མོ་ཡན་ལ་ནོ་པེལ་བྱ་དགའ་རག་པ་དོན་ལ་གནས་མིན་སྐོར།

གཡག་བུ་དཔལ་རྩལ།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-14

 ཉིན་འདི་འགར་རྒྱ་རིགས་ཀྱི་རྩོམ་པ་པོ་རྒན་གྲས་མོ་ཡན་ལགས་ལ་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ་དང་བསྟུན་ནས་རྒྱ་རིགས་ཀྱི་རྩོམ་པ་པོའི་སྡེ་རུ་ཁོང་ལ་བྱ་དགའ་འདི་འབབ་མིན་དང་། ཐ་ན་ནོ་པེལ་གྱི་རིན་ཐང་མར་ཆགས་ཡོད་མེད། བྱ་དགའ་འདི་ལ་དམིགས་ཡུལ་གཞན་པ་ཡོད་མེད་སོགས་རྩོད་གཞི་མང་པོ་ཞིག་བྱུང་སོང་། དེ་རུ་མི་གཞི་དང་ཆབ་སྲིད་ལངས་ཕྱོགས་སོགས་ནས་རྩོད་བཞིན་པའི་རྒྱ་ནག་གི་དམངས་གཙོའི་ལས་འགུལ་བ་ཚོ་ཡོད་ལ། རྩོམ་རིག་རང་ངོས་ནས་ཤོད་ཀྱིན་པའི་དཔྱད་བརྗོད་པ་འཇར་མན་གྱི་ཀུའུ་པེན་ལྟ་བུའང་ཡོད། དེ་བཞིན་དུ་བོད་དུའང་ཁོང་གི་སྐོར་ལ་དོ་སྣང་བྱ་མཁན་མི་མང་པོ་ཐོན་ཞིང་། ཁོང་ལ་བྱ་དགའ་ཐོབ་པར་དགའ་བསུ་ཞུ་མིན་གྱི་གླེང་གཞི་རྩོམ་རིག་དང་འབྲེལ་བ་མེད་པ་རེའང་ཐོན་སོང་། དེའི་ཕྱིར་འདི་ནས་གུས་པོས་གྲོགས་པོ་ཚོར་མོ་ཡན་ལ་བྱ་དགའ་དེ་འཐོབ་འོས་མིན་གྱི་གནད་དོན་དེ་དོན་ཚན་ཁ་ཤས་སུ་བགོས་ནས་བཤད་པར་བྱ།
 ༡ མོ་ཡན་ཀྲུང་གོ་ནས་ཡང་རྩེ་ཡིན་མིན་ཐད། དེང་སྐབས་སྤྱིར་འཛམ་གླིང་དང་སྒོས་སུ་ཀྲུང་གོའི་མངའ་ཁོངས་སུ་ཚོང་རྭ་ཡིས་ཀུན་གྱི་སྣེ་ཁྲིད་པས། དཔེ་སྐྲུན་དང་རྩོམ་འབྲི་བ་ཀུན་ཀྱང་ཁྲོམ་རྭའི་དབང་དུ་ཤོར་ནས། གཟབ་ནན་གྱི་རྩོམ་པ་པོ་ཞིག་ཉུང་བའི་ཚོད་ཡིན་ལ། ཡོད་པའང་གྲགས་པ་མི་ཆེ་བར་ཕལ་བའི་གྲལ་ཏུ་ལྷུང་ཡོད། དེའི་ཕྱིར་རྩོམ་པ་པོ་མང་པོ་ཞིག་གིས་གཟབ་ནན་གྱི་རྩོམ་རིགས་བརྩམས་ཆོས་རྩོམ་པའི་ལས་དོར་ནས་དམངས་བྱིངས་ཀྱི་དགའ་ཕྱོགས་ལ་བསྟུན་པའི་རྩོམ་འབྲི་བའི་ལས་ལ་ཞུགས་ཡོད། དེ་ལྟ་བུའི་སྐྱ་ཆད་སྔོ་སྡུག་གི་དུས་སུ་ཀྲུང་གོ་ལྟ་བུར་མཚོན་ན་ཅུང་གྲགས་ཆེ་ཤོས། མོ་ཡན་དང་གྲལ་མཉམ་པ་ནི་ཡཱི་ཧྭ་ལྟ་བུ་དང་པཱེ་ཏོ་ལྟ་བུ་རེད། འོན་ཀྱང་ཡཱི་ཧྭ་ལ་ཆ་མཚོན་ན་བརྩམས་སྒྲུང་གསར་བར་སྙེགས་པའི་རྩལ་གྱིས་མཱོ་ཡན་ལ་མི་འགྲན། པཱེ་ཏོ་ནི་ནོ་པེལ་འཐོབ་འོས་པའི་ཀྲུང་གོའི་རྩོམ་པ་པོ་ཞིག་ཡིན་ཞིང་། ༢༠༠༠ལོ་ནས་བཟུང་ནོ་བྷེལ་གྱི་འོས་ཐོ་རུ་ཐོན་པའི་རྩོམ་པ་པོ་ཞིག་རེད། འོན་ཀྱང་ཁོང་གིས་ནི་མཱོ་ཡན་ལ་རྩོམ་གྲངས་ཀྱིས་མི་འགྲན། གཞན་ཀྲུང་གོ་ནས་དོན་ལ་གནས་པའི་རྩོམ་པ་པོ་སུ་ཡིན་པའི་ཐད་འདེམ་ཤོག་ཅིག་འཕངས་པར་མཱོ་ཡན་ཨང་དང་པོར་གྱུར་ཡོད་ལ། ཡཱི་ཧྭ་དང་ཨ་ལེ་སོགས་ནི་ཨང་གཉིས་པའི་གྲས་རེད། དེ་ལྟར་ན་ཡུན་རིང་བོར་རྒྱུན་མ་ཆད་པར་རྩོམ་འབྲི་གནང་ཞིང་སྤུས་ཀའང་རྩོམ་རིག་གསར་བ་དང་བརྩམས་སྒྲུང་གསར་བར་ཐག་ཉེ་ཤོས་ནི་མཱོ་ཡན་ཡིན་པས་ཁོང་ལ་བྱ་དགའ་འདི་འབབ་སྙམ།
 ༢ མཱོ་ཡན་འཛམ་གླིང་ནས་ཡང་རྩེ་ཡིན་མིན་ཐད། འདི་ནི་སྤྱིར་འཆད་དཀའ་བར་མ་ཟད། འུ་ཅག་ལྟ་བུའི་སྐད་རིགས་རེ་གཉིས་ཀྱི་ཤེས་བྱ་ལས་བརྒལ་མེད་པའི་ཀློག་པོ་ཕལ་བ་དག་གིས་དེ་བས་ཀྱང་འཆད་དཀའ། འོན་ཀྱང་ནོ་པེལ་རྩོམ་རིག་བྱ་དགའ་རང་ལ་མཚོན་ན་ཡང་རྩེ་རྐྱང་རྐྱང་ལས་དེ་འཐོབ་མི་ཐུབ་ཅེས་བཤད་རྒྱུ་ནི་དཀའ་ལ། རྩོམ་རིག་གི་བྱས་རྗེས་ཆེ་ཞིང་འཛམ་བུ་གླིང་དུ་གྲགས་པ་ཆེ་བའི་རྩོམ་པ་པོ་མང་པོར་ནོ་བྷེལ་མ་ཐོབ་པ་ཡོད་ཅིང་། ཡང་རྩོམ་པ་པོ་ལ་ལས་ནི་ཐོབ་ཀྱང་མ་བླངས་པའང་ཡོད། ཐོབ་ཀྱང་ཐོབ་ལ་བླངས་ཀྱང་བླངས་པ་དག་ལས་ཀྱང་དུས་སྐབས་དེར་གྲགས་པ་དང་བྱས་རྗེས་གང་གི་ཐད་ནས་ཀྱང་ཡང་རྩེ་མིན་པ་གང་མང་ཡོད་པ་དཔེ་ཞིག་དྲངས་ན༢༠༠༠ལོར་བྱ་དགའ་ཐོབ་པའི་ཀའོ་ཞིང་ཅན་ལྟ་བུར་ཆ་མཚོན་ན་སྐབས་དེར་འཛམ་གླིང་རྩོམ་རིག་གི་ཡང་རྩེ་མིན་ཞིང་ལོ་དེའི་འགྲན་ཡ་དག་ལས་ཀྱང་འབུར་དུ་ཐོན་མེད་པ་མངོན་གསལ་རེད།
  ༣ ད་ལོ་ཡང་རྩེ་ཡིན་མིན་ཐད། གོ་ཐོས་སུ་ད་ལོ་མོ་ཡན་དང་ནོ་པེལ་རྩོད་པའི་འགྲན་ཡ་གཙོ་བོ་ནི་འཇར་པན་གྱི་རྩོམ་པ་པོ་ཧཱ་རུ་ཁི་མུ་ར་ཁཱ་མ(村上春树)རེད་ཟེར། གལ་སྲིད་འདི་བདེན་སྲིད་ན་ཁོང་ནི་མོ་ཡན་དང་བསྡུར་ན་དེ་ནི་བར་ཐག་ངེས་ཅན་ཞིག་ཡོད་ངེས་རེད།  ཧཱ་རུ་ཁི་མུ་ར་ཁཱ་མི་ནི་མི་ཕལ་བར་བསྟུན་པའི་བརྩམས་ཆོས་སླ་མོ་འབྲི་མཁན་གྱི་རྩོམ་པ་པོ་ཕལ་བ་ཞིག་རེད། དེབ་བྲིན་མོའི་རྩོམ་པ་པོ་འདི་རིགས་ཀྱི་མདུན་ནས་མོ་ཡན་ནི་གཟབ་ནན་གྱི་རྩོམ་པ་པོ་ཞིག་རེད་ཅེས་བཤད་ན་ཐལ་གཏན་ནས་དྲགས་མེད། རྒྱུ་མཚན་ནི་མོ་ཡན་གྱིས་སྒྲུང་རིང་རྐྱང་བ་དེབ་བཅུ་གཅིག་བྲིས་གནང་ཡོད་ཅིང་། དཔྱད་བརྗོད་པ་ཚོས་བཤད་ན་དེའི་ཁྲོད་དུ་ཚོད་ལྟའི་རང་བཞིན་མེད་པའི་རྩོམ་གཅིག་མེད་ཅེས་བརྗོད་ཆོག་ཟེར། སྤྱིར་ཡིན་ན་རྩོམ་པ་པོ་གང་གི་བརྩམས་ཆོས་གང་ལ་བྱ་དགའ་ཐོབ་པའི་སྐོར་གསལ་བོར་བཤད་པ་ནི་ལོ་སྔོན་མ་དག་གི་དཔེ་ཡིན་མོད། ད་ལོ་རྒྱལ་ནང་གི་གསར་ལམ་ཁག་དུ་དེ་འདྲ་གསལ་བོར་མ་བཤད་པར་ཅུང་ལྐོག་ལྐོག་སུད་སུད་དུ་གྱུར་འདུག དེའི་སྐོར་ལ་ཕྱི་རྒྱལ་གསར་ལམ་རེ་འགར་བཤད་པ་ལྟར་ན་ཁོང་གི་བརྩམས་ཆོས༼སྦལ་བ༽ལ་ཐོབ་པ་རེད་ཟེར། རྒྱལ་ནང་ནས་འདི་གསང་དོན་ནི་རྩོམ་འདི་རུ་འཆར་ལྡན་བུ་སྐྱེ་ལྟ་བུའི་གཞུང་ཕྱོགས་ཀྱི་བྱེད་ཕྱོགས་ལ་དགག་པ་རྒྱག་པའི་ནང་དོན་ཚུད་ཡོད་པས་རེད་ཟེར།
  འདི་ལྟར་གོང་གི་ཕྱོགས་འགའ་ནས་བལྟས་ན་མོ་ཡན་ལགས་ལ་བྱ་དགའ་ཐོབ་པ་དོན་ལ་གནས་ཞེས་བརྗོད་ཆོག་ལ། ད་དུང་དེའི་སྐོར་ལ་འཇར་མན་པ་ཀུའུ་པེན་གྱིས་དགག་པ་གནང་བཞིན་ཡོད་མོད། ང་རང་གི་ལྟ་ཚུལ་ཡིན་ན། ཀུའུ་པེན་ནི་ཁྱིམ་བདག་བཙན་པོ་ཞིག་དང་འདྲ་བར་ཀྲུང་གོའི་རྩོམ་སྟེགས་སྤྱི་ལ་ཐུགས་བཙན་པོས་ལྟ་མཁན་ཞིག་ཡིན་པས་ཁོང་གིས་མཱོ་ཡན་ལ་རེ་བ་མཐོ་ཙམ་བཏོན་པ་ཡིན་ཡང་སྲིད། གཞན་ཁེ་ཉིན་ཀུའུ་པེན་གྱིས་སློབ་ཁྲིད་ཅིག་གི་སྐབས་མཱོ་ཡན་བཤད་སྐབས་ཀྱང་སྐད་ཆ་མང་པོ་བཤད་སོང་མོད་མུ་མཐུད་དུ་དགག་པ་གཏང་རྒྱུ་ཡིན་ཟེར་བ་ལས་ནོ་བྷེལ་ཐོབ་པ་དོན་ལ་མི་གནས་པའི་སྐད་ཆ་གང་ཡང་བཤད་མ་སོང་། དེའི་ཕྱིར་འུ་ཅག་གི་གྲོགས་པོ་ཚོས་སྒུག་བཟོད་མེད་པར་མཱོ་ཡན་ཀློག་འདུན་ཡོད་ན། མཱོ་ཡན་གྱི་རྩོམ་ནི་ཅུང་རྩིང་ཞིང་། ཆགས་སྲེད་སོགས་ཀྱི་ཤུགས་འདྲེས་པ་ཅུང་ཐལ་དྲགས་ཡོད་པས། ང་ཚོ་ཀློག་པ་པོ་ཕལ་བ་ཞིག་གི་ངོས་ཐད་ནས་ཐོག་མར་ཁོང་གི༼ཁྲེ་རྒོད་དམར་པོའི་ཁྱིམ་རྒྱུད༽ནས་དཔེ་ཀློག་གི་འགོ་བཟུང་ན་ཅུང་འགབ་སྙམ་ལ་། དཔེར་མཚོན་བརྩམས་ཆོས༼སྦལ་བ༽ལྟ་བུ་ནི་ཅི་ནས་ཀྱང་བཀླག་པར་འོས་པའི་རྩོམ་རེད། མཐར་ཞུ་བྱ་ནི་གོང་གི་གཏམ་ཀུན་ཀྱང་ཉིན་འདི་དག་རིང་གི་གོ་ཐོས་ཙམ་ལ་གཞིར་བཅོལ་ནས་ཤར་མར་བྲིས་པ་ཡིན་ལ། ཀུན་ལ་གཏམ་ཙམ་བསྐྱལ་བ་ལས། སྡོམ་བཀོད་པ་ལྟ་བུ་ནི་མིན་པས། གྲོགས་པོ་ཚོས་དེ་བཞིན་གྱི་གདམ་བསལ་བྱ་རོགས་ཞུ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མོ་ཡན་ལ་ནོ་པེལ་བྱ་དགའ་རག་པ་དོན་ལ་གནས་མིན་སྐོར།

2012-10-14 གཡག་བུ་དཔལ་རྩལ།༼པེ་ཅིང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།