་དོགས་པ་ཞིག
                ༢
  སྙན་ངག་འབྲི་བ་ནི་ཟ་མ་ཟ་བ་དང་མཚུངས་པས། ང་ཚོའི་ཟ་ཁང་ན་ཟ་མ་སྣ་གཅིག་ལས་མེད་ཅིང་། ཟ་མ་དེ་ཟ་འདོད་ན། མ་མཐའ་ཡང་ཟ་མ་དེ་བཟའ་བའི་ཡིད་ཀ་ངེས་ཅན་ཞིག་དགོས། ཡིད་ཀ་མེད་ན་ང་ཚོ་སུ་ཡིན་ཡང་ཟ་མ་དེ་ཟ་མི་སྲིད་ལ། གལ་ཏེ་ཨུ་ཚུགས་རྐྱང་པས་ཟོས་ནའང་། ཞེན་པ་ལོག་པ་ལས་ཡིད་ཀ་མེད། དེ་བས། ངས་ཚོར་བ་མེད་པའི་སྙན་ངག་དེ་འབྲི་མི་འདོད་ལ་ལྟ་ཡང་མི་འདོད།
                 ༣
  དབྱེ་གཞི་གདོད་མ་ནས་སྒོ་ལྔའི་བུ་ག་རེ་རེ་ན་ལྷན་སྐྱེས་ཀྱིས་འབར་གྱིན་པའི་སྙན་ངག་གི་མེ་ལྕེ། སྙུག་རྩེ་ནས་འབྲི་དེབ་ཏུ་མཆེད་ན། ཚག་སྒྲ་དང་བཅས་འབར་ཨེ་འགྲོ་བསམ་ན། བདག་གི་ཆེད་དུ། ཁྱེད་ཀྱི་སླད་དུ། ཁོ་བོའི་དོན་དུ། སེམས་ཁྲལ་གྱི་ཤུགས་རིང་ཞིག་བསྟུད་མར་ཤོར་འགྲོ་ལ། དེ་དང་མཉམ་དུ་སྙུག་རྩེའང་འགག་འགྲོ་སྟེ། སེམས་པའང་འཐོར་འགྲོ།
                ༤
  སྐྱོ་སྣང་དང་སྨྲེང་སེམས་ཀྱི་ཚིགས་མལ་འདི་ནས། ཚེ་བླ་སྲོག་གསུམ་གྱི་སྙན་ངག འབྲི་དེབ་ཏུ་འགོད་ཀྱིན་མེད་ནའང་། ལོ་དང་ཟླ་བ། ཉིན་མ་དང་དུས་ཚོད་རེ་རེ་སྔར་བཞིན་རྒྱུན་ཆད་མེད་པར། ཚོར་བ་རྣོན་པོས། ཡིད་བརྙན་གསོན་པོས།
རྣམ་རིག་རྐྱེན་པོས། ཀུན་གཞིའི་རྣམ་ཤེས་ཀྱི་ཤོག་དཀར་ངོས་སུ་འབྲི་བཞིན་ཡོད་ལ་འགོད་ཀྱིན་ཡང་ཡོད།
                ༥
  ལྗིད་ཏིག་ཏིག་གི་སེམས་པ་ཞིག་གི་རྒྱབ་ལྗོངས་དང་། འོད་ལམ་ལམ་གྱི་ཕུགས་འདུན་ཞིག་གི་ཟབ་ཚད་ཉར་ནས། ངས་འདི་ལྟར། རི་རབ་ལྟ་བུའི་བསྲན་མི་བཟོད་པའི་སྡུག་བསྔལ་གྱི་མནར་གཅོད་མྱོང་བཞིན། གཙང་བོ་ལྟ་བུའི་བཞུར་མི་ཚར་བའི་མིག་ཆུ་ཡི་ཕྲེང་ཐག་ཁུར་ནས་ཐོན་ཡོད།
                      2012.11.8

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གི་ཚོར་བ།

2012-12-03 རྨ་ཐོག་རྒོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།