ལྡེབས་རིས།

                 ༡
  དབྱར་རྔ་དེའི་རྗེས།སྟོད་དཀར་སྨད་ལྗང་གི་ཆུ་སྐྱོབ་རྭ་བའི་གླིང་དེ་ན། རྨ་བྱར་མངལ་འཁོར་བ་ཙམ་མ་རེད།གླིང་དེའི་ཀྲོང་ཀྱེར་རྐང་གཉིས་ཞིག་གི་གཉིད་ཡང་དཀྲོག་སོང་།
ཚིག་ཞག་སྦགས་པའི་ཉལ་གཟན་ནང་སྦྲུམ་འདྲ་སྐུམ་ནས་དུས་ཡུན་མང་པོ་མང་པོར་སྔུར་སྒྲ་འབྲུག་འདྲ་སྒྲོག་མཁན་གཉིད་ཀྱི་སྙོམ་པ་ཁོ།  དེ་རིང་རོ་ལངས་བཞིན་གྱེར་ཡོངས། ཨེ།ཅིའི་ཕྱིར་ཡིན།  དེ་འདྲ་བྱེད་རིན་ཡོད་དམ།དེ་ནི་དབྱར་རྔ་རྒྱབ་པ་ཙམ་མ་རེད་དམ།
 ཨའོ།གཅིག་བྱས་ན་ཁོ་ཉལ་བའི་བདེ་བར་འཐིམ་དྲགས་པས་རུལ་དྲི་བསྣམ་པ་ཡིན་སྲིད།
 ཨའོ།གཅིག་བྱས་ན་ཁོའི་གཟིམས་སར་རྣམ་ཀུན་དང་མི་མཚུངས་པའི་དྲི་གསར་ཞིག་འཛུལ་བ་ཡང་ཡིན་སྲིད།དེ་ལས་བཟློག་ན་ཁོར་གདོན་བརླམས་པ་ཡིན་འགྲོ།གང་ལྟར་ཁོ་ཡར་གྱེར་སོང་། ཡར་ལངས་སོང་།།
               ༢
  རྣམ་ཀུན་རྡོ་བརྩིགས་རྣལ་མའི་ཁང་ཆུང་གྲུ་བཞི་དེའི་ནང་།ཐལ་རྡུལ་གྱི་སྦགས་ཤིང་།གྲུ་ཟུར་དག་ལྡོམ་ཐག་དྲྭ་བས་ཁེངས་ཡོད་ཀྱང་། ད་ལྟ་དེ་ན་སྣུམ་ཞག་གིར་འདུག   ཅི་ཡིན་ནམ།ཅི་ཡིན་ནམ།ད་ངས་ཀྱང་ཧ་མི་གོ་བས་དུས་གསུམ་མེ་ལོང་ངོས་སུ་སྔོན་བྱུང་གི་དོན་དག་བསྐྱར་སྟོན་ཞིག་བྱས།
                ༣
  སྒྲ་ཞིག་བསྒྲགས་ཡོང་།སྔར་གྱི་ཁང་ཆུང་དེ་ནས་ཡིན་བཟོ་འདུག   ཡིན་མི་སྲིད།ཁང་ཆུང་དེ་ནང་ཡུན་རིང་པོ་རིང་པོར་འབུ་སྲིན་ལས་གཞན་སུ་ཡང་འཛུལ་མ་མྱོང་།སྒྲ་དེ་ཇེ་ཆེར་ཇེ་ཆེར་འགྱུར་གྱིན་འདུག།  དལ་གྱིས་ཕར་བཅར་ནས་ཁང་ཆུང་དེའི་ཕྲ་ཁུང་ནས་ནང་དུ་ལྟ་དུས།ངོ་མ་མི་ཞིག་སླེབས་འདུག།ད་དུང་པུས་མོ་ས་ལ་བཙུགས་ནས་ཤུམ་གྱིན་འདུག།སྐྲ་ཞག་ཚིལ་ལེར་ཟིང་ཞིང་།དྲེགས་པས་བཀབ་ནས་མཚོན་ཡང་མི་གསལ་བའི་ཕྱུ་པ་སྨུག་པོ་ཞིག་གྱོན་པའི་རྒྱབ་གཟུགས་ལས་ངས་ཁོ་ཡིན་པ་འཚོར།ཅི་ཡིན། ཁོ་ཁང་ཆུང་དེ་ནང་ཡོང་ནས་ཤུམ་དོན་ཅི།སྔར་གྱི་ཐལ་རྡུལ་སྐྱ་བོ་ད་ཆ་མཆིལ་མ་ཡི་བརླན་ནས་ཅི་བྱེད།སྐྱག་སྦྲང་རྙི་ལ་འཐེབ་རྒྱུར་སྒུག་བསྡད་པའི་ལོ་རབས་ཞིག་གི་ལྡོམ་རྒན་དག་དེ་རིང་གློ་བུར་དུ་ཁྱེད་ཀྱིས་དཀྲོག་དོན་ཅིི།ཁྱེད་བསམ་དང་། དེ་འདྲར་ལྡོན་རྒན་དག་གིས་རྣམ་རྟོག་ཡང་བྱེད་སྲིད།
              ༤
ཁོ་ཁ་གཏད་ཀྱི་ལྡེབས་རིས་ཞིག་ལ་བལྟས་ནས་ཤུམ་གྱིན་འདུག།ཨེ་ཁྱད་མཚར་བ་ལ།དེའི་འགྲམ་དུ་མཆོད་རྫས་ནི་ཕུལ་རྗེས་མི་འདུག།མཆོད་མེ་ནི་སྤར་མི་འདུག མ་གཞི་ནས་ཁང་ཆུང་དེའི་ནང་སྔར་ནས་ད་བར་སྐྲུལ་སྐུ་དང་བླ་མ་ནི་ཕེབས་མ་མྱོང་།ཁོ་དེ་འདྲའི་དད་པ་དང་ཤུམ་དོན་ཅི་ཡིན།སོམ་ཉི་ཞིག་གིས་སྣེ་བྱས་ནས།ངས་ག་ལེར་ལྡེབས་རིས་དེའི་སྟོད་ནས་སྨད་དུ་དལ་གྱི་བཤེར།དེའི་སྟེང་མི་མང་མང་ཞིག་བྲིས་འདུག  མ་ཟད་ཁོ་ཚོ་གཅིག་ལས་གཅིག་འཇིགས་ཤིང་དཔའ་མངོན།  ཨེ།ཡང་ཁོ་ཚོ་སུ་ཡིན། སངས་རྒྱས་སྟོང་སྐུ་ནི་ཨེ་ཡིན།རིམ་གྱིས་ངའི་མིག་ཟུང་དེ་གཤམ་གྱི་བར་སྟོང་ཞིག་ལ་ཕོག་དུས།ཐམས་བཅད་རྒྱ་ལས་འགྲོལ།བར་སྟོང་དེ་ན་བཙན་པོ་རིམ་འབྱོན་གྱིས་འདྲ་སྐུ་ཞེས་བྲིས་འདུག་ལ་ཁོ་ཡང་མེས་པོའི་རྣམ་ཤེས་དག་གིས་གཉིད་འདྲོགས་པ་ཡིན་འདུག།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྡེབས་རིས།

2012-12-03 ཨ་ཁུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།