མྱི་བརྐུ་བའི་སློབ་གསོ།

གུ་རུ་དོན་གྲུབ།༼གཅན་ཚ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-11

   ཁ་སང་དགོང་མོར་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་ཞིག་སློབ་འབྲིང་གཉིས་པའི་ནང་དུ་ཁ་རོག་གེར་ཡོང་ནས་སློབ་སྦྱོང་ལ་བཟང་བའི་སློབ་མ་ཞིག་ལ་ཁ་ཡག་ངོ་དགའ་དང་མགོ་གཡོག་མགོ་སྐོར་བཏང་ནས་ཁོའི་འཛིན་གྲྭའི་ནང་དུ་ཁྲིད་སོང་འདུག གོ་ཐོས་ལྟར་ན་སློབ་གྲྭ་དེར་དགེ་རྒན་ཚོས་སློབ་མ་བཟང་པོ་བརྩད་ནས་ཁྱོད་ཤི་ང་གསོན་གྱི་འགལ་བ་དྲག་ཏུ་སློང་བཞིན་ཡོད་ལ། སློབ་མ་ཞན་པ་དག་གྲལ་མཐར་དེད་ནས་སྡུག་ལ་གཏོད་པ་དང་ཐ་ན་འཛིན་གྲྭ་ཕར་ཚུར་བར་འདེད་རེས་བྱས་ནས་མི་གྲས་སུའང་མི་ཚུད་པ་ལྟ་བུར་བཟོ་བཞིན་ཡོད་པ་གོ་འཕྲལ། སེམས་ཀྱི་གཏིང་ལ་ཚ་བེར་བེར་དང་གྲང་ཤུར་ཤུར་གྱི་ཚོར་བ་སྣ་ ཚོགས་སྐྱེས་ཤིང་། ཐག་གིས་མི་ཆོད་པའི་དོགས་པ་དང་དྲི་བ་སྣ་ཚོགས་ཀྱིས་རྣོ་ངར་ལྡན་པའི་མཚོན་རེ་རེ་དང་འདྲ་བར་ངའི་ཡ་ཆུང་ཁོག་པ་ཕུ་དཀྲུག་མདོ་དཀྲུགས་ལན་འགར་བྱས་སོང་།
 ང་ཚོར་མཚོན་ན་རྒྱུགས་སྤྲོད་ལམ་ལུགས་ནི་ཡོད་ཚད་ཐག་གཅོད་བྱེད་སྤྱད་ཀྱི་ཁྲིམས་ཤིང་ལྟ་བུ་དང་ཐམས་ ཅད་པོར་ཚད་འཇལ་བྱེད་སྤྱད་ཀྱི་ཐིག་ཤིང་ལྟ་བུ་ཞིག་ཏུ་རང་བཞིན་གྱིས་གྲུབ་ཚར་ནས་ཡོད་པས། གོང་མགོ་ཁྲིད་དང་བར་སློབ་མ། ཞོལ་ཁྱིམ་བདག་ཀུན་ཀྱིས་སློབ་མའི་བཟང་ངན་སྐར་འབྲས་ཀྱིས་འཇལ་ལ་དགེ་རྒན་གྱི་ བཟང་ངན་ཡང་སྐར་འབྲས་ཀྱིས་ཐག་གིས་གཅོད། སྐར་འབྲས་བཟང་བའི་སློབ་མ་དེ་ཀུན་གྱི་མཆོག་དང་སྐར་འབྲས་བཟང་བའི་དགེ་རྒན་དེ་ཀུན་གྱི་ཕུད་དུ་བརྩི་བཞིན་ཡོད་པས། སློབ་མས་སྐར་འབྲས་མཐོན་པོ་བླངས་ནས་རང་དང་ཁྱིམ་མིའི་ངོ་སོ་དགུང་དུ་འདེགས་ཤིང་། དགེ་རྒན་གྱིས་སློབ་མའི་སྐར་འབྲས་འཕྱར་ནས་རང་གི་ འཇོན་ཐང་དང་ནུས་པ་ངོམས་སོ་བྱེད། དྲང་ཕྱོགས་ནས་བལྟས་ན་དེ་ནི་འོས་ཤིང་འཚམ་ལ་ཚད་དང་ལྡན་ པའི་གདེང་འཇོག་བྱེད་སྟངས་རིགས་ཤིག་རེད་འདོད་མོད། ལྡོག་ཕྱོགས་ནས་བལྟས་ན་དེ་ནི་ཇི་འདྲའི་སྐྱི་ གཡའ་ཤིང་འཇིགས་ ཡེར་པ་དང་སེམས་འཚུབ་ཅིང་ཡིད་ཁོང་དུ་ཆུད་པའི་རྒྱུ་འབའ་ཞིག་རེད་ཨང་།
   སྤྱིར་ཕྱི་དངོས་པོའི་དཔལ་ཡོན་དང་ནང་བསམ་པའི་རིག་གནས་གང་ཡིན་ཡང་དེ་དག་ལ་དྲང་ལྡོག་གི་ཆ་རེ་མཆིས་པ་ནི་ཆོས་ཉིད་ཅིག་དང་བསྙོན་མེད་ཅིག་ཡིན་མོད།དེ་དག་ལ་གདེང་འཇོག་དང་སྡོམ་ཚིག་དགོད་དུས་གཟུར་དུ་མེད་པ་ནི་རང་གི་ཚུགས་ཐུབ་ཀྱི་མི་གཞི་དང་དྲང་པོ་དྲང་བཞག་གི་བདེན་པ། དཔྱོད་ཤེས་ཀྱི་ གཤོག་པ་བཅས་ལ་ངེས་པར་བརྟེན་དགོས་པ་ལས། ཨུ་ཚུགས་མཁྲེགས་འཛིན་དང་རྨོངས་པ་རང་རློམ། རང་ ཕན་གཞན་གནོད་ཀྱི་བགྱི་བ་ལྷུར་ལེན་མཁན་དག་གིས་ནི་ནམ་ཡང་བདེན་པའི་མཐའ་རྙེད་པར་མི་འགྱུར་རོ།
  དེང་གི་སློབ་མར་སྐར་འབྲས་ལས་ཅི་ཡང་མེད་ཆོག་ལ།དེང་གི་དགེ་རྒན་རྣམ་པར་ཡང་སྐར་འབྲས་ལས་ཅི་ཡང་མེད་ཆོག སྐར་འབྲས་ཞན་པའི་སློབ་མའི་མི་གཞི་གསེར་གྱིས་གྲུབ་ཀྱང་དེ་ལ་མཐོང་ཆེན་དང་ཁ་ཡ་ བྱེད་མཁན་མེད་ལ།སྐར་འབྲས་ཞན་པའི་དགེ་རྒན་གྱི་ཟུངས་ཁྲག་སློབ་མའི་ལུས་སེམས་ཀྱི་རྩ་ལམ་རེ་རེར་ཤུགས་ཀྱིས་རྒྱུ་བཞིན་ཡོད་ཀྱང་དེའི་རིན་ཐང་དང་མཛད་བཟང་ལ་གདེང་འཇོག་བྱེད་མཁན་ཉིན་མོའི་སྐར་མ་བཞིན་དཀོན་ཨང་།སྐར་འབྲས་སྲོག་ཏུ་ལྟ་བུའི་དགེ་རྒན་དག་གིས་སྐར་འབྲས་ཀྱི་ཆེད་སློབ་མར་ཁ་ཡག་ངོ་དགའ་བྱེད་ལ། སྐར་འབྲས་ཀྱི་ཆེད་ཁྱིམ་བདག་ལ་ཤ་ཚ་སྙིང་ཉེ་བྱེད། ཕྱི་ནང་དང་ཁ་སེམས་བར་ན་སྐར་འབྲས་ཁོ་ན་ ལས་མེད་པའི་དགེ་རྒན་འདི་དག་གིས་དོན་ངོ་མར་སློབ་གསོ་ཞེས་པ་དེ་ག་འདྲ་ཞིག་ཏུ་ངེས་འཛིན་བཞིན་ཡོད་ཨང་། སྐར་འབྲས་བཟང་བའི་སློབ་མར་མི་གཤིས་ཀུན་སྤྱོད་ཀྱི་ཚད་བཀག་དང་རེ་བ་ཅི་ཡང་མེད་ལ། སྐར་ འབྲས་ཞན་པའི་སློབ་མར་བསམ་གཞིག་གཏང་དབང་དང་སྐད་ཆ་བཤད་དབང་མེད་པར་ཚིག་མཚོན་གྱིས་ཕྱི་ ཐག་ནང་འཐག་བྱེད་པས། སྐར་འབྲས་ཀྱི་བར་ན་སུས་ཀྱང་དོ་སྣང་མི་བྱེད་པའི་མཚོན་ཆའི་ཚོགས་སིབ་སིབ་ འགུལ་བཞིན་ཡོད་པས། འདི་ལས་སྐྱི་གཡའ་ཞིང་འཇིགས་སུ་རུང་བ་ཞིག་གང་དུ་མཆིས་ཨང་།
  སློབ་གྲྭའི་སྒོ་ཆེན་རེ་རེ་ན་གཟེངས་སུ་ཐོན་པའི་སློབ་མའི་སྐར་འབྲས་རེ་རེ་ཐོབ་དང་གོ་ཐང་གི་ཚུལ་གྱིས་བྲག་ལ་བརྐོས་ནས་ཡོད་ལ། གཞུང་ལམ་སྟེང་འཕྲེད་ཀྱིས་འཐེན་པའི་བྱང་བུ་རེ་རེའི་སྟེང་ན་ཀུན་ལས་མཐོ་བའི་ སློབ་མའི་སྐར་འབྲས་རེ་རེ་རང་གི་མཚན་སྙན་རྒྱས་བྱེད་ཀྱི་རླུང་རྟ་བཞིན་རླུང་ངོགས་སུ་མཚམས་མ་ཆད་པར་ སྤུར་གྱིན་འདུག སྐར་འབྲས་ཀྱི་བྲན་དུ་གྱུར་བའི་སྙིང་ཉེ་བའི་སློབ་གྲོགས་ཚོ་ཨང་།ཁྱེད་ཚོ་ནི་མ་ཡུམ་སློབ་གྲྭའི་ གཟི་བརྗིད་དང་སྙན་གྲགས་འགེལ་སའི་དར་ཤིང་སྐམ་པོ་རེ་རེ་ཡིན་ན། ཁྱེད་ཅག་ནི་སྐྱེད་ཀ་ལེན་བྱེད་ཀྱི་ཤོག་ སྒོར་བསྡམས་མ་རེ་རེ་ལས་ཅི་ཡང་མིན་འདུག་ཨང་།
  སྲིད་གཞུང་གིས་སྐར་འབྲས་ཀྱི་མཐོ་དམན་ལྟར་སློབ་མ་ཚོ་སློབ་གྲྭའི་རིམ་པ་ལྟར་བགོས་རྗེས། མ་གཞི་ནས་ བཟང་ངན་ཤོར་བའི་སློབ་གྲྭ་སོ་སོར་སྐར་འབྲས་ཀྱིས་འགྲན་འཛུགས་སུ་བཅུག་པ་ནི། བསམ་གཟས་ནས་ཆེ་ ཆུང་དང་ལུས་སྟོབས་མི་འདྲབའི་བྱིས་པ་གཉིས་ལ་གྱོད་ཁ་གཏུགས་ཏེ་རྒྱལ་ཕམ་གྱི་དབྱེ་བ་འབྱེད་པ་དང་ཀུན་ ནས་མཚུངས། དེ་ལྟའི་ཚུལ་མཐུན་མིན་པའི་འགྲན་སྡུར་དེས་དགེ་རྒན་བརྒྱ་སྟོང་མང་པོའི་སེམས་ཀྱི་རྩ་རྒྱུས་ལྷོད་པར་བཏང་ཡོད་ལ།སྐར་འབྲས་ལས་ཅི་ཡང་མི་འཛིན་པའི་སྐྱུག་བྲོ་བའི་ཟློས་གར་ཡང་རིམ་གྱིས་འཁྲབ་མགོ་བརྩམས་པ་རེད། དོན་ངོ་མར་སྐར་འབྲས་དེའི་ཕུག་ན་བྱིས་པ་ཁྲི་མ་འབུམ་གྱི་སེམས་ལ་གས་ག་ཤོར་ཞིང་ངག་ སྒོར་རྩྭ་ལྡུམ་སྐྱེས་ནས་ཡོད་ལ། སློབ་གྲྭའི་སྒོ་ཐེམ་བཙའ་ཡིས་ཟིན་ཞིང་ཁྲིད་སྟེགས་རུལ་མྱགས་སུ་བཏང་འདུག་ ནའང་། སྐད་གསེང་མཐོན་པོས་རང་གི་ཉམ་ང་དང་ནོར་འཆུགས་སྒྲོག་མཁན་ཡེ་ནས་མ་བྱུང་བས། རྣོ་དབལ་ལྡན་པའི་དྲི་རྟགས་མང་པོ་སླར་ཡང་རང་སེམས་ཀྱི་སྒྱེ་མོར་བསྡུ་གསོག་རྒྱག་པ་ལས་ཐབས་གཞན་ཅི་ཡང་མི་འདུག
  བསམ་གྱིན་བསམ་གྱིན་ངས་རང་གི་མེས་པོ་དམ་པ་རྣམ་པའི་གསེར་ལས་ལྷག་པའི་རྣམ་དཔྱོད་ཀྱི་རྩལ་དང་འདུ་ཤེས་འཛིན་སྟངས་སོགས་ཡིད་ལ་ཝ་ལེར་དྲན་ཡོང་།རྗེ་པོ་ཏོ་བའི་དྲུང་དུ་སློབ་མ་བསྟེན་མི་རེ་བྱུང་ན། ཐོག་མར་དེའི་མི་གཞི་ག་འདྲ་ཡིན་པར་འདྲི་བ་རེད། གལ་ཏེ་སློབ་མ་དེ་ཤེས་རབ་དང་དད་པ་ཆེ་ཡང་མི་གཞི་ མི་ལེགས་ཚེ་དེས་ནི་རང་ཉིད་དམྱལ་བར་སྐྱུར་བའི་ཉེན་ཁ་ཆེ་བར་བསམས་ནས། དེ་མུར་ཕྱིར་འགྲོ་རུ་འཇུག་ལ། གལ་ཏེ་མི་གཞི་ལེགས་ཀྱང་ཤེས་རབ་དང་དད་པ་ཆུང་ཚེ།དད་པ་ནི་འདུས་བྱས་ཡིན་པས་བསྐྱེད་ན་ཆོག  ཤེས་རབ་ཆུང་ཡང་མ་ཤེས་ན་ང་ལན་པ་ཡིན། ངས་བསླབས་ཀྱང་བརྩོན་པ་མི་བྱེད་ན་ཁོ་རང་ལེན་པ་ཡིན་གསུངས་ ཏེ།དེ་མུར་སྤྲོ་བ་ཆེན་པོས་སློབ་མར་ལེན་པ་རེད། ཡང་བཀའ་གདམས་པའི་དགེ་བཤེས་དགོན་པ་བའི་ཞལ་ནས། མཁས་པ་སྡེ་སྣོད་ཀྱི་ཆོས་ཚིག་དག་དོན་དུ་བཅས་པ་ཡིན་ཏེ། དེ་ལས་ཀྱང་སློབ་མ་ལམ་དུ་འཁྲིད་པ་ལ་མཁས་ པ་ཟེར་བ་ཡིན་ཞེས་གསུངས་པ་ལས། དགེ་རྒན་ཞིག་ཡིན་ན་སློབ་མའི་ཤེས་རིག་གི་ཆུ་ཚད་མཐོར་འདེགས་ གཏོང་བ་ཁོ་ནས་མི་ཆོག་པར། དེ་ལས་ལྷག་པར་མི་གཞི་འཆོས་སྐྱོང་གཙིགས་སུ་འཛིན་དགོས་པ་དང་། དགེ་ རྒན་མཁས་པ་ཞེས་པ་ནི་གཞུང་ལུགས་ཀྱི་ཚིག་དོན་ཁོ་ན་བསྐྱར་བས་མི་ཆོག་པར་།དེ་ལས་ཀྱང་སློབ་མ་ལམ་དུ་ཁྲིད་པ་སྟེ་བསམ་བློ་དང་མི་གཞི་ལེགས་ལམ་དུ་བསྒྱུར་ན་ད་གཟོད་དགེ་རྒན་མཁས་པ་ཟེར་བ་ཡིན་སོགས་ཀྱི་དྲི་མས་མ་གོས་པའི་གསུངས་བཤད་གནང་འདུག་པར་ཇི་འདྲའི་རིན་ཐང་ལྡནན་ཨང་། ཁྲེལ་མེད་ཀྱི་མི་རྣམས་ཡ། ཁྱེད་ཅག་གསེར་གྱི་རི་བོས་ཀྱང་མི་ཁུགས་པའི་དམ་པའི་གསུང་བཤད་འདི་དག་ལ་ཐེ་ཚོམ་ཅི་ཡང་མེད་པར་ རྒྱབ་ཀྱིས་ཕྱོགས་དོན་ཅི་ཡིན་ནམ། ཀྱེ། དོན་ཀྱིས་ཁྱོད་ཀྱི་ངོ་གདོང་འགྱུར་འདུག་གམ་མེ་ལོང་འགྱུར་འདུག  ཐུགས་བསམ་རེ་བཞེས་རོགས།
  སྔོན་ཆད་འཁྱམ་པོ་ལྡོམ་པོ་དང་རྐུན་མ་ཁྲམ་པ་དག་གིས་རྒྱུ་ནོར་དང་ཟོག་ལུག་བརྐུ་བ་ནས། ད་ལྟ་མིའི་བླ་སྲོག་བཞེངས་བསྐྲུན་བྱེད་མཁན་གྱི་དགེ་རྒན་དམ་པ་རྣམས་མི་བརྐུ་བའི་ལས་སུ་ཞུགས་པ་དེ་ནི་སྤྱི་ཚོགས་དང་མི་རིགས་ཤིག་གི་ངོས་ནས་བལྟས་ན་ཇི་འདྲའི་རྫོབ་ཅིང་སྐྱུག་བྲོ་བ་ཞིག་རེད་ལ། དགེ་རྒན་རང་ངོས་ནས་ བལྟས་ན་རང་རྒྱུད་ཀྱི་འབྲས་བུ་ཡེ་ནས་མ་སྨིན་པའི་མངོན་རྟགས་རིགས་ཤིག་ཏུའང་ཁོ་བས་འདོད།  སྤྱིར་སློབ་གྲྭ་དང་དགེ་རྒན་གང་ཡིན་ཡང་དེ་ནི་སློབ་མའི་མི་གཞི་གཙོ་བྱས་ནས་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོར་འདེག་བཏང་སྟེ་མི་རྣལ་མ་ཞིག་དང་མི་ཡང་དག་ཅིག་སྐྱེད་བསྲིང་བྱེད་ས་དང་བྱེད་མཁན་ཡིན་པ་ལས།དངུལ་ཁང་བཞིན་སྐར་མའི་གྲངས་ཀ་བསག་ས་ཞིག་དང་གསོག་མཁན་ཞིག་ཡིན་དུས་མ་གཞི་ནས་རྨང་རྡོ་འཁྱོར་བའི་གྱང་ཆག་ལྷག་རོ་ཞིག་ལས་ལྟ་ས་ཅི་ཡང་མེད།                       
  མི་བརྐུ་བའི་སློབ་གསོ་བསྒྲུབ་སྟངས་དེ་ནི་སྤྱིར་བཤད་ན་མི་སྒེར་གྱི་ངོ་ཚ་ཞིག་དང་སློབ་གྲྭའི་ངོ་ཚ་ཞིག མི་རིགས་ཀྱི་ངོ་ཚ་ཞིག ས་གནས་སྲིད་གཞུང་གི་ངོ་ཚ་ཞིག་ཡིན་པ་མ་ཟད། ཐ་ན་དེ་ནི་རང་མཚང་ཕྱི་རུ་ཕྱུང་སྤྱད་ ཀྱི་མཚོན་ཆ་རྣོན་པོ་རང་སྟེང་དུ་བསྐོར་བའི་འཇིགས་རུང་གི་སྦྱོར་བ་རྩུབ་མོ་ཞིག་ཀྱང་རེད་མོད། མི་བརྐུས་ནས་སློབ་གསོ་བསྒྲུབས་པའི་སྦྱོར་བ་སྐྱུག་བྲོ་བོ་དེར་ཁ་ཡ་དང་དོ་སྣང་བྱེད་མཁན་གྱི་མགོ་ཁྲིད་དང་དགེ་རྒན། སློབ་མ། ཁྱིམ་བདག་སོགས་གཅིག་ཀྱང་མེད་པར་ཡོད་ཚད་རྒྱུན་ལྡན་ལྟར་ཁུ་སིམ་མེར་སྡོད་པ་ནི་དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་མིན་ནམ། ཟོག་ལུག་བརྐུས་ན་གཞུག་ན་ར་མདའ་དང་རྗེས་ན་བཤད་མི་ཚར་བའི་གྱོད་ ཀྱི་ཁ་མཆུ་མོད་པོ་ཡོད་མོད། མི་བརྐུས་ན་དེ་ལ་ར་མདའ་ཕར་ཞོག་དོ་སྣང་བྱེད་མཁན་ཡང་མེད་པ་དེས།  དོན་གྱིས་ས་གནས་འདིའི་ཅི་ཞིག་མཚོན་ནམ། དོན་གྱིས་སུ་ཞིག་གི་ནང་རྫོང་ཕྱི་རུ་ཕྱུང་ཡོད་དམ། ང་ཚོས་སྔར་ བཞིན་དྲི་རྟགས་ཀྱི་ཚོགས་རང་སེམས་ཀྱི་གཏིང་རུམ་བཅུག་ནས་ད་དུང་དུས་ཡུན་ག་ཙམ་ལ་སྡོད་དགོས་ཨང་།
                               2012-9-22
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མྱི་བརྐུ་བའི་སློབ་གསོ།

2012-10-11 གུ་རུ་དོན་གྲུབ།༼གཅན་ཚ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།