གསེར་རྟའི་དགེ་བཅུའི་ཁྲིམས་ཀྱིས་ས་འགུལ་འགོག་ཐུབ་བམ།

  གསེར་རྟ་དང་སྨིན་གྲོལ་གླིང་གི་སྤྲུལ་མིང་འཛིན་པ། ཨོ་རྒྱན་ཉི་མ་ཟེར་པ་དེས་ཚན་རིག་རྩ་གཏོར་གཏོང་དགོས་བ་དང། ཚན་རིག་པ་རྣམས་བཙོན་དུ་བསྡུ་དགོས་བའི་རྩོལ་འཆལ་ཞིག་བྲིས་རྗེས། ཡང་སྐུ་ཞབས་དེས་མུ་འཐུད་དུ་༼དགེ་བཅུའི་ཁྲིམས་ཀྱིས་ཕན་ཡོན་གླེང་བ།༽ཞེས་བའི་རྩོམ་འཆལ་ཞིག་མཚོ་སྔོན་པོའི་ཟིན་བྲིས་སུ་བཀོད་འདུག།    རྩོམ་དེའི་ནང་ཡང་འདི་ལྟར༼འདས་པའི་ལོ་གཉིས་ཀྱི་གོང་དུ་ཐེ་ཝན་ལ་རླུང་ཇག་དང་། དྲག་ཆར་ལྡེབ་པ་ལས་མི་དྲུག་བརྒྱ་ལྷག་གར་སོང་ཆ་མེད་དུ་སོང་བ་རེད། བོད་དུ་ས་འགུལ་གྱིས་མི་ཉིས་སྟོང་དྲུག་བརྒྱ་གོ་བརྒྱད་ཤི་བ་དང་། བརླགས་སོང་བ་ཡང་མང་པོ་རེད་ལ། ཆིག་ཁྲི་ཉིས་སྟོང་ཆིག་བརྒྱ་སོ་ལྔ་རྨས་མར་བསྒྱུར་བ་དང་། འཇའ་པན་དུ་མཚོ་རླབས་དང་ས་འགུལ་གྱིས་ཆིག་ཁྲི་ལྔ་སྟོང་བརྒྱད་བརྒྱ་བདུན་ཅུ་ཤི་བ་དང་། རྨས་མ་དྲུག་སྟོང་ཆིག་བརྒྱ་བཅུ་བཞི། གར་སོང་ཆ་མེད་དུ་གྱུར་བ་ཉིས་སྟོང་བརྒྱད་བརྒྱ་བཅུ་བཞི་སོགས་མདོར་ན་འཛམ་གླིང་ཤར་ནུབ་གཉིས་སུ་འབྱུང་བཞིའི་གནོད་པ་རྒྱ་ཆེ་བ་དང་། མི་རིགས་དང་། ལས་དཀའི་འཐབ་རྩོད་ཆེ་རུ་དང་། གཏིང་ཟབ་ཏུ་འགྲོ་བཞིན་པ་མཐའ་དག་འདོད་རྔམ་དང་། གནོད་སེམས། ལོག་ལྟ་དག་ལས་བྱུང་བ་ཡིན་པས་ན།༽ཞེས་ལོ་གཉིས་ཀྱི་གོང་དུ་བྱུང་བའི་ཕོར་མོ་ས་ཡི་དྲག་ཆར་ལས་བྱུང་བའི་གནོད་འཚེ་དང།    བོད་དུ་བྱུང་བའི་རྫ་སྐྱེ་དགུ་མདོ་ཡི་ས་འགུལ་ཐམས་ཅད། འདོད་རྔམ་དང། གནོད་སེམས། ལོག་ལྟ་བཅས་ལས་བྱུང་བ་ཡིན་པ་འདྲ་བ་ཞིག་བཤད་པ་དང་། དེ་ནས་མིའི་འཇིག་རྟེན་གྱི་གནད་དོན་ཐམས་ཅད་སེལ་བ་ལ།    ༼དགེ་བཅུའི་ཁྲིམས་ལ་འབད་དགོས་པ་དང་། དགེ་བཅུའི་ཁྲིམས་གནས་པར་བྱ་དགོས་པ་ནི་བོད་ཙམ་དུ་མ་ཟད། འཇིག་རྟེན་སྤྱིའི་ལས་འགན་བླ་མེད་ཅིག་ཡིན་ ༽ཞེས་བརྗོད་འདུག་པ་མ་ཟད། དགེ་བཅུ་ནི།དེ་ཐམས་ཅད་ཀྱི་རྩ་བ་གཅོད་པའི་སྟ་རེ་ལྟ་བུ་དང།    ཤུགས་བསྟན་དུ་གསེར་རྟའི་མཁན་པོ་དགེ་བཅུའི་ཁྲིམས་བཟོ་མཁན་དག་ལ། ས་འགུལ་སོགས་འགོག་ཐུབ་པའི་ནུས་བ་ཡོད་པ་དང།    གནོད་ཚུལ་འདི་ཐམས་ཅད་མེད་པར་གཏོང་བ་དང།    འགོག་པའི་ཐབས་ཤེས་ལྟ་བུ་ཞིག་ཡོད་ཁུལ་ཞིག་བཤད་འདུག།    སྤྱིར་བཏང་སྐད་ཆ་འདི་འདྲ་བཤད་དུས།    མི་ཚང་མས་གད་མོ་ཆེན་མོ་རེ་་དགད་ནས་འདུག་པ་ལས་གཞན།    ལན་དོན་མཐུན་གྱིས་ལན་རྒྱག་པ་སོགས་རྩ་བ་ཉིད་ནས་མི་འོས་མོད། ཡང་དགེ་བཅུའི་ཁྲིམས་ཟེར་པ་འདི། ཨོ་ཉི་ཟེར་པའི་འདི་ཆོས་གྲོགས་དག་གིས། གསེར་རྟའི་མི་ཚོགས་སུ་རྒྱ་ཆེན་སྤེལ་བཞིན་འདུག་པས།    འདི་ནི་འཚར་འཚར་གཏམ་ཙམ་ལས་ཕར་འདས་ནས་མིའི་འཚོ་བ་དང།    སྤྱོར་ལམ་དངོས་སུ་འབྲེལ་བ་ཞིག་ཆགས་བསྡད་ཡོད་པ་དང།    དེ་བཞིན་་སྔོན་བཤད་བཞིན། མི་འདི་ནི་སྤྲུལ་མིང་འཛིན་པ་ཞིག་ཡིན་པ་དང་། མང་པོ་ཞིག་ལ་མི་འདིས་འཇིག་རྟེན་མི་ཚད།    ་ཕྱི་མའི་ལམ་སྟོན་པའི་ཆོས་ཁྲིད་སོགས་བྱ་བཞིན་པ་དང།    ལྷག་པར་ཀུན་གྱིས་སྤྱོད་ཡུལ་དུ་གྱུར་པའི་དྲ་རྒྱའི་སྟེང་དུ་བཀོད་ཕྱིར།    བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་ལོག་ལམ་དུ་ཁྲིད་པའི་ཉེན་ཁ་འདུག་པས།
    འདི་ལའང་སྐད་ཆ་འགའ་མི་བཤད་ཐམས་མེད་བྱུང་སོང།    གཅིག། ས་འགུལ་ཇི་ལྟར་བྱུང་ཚུལ་གྱི་སྐོར་ཡིན། འདི་ནི་ཕྲན་གྱི་བྲིས་ཡོད་པའི་ཚན་རིག་དཔེ་དེབ་ལས།    ཐད་ཀར་དྲངས་བ་ཞིག་ཡིན་པ་དང།    འདི་ལ་ལྟོས་ནས། སའི་འགུལ་བྱུང་ཚུལ་རགས་ཙམ་ཤེས་བའི་རེ་བ་ཡོད།    གཉིས།    དགེ་བཅུས་ས་འགུལ་འགོག་ཐུབ་མེད་དང།    གསུམ།    ཨོ་རྒྱན་ཉི་མས་འགོག་ཐུབ་པ་རེད་ཅེས་བཤད་པའི་སྐད་ཆའི་ཁུངས་དང།    དེ་ལས་འཕྲོས་བའི་དོགས་དཔྱོད་བཅས་ཡིན།    
  དང་པོ། བདག་གིས་བྲིས་བའི་ཚན་རིག་གི་གཞུང་དུ་འདི་ལྟར།    དེ་ནས་༼སེམས་ཅན་གྱི་བསྐལ་བ་ཟེར་བའི་བསྐལ་བ་མགོ་བརྩམས་པ་དང་།རང་ཅག་རྣམས་ཀྱིས་བསྐལ་བ་འདི་ཡང་བསྐལ་བ་འདི་ནང་འདུས་ཤིང་།བསྐལ་བ་དེ་ནི་མི་ལོ་དུང་ཕྱུར་ལྔ་དང་བྱེ་བ་བདུན་ནས་འགོ་བརྩམས་ཏེ་ད་ལྟའི་བར་གྱི་བསྐལ་བ་འདི་ཡིན་།བསྐལ་བ་འདི་ལ་ནང་གསེས་ཀྱི་བསྐལ་ཆུང་མང་དུ་ཕྱེ་ནས།ད་ལྟའི་ང་ཚོས་མཐོང་བཞིན་པའི་འཇིག་རྟེན་འདིའི་ཕྱི་རྣམ་པ་དང་བཅས་བྱུང་།དང་པོ་སེམས་ཅན་གྱི་བསྐལ་བ་ལའང།    འཚོ་བའི་བསྐལ་ཆུང་དང། བར་གྱི་བསྐལ་ཆུང་དང་། ཉེ་དུས་ཀྱི་བསྐལ་ཆུང་ཞེས་གསུམ་ཕྱེ་ནས་བཤད་ཅིང།    ཐོག་མར་འཚོ་བའི་བསྐལ་ཆུང་གི་དུས་སུ་། གློ་བུར་དུ་མཚོ་ནང་དུ་སྐྱེ་ལྡན་གྱི་གཟུགས་ཅན་སྣ་ཚོགས་བྱུང་ཞིང་། སྦྲུལ་ལྟ་བུ་དང་། སོག་ལེ་ལྟ་བུ་སྲོག་ཆགས་མང་པོ་ཞིག་བྱུང། འཚོ་བའི་བསྐལ་བ་ཟེར་དོན་ཀྱང། སེམས་ཅན་ཐོག་མར་བྱུང་བའི་དུས་ཡིན་པས།    འཚོ་བའི་བསྐལ་བ་ཞེས་བཏགས་པ་རེད།
    ཡང་མི་ལོ་དུང་ཕྱུར་བཞི་དང་བྱེ་བཞི་ཙམ་ལ།    འཇིག་རྟེན་འདི་མི་ཟད་པའི་འཁྱག་པ་ཆེན་པོ་གནན་ཏེ།    སེམས་ཅན་མང་པོ་ཞིག་མཇུག་རྫོགས།    སེམས་ཅན་གྱི་བསྐལ་བའི་དུས་མགོ་རུ།
    སའི་གོ་ལའི་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ནང་དུ་ཀུན་ཏོ་ལྭ་ན་ཟེར་བའི་གླིང་ཆེན་ཞིག་བྱུང་བ་དང་།དེ་དང་མཉམ་དུ་སའི་གོ་ལའི་བྱང་ཕྱོགས་སུ་ཡོད་པའི་་གླིང་ཕྲན་ཆུང་བ་གསུམ་ཀྱང་བྱུང་བ་དེ་དག་མཉམ་དུ་འདུས་ཏེ།    ལོ་ར་ཤར་མ་ཟེར་བ་གླིང་ཆེན་ཆགས།
    དེ་ནས་རིམ་གྱི་ལོ་དུང་ཕྱུར་གསུམ་དང་།བྱེ་བ་གཉིས་ཙམ་ལ་།གླིང་ཆེན་ཀུན་ཏོ་ལྭ་ན་དང་།ལོ་ར་ཤར་མ་གཉིས་མཉམ་དུ་ཐུག་རྒྱབ་ནས་ཕན་སྒོ་ན་ཟེར་བའི་གླིང་ཆེན་གཅིག་ཏུ་ཆགས།
    དེ་ནས་ལོ་དུང་ཕྱུར་གཉིས་དང་།བྱེ་བ་བཞི་ཙམ་ལ་།གླིང་ཆེན་ཕན་སྒོ་ན་རིམ་གྱིས་འཐོར་འགོ་བརྩམས་ཤིང་།གླིང་ཆེན་དེ་འཐོར་བ་ལ་བརྟེན་ནས་རྒྱ་མཚོ་དང་།བར་སྣང་ལ་འགྱུར་བ་ཆེན་མོ་ཐེབས་ནས་གནམ་བཤིས་ལ་འགྱུར་བ་ཐེབས་པའི་འགོ་བརྩམས་པ་དང་།དེའི་དབང་གིས་ཡུལ་གྱི་གནས་བབས་མི་འདྲ་བ་སྣ་ཚོགས་པྱུང་།དབྱར་ཁོ་ནས་ཁྱབ་པའི་དུས་དང།
    དུས་གསུམ་ཅན་དང་།དུས་བཞི་ཅན་སོགས་བྱུང།    ཐོག་མར་གླིང་ཆེན་ཕན་སྒོ་ནའི་སྔོན་གྱི་གྲུབ་ཆ་གླིང་ཆེན་ལོ་ར་ཤར་མ་དེ་།བསྐྱར་ཏུ་གླིང་ཆེན་ཀུན་ཏོ་ལྭ་ན་དང་འབྲལ་འགྲོ་བརྩམས་ཏེ།
    བྱང་གིཨ་ཐི་ལི་ཀའི་མཚོ་སྒོ་བཤགས་པ་དང་།དེ་ནས་གླིང་ཆེན་ཀུན་ཏོ་ལྭ་ནའི་གྲུབ་ཆ་དེ་ལྷོ་ཨ་མི་རི་ཀ་དང་།ཨ་ཕེ་རི་ཀ་བཅས་བའི་གླིང་ཕྲན་ཤིག་དང་།དེང་དུས་ཀྱི་ལྷོ་མཐའི་གླིང་དང་།ཨོ་སི་ཁྲུ་ལ་ཡ་དང་བཅས་བའི་གླིང་ཕྲན་གཅིག།
    རྒྱ་གར་གྱི་གླིང་ཕྲན་དང་བཅས་བའི་གླིང་ཕྲན་གཅིག་བཅས་ཆགས།དེ་ནས་ལོ་དུང་ཕྱུར་གཅིག་དང་།བྱེ་བ་གཉིས་ཙམ་ལ་ལྷོ་ཨ་མེ་རི་ཀ་དང་།ཨ་ཕེ་རི་ཀ་གཉིས་ཡང་ཐ་དད་དུ་གྱེས་བ་དང་།ལྷོ་མཐའི་གླིང་དང་ཨོ་སི་ཁྲུ་ལ་ཡ་གཉིས་ཡང་ཐ་དད་དུ་གྱེར་ནས་གླིང་ཆེན་གཉིས་སུ་གྱུར།
    ལྗང་མདོག་གླིང་གི་གླིང་ཕྲན་ཡོ་རོལ་གླིང་ཆེན་ནས་ཁ་གྱེར་བ་དང་།བྱང་ཨ་རི་དང་།ལྷོ་ཨ་རི་གཉིས་གླིང་ཆེན་གཅིག་ཏུ་གྱུར་།ཨོ་སི་ཁྲུ་ལེ་ཡའམ་ཤར་ལུས་འཕགས་གླིང་དང་།    རྒྱ་གར་གྱི་གླིང་ཕྲན་ཡོ་རོབ་ཨ་ཤེའི་གླིང་ཆེན་དང་ཐུག་བརྒྱབ་ནས་།རི་བོ་གངས་ཅན་དང་།ཙོང་ཁ་རིང་མའི་རི་རྒྱུད་སོགས་བཏོན་པར་བཤད་།༽ཅེས་གླིང་ཕྲན་ཆགས་ཚུལ་གྱི་སྐོར།    རི་མོ་དང་བཅས་བཤད་ཡོད་པ་དང།    དེ་ནས་སའི་གོ་ལ་སོགས་བརྗོད་དུས།    ཡང་འདི་ལྟར།    ༼སའི་གོ་ལ་ནི་སྒོ་ང་ལྟ་བུ་ལ་ཤིན་པགས་དང་བཅས་ཀྱིས་གྲུབ་ནས་ཡོད།ཕྱི་ཤུན་དང་།ནང་ཤུན།བར་ཤུན།དབུས་སམ་ནང་གི་སྒོང་སེར་བཅས་ཀྱིས་གྲུབ་ཡོད།
    སའི་གོ་ལའི་ནང་གི་དཀྱིལ་གྱི་སྒོ་ངའི་སྤྲི་རིལ་ལྟ་བུ་ནི་ལྕགས་ནག་དང་བཤའ་ཚེ་སོགས་བཞུས་པའི་ལྕགས་ཆུ་དམར་པོ་ཡིན་པ་དང་།དེའི་སྟེང་དུ་ལྕགས་ནག་དང་།བཤའ་ཚེའི་རྔམས་འཐུག་པོ་དག་ཡོད་པ་ལ་སྨད་ཀྱི་ནང་ཤུན་ཞེས་པ་དེ་ཡོད་ཅིང་།དེ་ནི་སྤྱི་ལེ༢༩༠༠ཙམ་ཡོད་པ་དང་།དེའི་སྟེང་དུ་སྟོད་ཀྱི་ནང་ཤུན་ཞེས་རྔམས་འཐུག་པ་སྤྱི་ལེ༤༥༩ཙམ་ཞིག་ཡོད་པ་དང་།སྟོད་སྨད་གཉིས་ཀྱ ི་རྔམས་རིམ་གཉིས་ཀ་རྡོའི་ཕུང་པོ་ཡིས་གྲུབ་པ་དང་།རྔམས་རིམ་དེ་གཉིས་ཀྱང་རྡོ་བཞུས་པའི་མེ་ཆུ་ཡིན་ཞིང་།དེ་གཉིས་ཀྱི་སྟེང་དུ་སྒོ་ངའི་ཕྱི་ཤུན་ལྟ་བུ་སྟེ་སའི་ཕྱི་ཤུན་ཡོད་ཅིང་།སའི་གོ་ལའི་ཕྱི་ཤུན་ནི་རླུང་རྡུལ་དང་།མིང་མེད་ཀྱི་རྫས་སོགས་ཀྱིས་ཁྱབ་ནས་ཡོད།སའི་གོ་ལའི་སྟོད་ཀྱི་ནང་ཤུན་གྱི་ཡ་སྟོད་དང་།སའི་གོ་ལའི་ཕྱི་ཤུན་དེ་ཡང་རིམ་པ་མང་པོར་བཅད་ནས་ ཡོད་པ་དང་།རིམ་པ་དེ་དག་གི་མཚམས་ནས་སའི་འཇིགས་པ་སྟེ་ས་འགུལ་དང་།མེ་རི་འཕྱུར་བཞིན་ཡོད།ཤུན་པའམ་རིམ་པ་དེ་དག་སྐབས་རེ་ཕན་ཚུན་གདོང་ཐུག་རྒྱག་བཞིན་པ་དང་།ཕན་ཚུན་ཁ་འབྲལ་བཞིན་པ་དང་།ཁ་ཤས་ཕན་ཚུན་བཟུར་ནས་འགྲོ་བ་སོགས་བྱ་བཞིན་པ་ལས།རྒྱ་མཚོ་དང་།རི།གླིང་ཆེན་བཅས་དེ་དག་འཕྲོ་བསྐྱོད་སོགས་གྲུབ་དང་འགྲུབ་བཞིན་པ་དང་།ད་ལྟའི་སའི་གོ་ལའི་ཕྱི་ཤུན་གྱི་རྣམ་པ ་འདི་ཡང་འགྱུར་བ་དེ་དག་ལ་བརྟེན་ནས་བྱུང་བ་ཡིན་ནོ།༽ཞེས་ཚན་རིག་གི་ལམ་ནས།    སའི་གོ་ལ་ཆགས་ཚུལ་དང།    དེའི་གྲུབ་པའི་རྫས།    རྣམ་པ་བཅས་ཅུང་ཟད་རྒྱས་བ་ཞིག་བྲིས་ཡོད།    
དེ་ལས་འཕྲོས་ནས་གླེང་བར་བྱ་བ་ན།    གསེར་རྟའི་མཁན་པོ་དག་གིས་གཏན་ལ་ཕབ་པའི་དགེ་བཅུས་ས་འགུལ་འགོག་ཐུབ་མིན་དེ་ཡིན།    གནད་དོན་གཙོ་བོ་ནི།    སྤྱིར་བཏང་དགེ་བཅུས་ས་འགུལ་འགོག་ཐུབ་ན།    སའི་གོ་ལ་གྲུབ་ཆ་ས་སྡེར་དང།    འཕྲོ་བསྐྱོད་བྱས་པ་སོགས་འགོག་དགོས་བ་རེད།    དེ་མིན་ས་སྡེར་དེ་དག་ནམ་ཡིན་ཀྱང་འགུལ་བཞིན་ཡོད་པས    དགེ་བཅུ་སྲུང་མིན་ལ་མ་ལྟོས་བ།    ནམ་ཞིག་ས་འགུལ་ནི་ཡོང་སྲིད་པ་ཞིག་རེད།    ལྷག་པར་ས་སྡེར་འདྲ་བའི་བར་འཚམས་སུ་འཕྲོ་བསྐྱོད་དེ་ལ་བརྟེན་ནས།
    སའི་ཁོག་བརྡིབ་དང།    ཕན་ཚུན་འཕྲད་པ་སོགས་ལ་བརྟེན་ནས།    ས་ལ་གཡོ་བ་ཐེབས་འགྲོ་བ་ཞིག་རེད།    དཔེར་ན།    རང་རེའི་ཡུལ་ཤུལ་ཡང་ས་སྡེར་འདྲ་བའི་མཚམས་སུ་ཡོད་པ་དང།    རྒྱ་ནག་གི་ཝུན་ཁྲན་དང་སྡེར་ལམ་གཅིག་པ་ཡོད་པ་རེད།
    དེ་བས་ས་ཁུལ་དེ་གཉིས་ལ་ད་དུང་ས་ཁུལ་ཡོང་སྲིད་པ་ཞིག་རེད།    དེ་ནས་ཨོ་ཉི་དང་ཁོའི་རྗེས་འཇུག་པ་དག་ལ་རྩེད་མོ་འདྲ་རྩེས་ན།    སུས་དགེ་བཅུ་སྲུང་ན་ས་འགུལ་འགོག་ཐུབ་ཀིན་རེད།    མཁན་པོ་དག་གིས་དགེ་བཅུ་སྲུང་ན།    འགོག་ཐུབ་པ་རེད་དམ།
    ཡང་ན་གསེར་རྟའི་མི་མང་གིས་དགེ་བཅུ་སྲུང་ན་འགོག་ཐུབ་ཀིན་རེད།    དང་པོ་ཡིན་ན།    ཡུལ་ཤུལ་ས་འགུལ་སྐབས་སུ།    མཁན་པོ་དག་གིས་དགེ་བཅུ་མ་སྲུང་བ་ཡིན་ནམ།    ཡང་ན་དགེ་བཅུ་སྲུང་ཀྱང།    ས་འགུལ་མ་ཁོགས་པར་འགྱུར་འགྲོ་བ་རེད།
    གསེར་རྟ་མི་མང་གཙོ་བྱས་བའི་མི་ཚང་མས་དགེ་བཅུ་སྲུང་བ་ཡིན་ན།    ས་འགུལ་འགོག་ཐུབ་ཞེ་ན།    མཁན་པོ་དག་གིས་མ་ཁོགས་པ་ཞིག།    མི་ཕལ་བ་རྣམས་ཀྱིས་ཇི་ལྟར་འགོག་ཐུབ་ཀིན་རེད།    ལྷག་པར་ཏུ་ཨོ་ཉི་ལྟ་བུ་ཞིག་གིས་མ་ཁོགས་པ་ཞིག།
    གཞན་གྱིས་ཇི་ལྟར་འགོག་ཐུབ་བམ། འདོར་ན་སྐད་ཆ་འདི་ཚང་མ་སྨྱོ་བཤད། གཞན་གྱིས་ལྟོས་ན་དགོད་བྲོ་བ་དང། རང་མི་རྣམས་ལ་འདི་ལྟ་བུ་ཤེས་བྱ་ཞིག་ཀྱང་མེད་པར།    འདི་ལྟ་བུས་འཇིགས་སྐུལ་རིང་ལུགས་པ་དག་གིས་ཇི་བཤད་ལ་ཉན་དགོས་བའི་སྐྱོ་གར་དེ་རེད།
   དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི། ཨོ་རྒྱན་ཉི་མས་དགེ་བཅུ་སྲུང་ན་ས་འགུལ་འགོག་ཐུབ་པ་རེད་ཅེས་བཤད་པའི་སྐད་ཆའི་ཁུངས་དེ་ཡིན། ང་འདི་ལ་དོ་སྣང་ཆེན་པོ་བྱུང།    ཅི་ཕྱིར་ཞེ་ན། གསེར་རྟ་བླ་རུང་གི་མཁན་པོ་དག་དང།
    དེ་ལས་བྱུང་བའི་ཆོས་སྤེལ་བ་ཚོ་ལ་འདི་ལྟ་བུའི་རྫུ་འཕྲུལ་དང།    གྲུབ་རྟགས་ཀྱི་སྐད་ཆ་མང་པོ་བཤད་རྒྱུ་འདུག།    ཁོ་ཚོས་བྲིས་བ་དག་གིས་ནང་དུ།    མི་ག་གེ་ཞིག་གིས་གསོལ་བ་ག་གེ་མོ་ཞིག་བཏབ་རྐྱེན།    གནམ་གྲུ་ནང་གི་མི་ཚང་མ་ཤིའང།    ཁོ་མ་ཤི་བ་རེད་ཅེས་དང།    བླ་མ་དང།    མཁན་པོ་དག་ལའང་རྫུ་འཕྲུལ་བསྟན་པའི་རྣམ་ཐར་བཤད་རྒྱུ་མང་པོ་འདུག།    དེ་བཞིན་ཡོད་ཚད་ལ་གྲུབ་མིང་འདོགས་རྒྱུ་དགའ་བ་དག་ཀྱང་རེད།    ཨ་རིའི་མཁས་བ་ཞིག་གིས་བཤད་ན།    གསེར་རྟའི་ཆོས་ནི།    གཙོ་བོ་གྲུབ་རྟགས་དང།    རྫུ་འཕྲུལ།    དད་པ།    དེ་བཞིན་ཡིད་ཆེས་གཙོ་བོ་བཞག་ནས་སྤེལ་ཀིན་ཡོད་པ་ལས།    གཏན་ཚིགས་དང་འཆད་ཉན་གྱི་སྟེང་ནས་སྤེལ་ཀིན་མི་འདུག།    དེ་བས་མཁས་བ་ཚོ་ལ་ཡིད་འཕྲོག་པ་ཅི་ཡང་མི་འདུག་ཅེས་བཤད་པའང་དོན་ལ་གནས་བར་སེམས།
    ཨོ་ཉིས་ཚན་རིག་དགྲ་བོར་བརྩིས་པ་དང་། ཚན་རིག་པ་རྣམས་བཙོན་འཇུག་བྱ་དགོས་བའི་འཇིགས་སྐུལ་བ། དེ་བཞིན་ད་ལྟ་དགེ་བཅུས་ས་འགུལ་འགོག་ཐུབ་པ་བཤད་བཞིན་པའང། མཐར་ཐུག་ན་བླུན་པོ་རྣམས་ལ་འཚར་གཏམ་བརྗོད་པ་ཙམ་ལས། ནང་ཆོས་མ་རེད་ལ། ཚན་རིག་ནི་དེ་བས་ཀྱང་ག་ལ་ཡིན།   

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསེར་རྟའི་དགེ་བཅུའི་ཁྲིམས་ཀྱིས་ས་འགུལ་འགོག་ཐུབ་བམ།

2012-11-25 བོང་རྫི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།