མི་རིགས་སྐད་ཡིག་དང་འབྲེལ་སྲུང་སྐྱོབ་ཐད་ཀྱི་རེ་བ་འགའ།

  ༡ གླེང་སློང་བ།
  རྒྱ་གར་འཕགས་ཡུལ་གྱི་རྡོ་རྗེ་གདན་ནས་་བྱང་དུ་དཔག་ཚད་ཉིས་བརྒྱ་ཙམ་ལྷག་ཚེ་མདོ་སྨད་གྱི་སྣེ་ཟིན་པའི་བོད་ཡུལ་འདི་ལ་ནང་གསེས་ཀྱིས་ཕྱེ་བའི་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རི་བཞི། སྨད་མདོ་ཁམས་སྒང་དྲུག་བཅས་ཁྱད་པར་དུ་འཕགས་པའི་བོད་གངས་ཅན་གྱི་ལྗོངས་འདི་ན། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་དང་མཚོ་དམའ་མོ་གཡུ་ཡི་མནྡལ་ཕྱིས་འདྲའི་རི་མཐོ་ས་གཙང་གི་བཀོད་པ་ལ་འཇིག་རྟེན་པ་ཀུན་གྱིས་སྨོན་པའི་མགོ་བོ་མི་གཡུག་མཁན་གཅིག་ཀྱང་མེད་ཅེས་བཤད་ཆོག དེ་ལས་ཀྱང་ཉམས་དགའ་བ་ཞིག་ཡོད་པ་ནི་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་བགྱི་བའི་སྔོན་གཤེགས་ལོ་པན་དང་མཁས་པའི་ཆོ་ལོ་ཅན་དུ་མས་ཡུལ་དུས་ཡུལ་དུས་ཀྱི་ཆད་བཀག་ལ་ག་མ་ལྟོས་བར་ཉིན་མཚན་དུས་ཀུན་དུ་བསྲེགས་བཅད་བརྡར་གསུམ་བགྱི་བའི་བྱིན་མཐུ་ལས་འཕྲོས་བའི་བོད་སྐད་ཡིག་གཉིས་པོའམ་བོད་ཀྱི་རིག་གནས་དེ་ཡིན། དེ་ཡང་སྐད་ཡིག་ནི་མི་རིགས་གང་དང་རྒྱལ་ཁབ་གང་དེའི་བླ་སྲོག་དུ་འཁུམ་པ་ལ་ཕྱི་ནང་དང་གནའ་དེང་གི་གཟུར་གནས་མཁས་དབང་དུ་མས་ལུང་རིགས་དཔེ་གསུམ་གྱིས་སྤྲོས་བ་མང་དུ་ཡོད་པས། འདིར་ཅོལ་ཆུང་གིས་ཁ་ལྡིང་མགྲིན་པའི་ཕུག་པ་རུ།། ནེ་ཙོའི་སྒྲོ་འདོགས་མི་མཛེས་བའི།།ཞེས་ངལ་བ་བྱེད་དགོས་དོན་མེད་ཀྱང་། དེང་དུས་མགོ་ཁྲིད་དང་བསམ་བློ་བ་ཡིན་ཟེར་བ་འགས་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་ཏང་གི་མཛད་ཕྱོགས་དང་མི་བསྟུན་པར་བོད་སྐད་ཡིག་མི་དགོས། བོད་སྐད་ཡིག་ལ་བཀོད་སྤྱོད་རིན་ཐང་མེད་སོགས་མ་རྟོགས་ལོག་རྟོགས་དང་མོན་ཡུལ་རྡོར་གཅོད་གྱི་བྱ་བཞག་དེ་ཚོའི་ཁ་གཏད་དུ་བསྐལ་མཉམ་་ཚོ་མཐའ་གཅིག་དུ་ལངས་བཞིན་ཡོད་ལ་ལངས་ཀྱང་སྲིད། ལར་ཁོ་བོ་སློབ་མ་ཞིག་ཡིན་པའི་ངོས་ནས་བཤད་ན་གནད་དོན་འདི་འདྲའི་འགན་མི་ལྕོག་མོད། འོན་ཏེ་སྐད་ཡིག་གཉིས་པོ་དེ་མི་རིགས་ཤིག་འཚོ་གནས་ཐུབ་མིན་དང་ཐད་ཀར་འབྲེལ་བས་འདིར་འོས་སྤྱི་ཙམ་དཔྱད་ཁུལ་བྱེད་པ་འདི་ལྟར།
  གཅིག མི་རིགས་དང་རིག་གནས་ཀྱི་འབྲེལ་བ།
  ཉེ་སྔོན་འཛམ་གླིང་སྟེང་མི་གྲངས་དུང་ཕྱུར་༦༦ཙམ་དང་མི་རིགས་༢༠༠༠ལྷག་གིས་གྲུབ་པ་ཡིན་ལ་མི་རིགས་དེ་དག་རང་སོ་སོའི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས་བཅས་ཀྱི་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བ་ལ་བརྟེན་ནས་གནས་ཡོད། སྤྱིར་མི་རིགས་ཞེས་པ་ནི་མིའི་རིགས་ཀྱིས་ལོ་རྒྱུས་ཀྱི་དུས་རིམ་ངེས་ཅན་ཞིག་གི་ནང་དུ་འཕེལ་རྒྱས་བྱུང་བ་ཞིག་ཡིན་ལ། ས་ཁོངས་ཀྱི་འབྲེལ་བ་རྨང་གཞི་བྱས་ནས་གྲུབ་པའི་མིའི་རིགས་ཀྱི་ཐུན་མོང་གི་ཚོགས་པ་ཞིག་ཡིན། མི་རིགས་སོ་སོ་ལ་རང་རང་གི་གཞི་རྩའི་ཁྱད་ཆོས་དེ་ཐུན་མོང་གི་སྐད་དང་ཡི་གེ ཐུན་མོང་གི་ས་ཁོངས། ཐུན་མོང་གི་དཔལ་འབྱོར་འཚོ་བ། ཐུན་མོང་གི་སེམས་རྒྱུད་བཅས་ཡོད་པ་རེད།
  ལྷག་པར་དུ་རང་ཅག་བོད་མི་རིགས་འདི་ནི་ཀྲུང་ཧྭའི་ས་གཞི་ཆེན་པོ་འདིའི་སྟེང་ནས་རིག་གནས་སྒྱུ་རྩལ་དང་ཚན་རིག་སློབ་གསོའི་ཐད་ཀྱི་གྲུབ་འབྲས་རླབས་པོ་ཆེ་བཞག་ཡོད་པས་གནའ་བོའི་མི་རིགས་ཤིག་སྟེ་ ཐུན་མོང་གི་སྐད་དང་ཡི་གེ ཐུན་མོང་གི་ས་ཁོངས། ཐུན་མོང་གི་དཔལ་འབྱོར་འཚོ་བ། ཐུན་མོང་གི་སེམས་རྒྱུད་བཅས་ཡོད་པས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ངོ་གནོངས་མི་དགོས་བའི་མི་རིགས་ཞིག་ཡིན། ཐུན་མོང་གི་སྐད་དང་ཡི་གེ་སྐད་དང་ཡི་གེ་ནི་མི་རིགས་དེའི་ཁོངས་མི་ཡོད་ཚད་ཀྱི་ས་ཕན་ཚུན་བར་འབྲེལ་བ་བྱེད་པའི་ཡོ་བྱད་ཡིན་པས། ཐུན་མོང་གི་སྐད་མེད་ན་མི་རིགས་ཤིག་མིན་ཞིང་སྐད་དང་ཡི་གེ་གཅིག་པ་བེད་སྤྱོད་བྱེད་མཁན་ཚང་མ་མི་རིགས་གཅིག་ཡིན་པའི་ངེས་བའང་མེད་པས་རླབས་ཆེན་གཙོ་འཛིན་སི་ཏྰ་ལིན་གྱིས་མི་རིགས་ཤིག་མེད་པར་གཏོང་དགོས་ན་ཐོག་མར་མི་རིགས་དེའི་སྐད་དང་ཡི་གེ་མེད་པར་གཏོང་དགོས་ཞེས་བ་དང་སངས་ནོར་ནས་ཀྱང་མི་རིགས་མི་རིགས་ཟེར་བ།། སྐད་དང་ཡི་གེར་ཐུག་ཡོད།།ཅེས་བ་སོགས་ལས་ཀྱང་ང་ཚོས་སྐད་ཡིག་དང་མི་རིགས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དེ་མི་རིགས་དེ་གནས་ཐུབ་རྒྱུ་དང་ཚུགས་ཐུབ་རྒྱུ་ལས་མ་འདས་ད་རྟོགས་ཐུབ་པའོ།
ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་སྐད་དང་ཡི་གེ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བ་ལས་མ་འོངས་བ་ན་བོད་ཡོངས་ཀྱིས་ང་བོད་མིན་ན་དཀོན་མཆོག་གསུམ་དང་བོད་ཡིག་བོད་སྐད་ཤེས་ན་དཀོན་མཆོག་གསུམ་ཞེས་ཤོད་རྒྱུ་ནི་ངོ་ཚ་ཁ་སྐྱེངས་ཀྱི་གནས་ལས་མ་འདས་སོ།
  གཉིས སྐད་དང་ཡི་གེའི་གལ་ཆེའི་རང་བཞིན།
  རང་རྒྱལ་གྱིས་གྲངས་ཉུང་མི་རིགས་ས་ཁུལ་ལ་མི་རིགས་རང་སྐྱོང་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་དེ་རྒྱལ་ཁབ་གཅིག་གི་མགོ་ཁྲིད་འོག་རང་སྐྱོང་བཙུགས་ཐོག གྲང་ཉུང་མི་རིགས་ལ་རང་ཐག་རང་གཅོད་དང་རང་སོ་སོའི་ས་གནས་དེ་གའི་ལས་དོན་ལ་དོ་དམ་བྱེད་དུ་བཅུག་ཡོད་པ་དང་མི་རིགས་སྐད་ཡིག་སྦྱངས་རྒྱུ་དང་བཀོལ་སྤྱོད་བྱས་ཏེ་མི་རིགས་སློབ་གསོ་གོང་འཕེལ་གཏོང་བའི་འགན་ནུས་མཆིས་པ་རེད། 
  ཀུན་གཟིགས་པན་ཆེན་རིན་པོ་ཆེ་ཞལ་ནས་ཀྱང་རང་གི་རིག་གནས་ལ་མཁས་བ།། གཞན་གྱི་རིག་གནས་ཤེས་བ།། ཞེས་བཀའ་སློབ་ཀྱང་གནངས་ཡོད་པས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་བླ་མའི་བཀའ་གསུངས་གང་གི་ཐད་ནས་ཀྱང་ཐོག་མར་རང་གི་རིག་གནས་ལ་མཁས་དགོས་བ་དང་སྦྱང་དགོས་བ་ལས་བོད་སྐད་ཡིག་སྦྱངས་ན་མདུན་ལམ་མི་འདུག་དང་བཀོལ་སྤྱོད་རིན་ཐང་མི་འདུག་ཟེར་སྲོལ་གཏན་ནས་མེད། དེང་སྐབས་འཛམ་གླིང་ཞི་བདེ་དང་གོང་འཕེལ་གྱི་དུས་རིམ་ཡིན་པས། ཐ་ན་རྩྭ་རྩི་ཤིང་དང་སྲོག་ཆགས་ལའང་སྲུང་སྐྱོབ་བྱས་ནས་ཐེབས་རྩ་ཚོགས་པ་གང་མང་ཞིག་བཙུགས་དང་འཛུགས་བཞིན་ཡོད་པས། བོད་ཡིག་བོད་སྐད་ནི་མ་མཐའ་ཡང་རིག་གནས་ཞིག་ཡིན་པས་དེ་ཉམས་ན་མིའི་རིགས་དེའི་གྱོང་གུད་ཡིན་པ་གདོད་མི་མོད། ཐ་ན་འཛམ་གླིང་ཧྲིལ་བོའི་གྱོང་གུད་ཆེན་པོ་ཞིག་ཀྱང་རེད།
ཀྲུང་གོའི་ལོ་རྒྱུས་ཁྲོད་ན་མན་ཇུ་རིགས་ཞེས་ཆིང་རྒྱལ་རབས་ཀྱི་དབང་བསྒྱུར་གཙོ་ཤུགས་དང་རྒྱལ་སྲིད་འཛིན་ཡུན་ཆེས་རིང་བ་ཞིག་ཡོད་མོད། ཁོ་ཚོས་རང་རིགས་ཀྱི་སྐད་དང་ཡི་གེ་ལ་སྲུང་སྐྱོབ་མ་བྱས་བར་རྒྱ་ནག་གི་ཡི་གེ་རྐྱང་རྐྱང་དང་དེའི་ཡུལ་སྲོལ་གོམས་གཤིས་ཁོ་ན་སྦྱངས་པས་དེངས་སྐབས་མི་རིགས་ཆེན་པོ་དང་འདྲེས་ནས་ང་མན་ཇུ་རིགས་ཡིན་ཞེས་མ་བཤད་ན་ཁྱོད་མན་ཇུ་རིགས་རེད་ཟེར་ནས་ངོས་འཛིན་ཐུབ་མཁན་གཅིག་ཀྱང་མེད་པ་རེད།
ཡང་ལོ་ངོ་བཅུ་ཕྲག་ཡར་སྔོན་ཙམ་དུ་ཡ་གླིང་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་གཅིག་པུ་དེ་སྟེ་འཇར་པན་གྱིས་རང་གི་སྐད་དང་ཡི་གེ་དོར་ནས་དབྱིན་སྐད་རྐྱང་རྐྱང་སྦྱངས་རྒྱུ་ལག་བསྟར་བྱས་མོད། མཇུག་མཐར་སླར་ཡང་རང་གི་སྐད་དང་ཡི་གེ་སློབ་པ་སོགས་ལས་ང་ཚོར་སྲུང་སྐྱོབ་དང་དར་སྤེལ་གཏོང་དགོས་བའི་སྡོམ་ཚིག་བཞག་འདུག་པ་རེད།
  གསུམ། སྲུང་སྐྱོབ་ཐད་གྱི་རེ་བ་འགའ།
༡ འབྲེལ་ཡོད་སྡེ་ཁག་གིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་མི་རིགས་རིག་གནས་གོང་འཕེལ་དང་འཛིན་སྐྱོང་བྱ་བར་མཐོང་ཆེན་བྱས་ཏེ་དེ་བསྟུན་གྱི་བརྗོད་བྱ་དང་བྱ་འགུལ་སྤེལ་བ།
༢ འདུ་ཤེས་བསྐྱེད་སྲིང་།
༣ བོད་ཡིག་གི་དུས་དེབ་དང་ཚགས་པར་རྒྱུ་སྤུས་ལེགས་པོ་འདོན་སྤེལ་བྱེད་པ།དཔེ་ན་ཞིང་ཆེན་ཕྱི་ནང་གང་རུང་ནས་ལྟ་ཐུབ་པ།
༤ སྤྱི་ཚོགས་ཀྱི་ཚན་པ་སོ་སོ་ནས་མ་དངུལ་ཐེབས་རྩ་ཚོགས་པ་དང་སྐད་ཡིག་དོ་དམ་ཚན་པ་ མ ང་པོ་འཛུགས་པ།
༥ རྒྱང་སྒྲོག་བརྒྱུད་སྒྲོགས་དང་བརྙན་འཕྲིན་བསྒྱུར་བཟོ། སྐད་ཡིག་གི་དྲ་ངོས་སྒྲུབ་པ་སོགས་ཐད་ལ་ཤུགས་སྣོན་བྱས་ནས་སྐད་ཡིག་ལས་དོན་འཕེལ་རྒྱས་ཆ་འཕྲིན་ཅན་གྱི་སྟེང་དུ་སྐྱོད་པ།
  མཇུག་གི་གཏམ།
  སྐྱེས་སྟོབས་ཀྱི་ཤེས་རབ་དམན་ཞིང་སྦྱངས་སྟོབས་ཀྱི་ཡོན་ཏན་ཞན་པའི་སློབ་མ་ང་ལྟ་བུ་ཞིག་གིས་རིན་ཐང་གཞལ་མེད་གྱི་སྐད་ཡིག་འཕེལ་རྒྱས་དང་སྲུང་སྐྱོབ་ཐད་ལ་ཁྱད་པར་ཕུལ་བྱུང་གི་ཐབས་ལམ་དང་ཁ་ཕྱོགས་དཔེ་མེད་རེ་བཤད་རྒྱུ་མེད་མོད། རང་བློའི་ཤེས་ཚོད་ཀྱིས་བྲིས་བ་ཁོ་ན་ཡིན་པས། གཟུར་གནས་ཚོས་མཐོང་ཆུང་དང་འཕྱ་སྨོད་ཀྱི་གྲངས་མང་བ་ལམ་སྟོན་གྱི་བཀའ་སློབ་ལྷུག་ལྷུག་དུ་བསྩོལ་བར་ཞུ་ཞུ།  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རིགས་སྐད་ཡིག་དང་འབྲེལ་སྲུང་སྐྱོབ་ཐད་ཀྱི་རེ་བ་འགའ།

2012-09-29 གངས་ཐིག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།