རང་མོས་གླེང་སྟེགས་དང་༼དགེ་བཅུའི་ཁྲིམས༽

  ལོ་ངོ་མང་པོར་སྨྲ་ལྕེ་གཅིད་པའི་ངའི་དུངས་མ་སྟེ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་༼རང་མོས་གླེང་སྟེགས་༽ཀྱིས་དུས་སུ་བབ་པའི་གནད་དོན་དག་ཁུར་ནས། ཕོ་གསར་མོ་གསར་ཚོས་འཁྲིས་སུ་ཅི་ཞིག་གིས་ཚུལ་དུ་འདྲིལ་ཡོང་དུས། ངའི་ཐོག་མར་ཧང་སང་སང་གིས་འོ་ཞིག་བསྐྱལ་དེ་ཁྱེད་ལ་ཁམས་བདེ་འདྲི།
  དེ་ཡང་བོད་ཀྱི་སྤྱི་ཚོགས་གང་དེའི་གཤགས་བཅོས་སྟེགས་བུར་འབོད་པའི་༼རང་མོས་གླེང་སྟེགས༽གིས། ལོ་ངོ་འདི་དག་ལ་མདོ་སྨད་ཤར་ལྷོའི་འཚམས་ནས་བཏབ་ཞིང་རིམ་བཞིན་མཆེད་ཀྱིན་པའིངོ་བོ་གཉིས་ལྡན་གྱི་ནད་འབུ་ཞིག་སྟེ་དགེ་བཅུའི་ཁྲིམས་ལ་གཏར་ཁ་ཞིག་བཏོད་སོང་། ཡིན་ཡང་གཏར་ཁ་ནི་གཏར་ཁ་ཞིག་སྟེ་ཁོས་ངོས་སུ་བཏབ་པའི་མོག་མོག་གི་སྐྱ་ཐིག་ཞིག་ལས་ཅི་ཡང་མ་རེད། སྐྱ་ཐིག་དེ་སུས་བཏབ་ཀྱང་ཆོག་ལ། སུས་སློག་ཀྱང་ཆོག་མོད། འོན་ཀྱང་ངོ་བོ་གཉིས་ལྡན་གྱི་བདག་ཅན་དུ་གྱུར་བའི་དགེ་བཅུའི་ཁྲིམས་དེ་ལར་ཞེན་ཞིག་དང་བག་ཆགས་ཤིག་གིས་རིམ་བཞིན་རྩ་བ་ཆོས་དང་རྩད་པ་མང་ཚོགས་ལ་འབྲེལ་འདུག་པ་འང་ཁས་ལན་ལོས་དགོས། དེས་ན་༼རང་མོས་གླེང་སྟེགས༽གིས་ཁ་ཕོ་ཅི་ཙམ་ཆེ་ཡང་། བསམ་བློ་ཅི་ཙམ་ཟབ་ཀྱང་། ཁ་ལྕེ་འདིས་དགེ་བཅུའི་ཁྲིམས་ལ་དམོད་པ་དང་སྨོད་པ་ཙམ་གྱིས་སུས་ཀྱང་ཧ་ལས་པའི་གོ་བ་ལོན་སྲིད་རྒྱུ་མ་རེད། རྒྱུ་མཚན་ནི་མི་ཁ་ཕོ་ཅན་རེ་རེས་ངོ་མ་ཁ་མཁས་ལག་ལྡོམ་གྱི་ཀླེན་བཤད་དང་། ཧོལ་བཤད་ཀྱི་སྣང་ཚུལ་རེ་བསྐྲུན་སོང་།
  བསམ་བློ་དང་བསམ་བློ། ལྟ་བ་དང་འདུ་ཤེས་ཀྱིས་གཙུབ་བརྡར་ལས་གང་དེར་གནས་ལུགས་ཞིག་ཡོད་པར་གསལ་ཁ་བཏོད་པ་ཡིན་མོད། འོན་ཀྱང་མུན་ནག་ལག་བསྙབས་ལ་དགའ་བའི་འུ་ཚང་གི་གྲོགས་པོ་འགའ། སྐབས་དོན་དེ་ཚོར་བ་རྐྱང་རྐྱང་ངམ་ཡང་ན་སྣང་ཚུལ་ཙམ་གྱི་ངོ་གདོང་ལ་འཐམ་ནས་བཤད་རྒྱུར་གོམས་འདུག་ཨང་། དགེ་བཅུའི་ཁྲིམས་ཀྱི་ངོས་མ་ཟིན་གོང་ནས་དགེ་བཅུའི་ཁྲིམས་ཀྱི་ཕན་གནོད་ལ་མཚན་ཉིད་འགོད་པ་དང་སྣང་ཚུལ་ལ་སྤྱི་སྡོམ་བྱེད་པ་ནི་དགོད་སྤྲོ་བའི་ལས་ཞིག་ཅི་ལ་མིན། ཡང་གཅིག་བཤད་ན་སྒེར་གཅོད་པ་ཞེས་པའི་དོན་དམ་ཤུགས་སྟོན་དེ་འང་ཕྱིར་འཁོར་ནས་ཁྱོད་ལ་གྲུབ་ཉེན་ཆེའོ།། ངའི་ཚོར་བ་ལ་ཁྱོས་དགེ་བཅུའི་ཁྲིམས་ལ་བཏོན་པའི་དོགས་པ་དེའང་མུན་ནག་ཁྲོད་ནས་སྙེད་པའི་ཚོར་བ་རྐྱང་རྐྱང་ཞིག་ལས་གནད་དོན་ལ་བཤགས་བཅོས་དང་བློ་མིག་གིས་བརྡར་གཅོད་བྱས་པའི་རིག་པ་ཞིག་གང་ནས་ཀྱང་མཐོང་མ་བྱུང་། དེས་རྐྱེན་གྱིས་དོ་དགོང་ཡང་དགེ་བཅུའི་ཁྲིམས་ལོག་སུ་བཞག་པའི་ཚོར་བརྗོད་ཀྱི་མཐོ་རླབས་དེ་བསྐུལ་སོང་། འོ་ན་འདི་ནི་ནུབ་བྱང་ཚང་གི་དོགས་སློང་གི་སྙིང་སྟོབས་སམ། བསམ་བློའི་རླབས་རྒྱུན་ནམ། དགག་སྒྲུབ་གྱི་རྩལ་ཨེ་རེད། ངས་ནི་རེད་འདོད་མ་བྱུང་། ནུབ་བྱང་ཚང་གི་དོགས་སློང་དང་དགག་སྒྲུབ་གྱི་སྙིང་སྟོབས་དེ། དཔྱོད་ཤེས་དང་བློ་མིག། གནས་ལུགས་དང་གཉུག་གཤིས་ཀྱིས་གྲུབ་པའི་འཚོལ་རྟོགས་དང་ཞུན་པ་མང་པོ་ཞིག་བཤད་ཕོད་བསམ་ཕོད་ཀྱི་གྲུབ་འོང་པ་རེད་འདོད།
  སྤྱིར་དགེ་བཅུའི་ཁྲིམས་དེར་སྐྱོན་ངེས་པར་འདུག་སྟེ། ལྷག་ཏུ་བཤའ་འཚོང་མི་བྱ་བའི་ལས་དེ་ང་ཚོས་འཚོ་གནས་ལས་རིང་དུ་བྲལ་བས་ན། མི་ལོ་སྟོང་ཕྲག་ཁྲི་ཕྲག་རིང་ནས་མདོ་དབུས་ཁམས་སུ་ཕྱུག་འཚོའི་འཚོ་བ་རོལ་བ་དང་། ནང་ཆོས་དར་ནས་ཀྱང་ལོ་སྟོང་ཚོ་གཅིག་འགོར་བའི་བར། ནོར་གནག་ཁ་ཟས་སུ་བཤའ་འཚོང་མི་བྱ་བའི་ཁྲིམས་ཞིག་རྒྱལ་ཁྲིམས་འབངས་སྲོལ་གང་དུ་འང་འཚོལ་ཏུ་མ་མཐོང་། དེས་ན་སྐབས་དེའི་ནང་ཆོས་དར་ཚད་དེང་སང་ལས་ཁྱབ་ཆུང་བ་རེད་དམ། ཡང་ན་ཤ་གཟན་གདོང་དམར་བའི་སྐབས་དེར་ནོར་གནག་གི་ཤ་མི་བཞེས་པ་རེད། ལྷག་པར་དུ་ང་ཚོས་ཕ་ཡུལ་ན་དེང་སང་ཕྱུགས་བདག་དབུལ་བོར་གྱུར་བ་དང་། བྱིས་པ་ཆོས་པར་གྱུར་བ། ལྟོ་ཁང་༼ང་ཚོས་ཕ་ཡུལ་དུ་གཞུང་ཁང་ངམ་སྤྱི་ཁང་ལ༽ཆོས་ཁང་དུ་གྱུར་བ་སོགས་དགེ་བཅུའི་ལས་ཧ་ཅང་དར་ཁྱབ་ཆེ་བས་ན། འདི་ནི་མི་མང་གི་ཁ་ཚ་དགོས་གཏུག་གི་འཚོ་བ་དང་དགེ་བཅུའི་ཁྲིམས་བར་གྱི་འགལ་བའི་གནད་དོན་ཞིག་རེད། ཡིན་ནའང་མཚོན་འཛིང་དང་རྐུན་ཇག ཆང་བཏུང་སྨད་འཚོང་སོགས་ཡིག་རྨོངས་བའི་ངོས་ནས་དགོས་ངེས་སུ་སྣང་བ་འང་མངོན་སུམ་རེད། གལ་ཏེ་ང་ཚོའི་སྤྱི་ཚོགས་སུ་རྒྱུན་ཤེས་ཅུང་ཙམ་འཇག་ཡོད་ན། མ་མཐའ་འང་ཤེས་རིག་གི་མྱུ་གུ་ཅུང་ཙམ་འབུས་ཡོད་ན། ཁྲིམས་གྱི་རྣམ་པའི་དགེ་བཅུའི་ཁྲིམས་དེ་རྩ་བ་ནས་མི་མཁོ་བའི་བདེན་ལུགས་ལས་སླ་མོའི་མངོན་ལ། བཞག་ནའང་སྒེར་གཅོད་པའི་ལག་ཆ་ཙམ་ཡིན་པས་མཐའ་གཅིག་ཏུ་རྒོལ་དགོས་ངེས་རེད། འདི་ནི་ཀུན་སྤྱོད་དང་ཤེས་རིག་དར་བའི་སྤྱི་ཚོགས་ཤིག་ཏུ་གནས་མི་ཐུབ་ལ། གནས་དགོས་ཡང་ཡོད་པ་མ་ཡིན། དགེ་བཅུའི་ཁྲིམས་རང་ངོས་ནས། ང་ཚོས་དེའི་ཕན་གནོད་དང་ལེགས་ཉེས་ལ་གསལ་ཆ་དང་ངོས་ཟིན་གཏང་ཟབ་ཞིག་མེད་པར་གདོང་ལེན་བྱེད་པ་ནི་བྱིས་བློ་ཙམ་དང་། མཁོ་མེད་དུ་ངེས། དེའི་ཕན་གནོད་དང་ལེགས་ཉེས་ལ་གསལ་ཆ་དང་ངོས་ཟིན་གཏང་ཟབ་ཞིག་ཐོབ་ན། ད་གཟོད་ང་ཚོ་སུ་ལའང་གཏར་ཆོག་ཆོག་གི་ནད་རྨེན་རེ་ཐོན་ངེས་ལ། སྐབས་དེར་ང་ཚོས་ལག་འཕྱི་མི་རུང་ལ། ཁ་ལྐུག་ཀྱང་མི་རུང་ངོ་སྙམ་མོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་མོས་གླེང་སྟེགས་དང་༼དགེ་བཅུའི་ཁྲིམས༽

2012-11-30 མར་དོན་ཁོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།