ལོ་ངོ་བཞིའི་སློབ་སྦྱོང་གི་འཆར་གཞི་དང་འབྲེལ་སློབ་ཆེན་སློབ་མའི་ཐད་ཀྱི་རྟོགས་འཆར་ཕྲན་བུ།
མགོ་བརྗོད་ཀྱི་ཚུལ་དུ།
ང་ཚོ་མི་རེ་རེའི་རང་ཉིད་དབང་བའི་མི་ཚེ་ཞིག་ཇུས་འགོད་བྱེད་ཆོག་ཏེ།རྒྱུ་མཚན་ནི་ང་ཚོའི་ལང་ཚོ་ལ་ནམ་ཡང་གསོན་ཤུགས་ལྡན།ང་ཚོ་མི་རེ་རེའི་རང་ཉིད་དབང་བའི་སྟེགས་བུ་རེ་གསར་བསྐྲུན་བྱེད་ཆོག་ཏེ།རྒྱུ་མཚན་ནི་ང་ཚོའི་དམིགས་འབེན་ནི་གཏན་གྱི་བདེ་བ་ཡིན། ལང་ཚོའི་རེ་སྨོན་གྱི་བཅིབས་ཁ་བསྒྱུར་ནས་ཕ་མའི་རེ་སྨོན་དང་རང་་ཉིད་ཀྱི་མ་འོངས་བའི་མདུན་ལམ་ཁྱེར་ནས། ཀུན་གྱིས་སྨོན་པའི་མགོ་བོ་ཡང་ཡང་གཡུགས་སའི་སློབ་གྲྭ་ཆེན་མོར་ཐོན་བྱུང་།
གཅིག ཕྱིའི་ཆ་རྐྱེན་དང་འབྲེལ་བའི་ལབ་གླེང་།
གཅིག།རླབས་ཆེ་བའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ།འཇིག་རྟེན་ལྟ་བ་འཛུགས་དགོས་བ། མི་ཚེའི་ལྟ་བ་ནི་སླ་མོའི་སྒོ་ནས་བཤད་ནམ་མི་ཚེའི་ལྟ་ཕྱོགས་ཙམ་ཞིག་རེད།ང་ཚོའི་མི་ཚེ་ནི་དཀའ་སྡུག་གི་བརྒྱུད་རིམ་ཙམ་ཞིག་ཡིན་ཏེ་ལྷག་པར་དུ་སློབ་ཆེན་པའི་འཚོ་བ་འདི་ནི་ཧུར་བརྩོན་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པས་རང་ཉིད་ཀྱི་འཇོན་ཐང་དེ་རྒྱ་བསྐྱེད་བྱེད་པའི་གོ་སྐབས་བཟང་པོ་ཞིག་རེད། རིན་ཐང་ལྟ་བ་ནི་མི་རྣམས་ཀྱི་གཞི་རྩའི་རིན་ཐང་གི་གོ་དོན་དང་དད་མོས། ཕུགས་བསམ་་བཅས་ཀྱི་མ་ལག་ཞིག་རེད། དེ་དག་ནི་དགེ་སྡུག ཡག་བཙོག ངོ་ཚ་དང་གཟི་བརྗིད་། བདེ་སྐྱིད་དང་སྡུག་བསྔལ། གོ་ཆོད་དང་གོ་མི་ཆོད་པ། རུང་བ་ཡང་ན་མི་རུང་བ།གལ་ཆེ་བ་ཡང་ན་གལ་མི་ཆེ་བ།ཐོབ་པའམ་ཤོརབ་སོགས་གནས་ཚུལ་མི་འདྲ་བར་གཞིགས་ནས་གདམས་གསེས་ཡང་དག་བྱས་ནས་རང་ཉིད་ཀྱི་མི་ཚེའི་དོན་ལྡན་དུ་གཏོང་བ་དེ་ཡིན།
གཉིས། ཆེད་ལས་རིག་ཚན་ལེགས་པོར་སློབ་དགོས་བ།
ཆེད་ལས་རིག་ཚན་ལེགས་པོར་སློབ་དགོས་བ་ནི་སློབ་ཆེན་སློབ་མའི་ངེས་པར་དུ་སྒྲུབ་དགོས་བའི་ལས་འགན་ཞིག་རེད། དེ་ནི་ང་ཚོ་ཛ་དྲག་ཆེ་བའི་ལས་ཞུགས་འགྲན་རྩོད་ཁྲོད་ཞུགས་པའི་་ལག་ཆ་ཡིནལ།དེང་སྐབས་ཀྱི་སྤྱི་ཚོགས་ནི་འཇོན་ཐང་མི་སྣའི་སྤྱི་ཚོགས་ཡིན་ལ། གལ་ཏེ་ང་ཚོས་སློབ་གྲྭ་ཆེན་མོའི་ལོ་ངོ་༤དོན་མེད་དུ་ཆུད་ཟོས་སུ་བཏང་ནས་མཐར་ཕྱིན་འཛིན་ཡིག་ཅིག་ལག་ཏུ་རེག་ཐུབ་ན་ཡང་། རྗེས་ཕྱོགས་ལས་ཞུགས་སུ་འགྲོ་དུས་སྔར་བཞིན་ཁྱོད་ནི་རྗེས་ལུས་ཕྱོགས་ཁག་རེད།དེ་བས་རང་གིས་རང་གི་མི་ཚེ་གང་བོར་རྗེས་ལུས་ཕྱོགས་ཁག་གི་མི་ཞིག་བྱེད་མི་འདོད་ན་ད་ནས་བཟུང་རང་ཉིད་ལ་འཆར་གཞི་ལེགས་པོ་ཞིག་འཐེན་དགོས།
ཀུན་སྤྱོད་ཚུལ་མཐུན་དང་མི་བྱེད་ཤེས་བ། སློབ་ཆེན་ནི་མི་སྒེར་གྱི་མི་ཚེའི་ཁ་ཕྱོགས་འཚོལ་སའི་གནས་གལ་ཆེན་ཞིག་ཡིན་ཏེ། གཙོ་བོ་རང་ཉིད་ཀྱི་སེམས་ཁམས་ལེགས་བཅོས་བྱེད་དགོས་བ་དེ་ཡིན། ༡སྤྱོད་པ་བཟང་བོ་ཆགས་སུ་འཇུག་པ། ཐུན་མོང་ལ་མཐུན་སྒྲིལ་སོགས་ཀྱི་གོམས་གཤིས་ཆགས་སུ་འཇུག་པ་དེ་ཡིན། སློབ་ཆེན་སློབ་གསོ་ལས་ཆེས་རྩ་བའམ་རྐང་ནི་ཇི་ལྟར་མི་དགའ་ཞིག་བྱེད་རྒྱུ་དེ་ཡིན། རང་ཉིད་ཀྱིས་རང་ཉིད་ལ་འགན་འཁུར་དགོས་བ།
རང་ཉིད་སྒེར་ཚུགས་དང་བསམ་བློ་གཏོང་ཤེས་བ།
མི་དང་མིའི་བར་གྱི་འབྲེལ་བ་འཛུགས་སྟངས་དང་ཐུན་མོང་གསོ་སྐྱོང་གི་འདུ་ཤེས་སྐྱེད་སྲིང་།མ་འོངས་བར། ང་ཚོ་ནི་སྤྱི་ཚོགས་ཀྱི་ཛ་དྲག་ཆེ་བའི་རླབས་རྒྱུན་ཁྲོད་འཚོ་དགོས་བས། བྱ་བ་དང་མིའི་བར་གྱི་འབྲེལ་བའི་འགྱུར་ལྡོག་ནི་སྔར་ལས་གལ་ཆེན་ཡིན་ངེས་རེད། ༡ལྷག་བསམ་དྭངས་མའི་ཕ་རོལ་བསུ་བ།
༢ལྷད་མེད་པའི་གྲོགས་པོ་བརྩེ་བ་གསོ་སྐྱོང་། དགེ་སློབ་བར་ཀྱི་འབྲེལ་བའི་ཐད་ཀྱི་བསམ་གཞིགས།
སློབ་གསོ་དཔེ་ཁྲིད་ཀྱི་བྱ་བའི་ཁྲོད་དུ་དགེ་རྒན་དང་སློབ་མའི་བར། སློབ་མ་དང་སློབ་མའི་བར། དགེ་རྒན་དང་སློབ་ཁྲིད་ཀྱི་ནང་དོན་ཐད་ལ་ཧ་ཅང་་རྙོག་འཛིང་ལྡན་པའི་ཆ་ཤས་ཞིག་འདུག་ཏེ། དགེ་སློབ་བར་གྱི་འབྲེལ་བ་ནི་སློབ་མ་རང་སྟེང་ནས་མགོ་བཙུགས་ཏེ་དགེ་རྒན་དེའི་སློབ་ཁྲིད་ལ་བཟུང་བའི་ལྟ་ཚུལ་སོགས་ལས་དགེ་སློབ་བར་གྱི་བར་ཐག་ཇེ་ཉེ་རུ་གཏོང་ཐུབ་པ་ཡིན།
གཅིག། བསམ་བློ་གསར་བ་དངས་ལེན་དང་བསམ་བློ་བརྗེ་སྤོར་བྱེད་དགོས་བ།
<<སློབ་སྦྱོང་བྱེད་དགོས་བའི་གསར་བརྗེ>>“ལོ་རྒྱུས་སྟེང་གི་རླབས་ཆེ་བའི་བསམ་བློ་དང་གསར་གཏོད་ཡོད་ཚད་ལ་མངོན་གསལ་གྱི་འདྲ་ས་ཞིག་ཡོད་དེ་ཚང་མས་རྣམ་པ་གསར་བ་ཞིག་གི་སྒོ་ནས་ཆ་འཕྲིན་ནུས་བ་བསྡུ་ལེན་བྱས་དེ་བསམ་བློ་གསར་བ་གསར་བཞེངས་བྱས་བ་ཡིན་ཞེས་བ་ལྟར། བསམ་བློ་གསར་བ་ནི་བསམ་བློ་རྙིང་བའི་གྲུབ་ཆ་དང་གསར་བའི་འདྲེས་ཆ་ཡིན།སྤྱིར་བསམ་བློ་གསར་བའི་གྲུབ་ཆ་ཞིག་མེད་པར་བསམ་བློ་གསར་བ་་འདྲེས་བའི་ཆ་ཡོད་པ་ཡིན། དམངས་གཙོ་ལག་བསྟར་བྱས་ནས་རང་དབང་གི་འཁོར་ཡུག་གསར་བསྐྲུན་བྱེད་དགོས།
མི་གཞི་གསར་བསྐྲུན་གྱི་བརྒྱུད་རིམ་དང་ འཆར་སྒོ་གསར་བསྐྲུན་བྱེད་པའི་བརྒྱུད་རིམ་ནི་དུས་ཡུན་རིང་བའི་སྣ་འཛོམས་རང་བཞིན་གྱི་ཀྱག་ཀྱོག་ཞིག་ཡིན་ དུས་རབས་ཉེར་གཅིག་པ་ནི་མི་གཙོ་བོར་འཛིན་པའི་དུས་རབས་ཞིག་ཡིན་ཏེ་མི་གཞི་ནི་འབྲེལ་ཐབས་མེད་པའི་ཁོར་ཡུག་གི་རྣམ་པ་ཞིག་ཡིན།དེ་བས་དམངས་གཙོ་ཡོད་ན་ང་ཚོར་ད་གཟོད་མི་གཤིས་ཡོད་ལ། ། རང་དབང་དང་འཕེལ་་རྒྱས་ཡོད་ན་ད་གཟོད་དགེ་སློབ་བར་འཆམ་མཐུན་གྱིས་གཞི་གཅིག་ཏུ་འདྲེས་ཐུབ
སློབ་གསོ་བ་ཆེན་མོ་སི་ཧོ་མོ་ལིན་སི་ཆིས༼1918----1970ཨོ་ཁི་ལན་རྒྱལ་ཁབ་གྱི་མི༽“སློབ་གསོ་བྱེད་ཐབས་ཀྱི་གསང་བ་ནི་གཙོ་བོ་ཇི་ལྟར་བྱིས་པར་གཅེས་སྐྱོང་བྱེད་རྒྱུ་དེ་རེད།”
༡ སློབ་མར་དགའ་ཞེན།
༢ སློབ་མར་ཡིད་ཆེས་དང་སློབ་མར་རྒྱུས་ལོན་བྱེད་དགོས།
༣ དམངས་གཙོ་དང་འདྲ་མཉམ་གྱིས་སློབ་མ་སྐྱོང་དགོས།
ངས་ཁྲིད་ཁྱོད་ཀྱིས་ངེས་པར་དུ་ཉོན། ངས་དོ་དམ་དང་་ཁྱོད་ཀྱིས་ངེས་པར་དུ་བརྩི་སྲུང་།
༤ ༼སློབ་གསོ་རིག་པའི་བཅིངས་འགྲོལ་ཆེན་པོ་དྲུག༽
མིག་བཅིངས་འགྲོལ།
ཀླད་པ་ བཅིངས་འགྲོལ།
ལག ་པ་བཅིངས་འགྲོལ།
ཁ་ བཅིངས་འགྲོལ།
བར་སྟོང་བཅིངས་འགྲོལ།
དུས་ཚོད་བཅིངས་འགྲོལ།
དུས་ཚོད་དམ་འཛིན་དང་བཀོལ་སྤྱོད་ལུགས་མཐུན།
༼“དུས་ཚོད་ནི་ཚེ་སྲོག་ཡིན”༽
ཇི་སྐད་དུ་།༼གང་ལ་ཡོན་ཏན་མཆོག་མངའ་བའི།།དཀོན་མཆོག་དེ་ལ་ཕྱག་འཚལ་ལོ།།༽ཞེས་བ་ལྟར་
༡ལོ་རིམ་དང་པོའི་སྐབས་སུ། སློབ་གྲྭའི་རྩ་འཛུགས་བྱས་བའི་བྱ་འགུལ་སྣ་ཚོགས་ལ་ཞུགས་་རྒྱུ་དང་ཆེད་ཁྲིད་མང་པོར་ཉན་ནས་སློབ་འབྲིང་ནས་་སློབ་ཆེན་འཚོ་བར་བར་བརྒལ་བྱས་ནས་རང་ཉིད་ཀྱི་དགའ་ཕྱོགསའཛིན་རྒྱུ་དེའོ།
2ལོ་རིམ་གཉིས་བའི་སྐབས་སུ། ངེས་པར་དུ་རང་ཉིད་ལ་སློབ་ཆེན་དང་ལས་ཞུགས་ཀྱི་སྤྱིའི་ཆ་ནས་འཆར་འགོད་ཅིག་བྱེད་དགོས། སློབ་ཆེན་བྱ་འགུལ་ཁྲོད་འགྱུར་མེད་སྒོ་ནས་སྣ་གཅིག་ལ་ཞུགས་ཏེ་རང་ཉིད་ཀྱི་དཔེ་ཀློག་དང་ལས་བསྒྲུབ་གྱི་ཉམས་མྱོང་གཏིང་ཟབ་དུ་འབད་པ་དེའོ།
3ལོ་རིམ་གསུམ་པའི་སྐབས་སུ་དཔེ་ཀློག་ནི་ཆེས་གཙོ་བོའི་ནང་གི་གཙོ་བོ་ཅིག་ཏུ་བཞག་ཏེ།སེམས་ཤེས་དང་བསམ་བློ་གཏོང་བའི་ནུས་བ་ཇེ་ལེགས་སུ་གཏོང་རྒྱུ་དེའོ། 4ལོ་རིམ་བཞི་བའི་སྐབས་སུ་དངོས་སྦྱོང་གི་གོ་སྐབས་དམ་འཛིན་བྱས་ནས་རང་ཉིད་ཚོད་ལྟ་ཐེངས་གཅིག་དང་མཉམ་དུ་སློབ་ཆེན་གྱི་འཚོ་བ་མཇུག་རྫོགས་ནས་ལས་ཞུགས་སམ་སྤྱི་ཚོགས་དངོས་ཀྱི་འགྲན་རྩོད་དུ་ཞུགས་སོང་བ་རེད། ཡིན་ནའང་སྐབས་དེར་དཔེ་ཀློག་ནི་རང་ཉིད་ཀྱི་གོམས་གཤིས་དང་བསམ་བློ་གཏོང་བ་ནི་རང་ཉིད་ཀྱི་ནུས་བ་ཞིག་ཏུ་གོམས་དུ་ཅིག་ཏེ་འཚོ་བའི་གྲུབ་ཆ་ཞིག་ཏུ་བགྲང་བ་དེ་ཡིན་ནོ།སྤྱིར་སློབ་ཆེན་སློབ་མ་ཞིག་གིས་ཉུང་མཐར་ཡང་དཔེ་ཆ་སྣ་ཚོགས་བརྒྱ་ལྷག་ཀློག་དགོས་ཞེས་ཚད་ལྡན་གྱི་རྒྱུ་ཆ་གང་མང་བཤད་འདུག་ལ། སྤྱིར་ཞིབ་འཇུག་སློབ་མ་འདོན་པར་སློབ་ཆེན་ལོ་རིམ་གསུམ་པ་ནས་གྲྭ་སྒྲིག་བྱས་ན་ཧ་ཅང་གི་ལུགས་མཐུན་ཡིན་ཞེས་དཔེ་དེབ་འགའ་རེ་ན་གསུངསག་ཡོད་ལ། ཞིབ་འཇིགག་སློབ་མ་འདོན་ན་ཐོག་མར་རང་ཉིད་ལ་ཤེས་བྱའི་མ་ལག་འོས་འཚམ་ཤིག་ཡོད་དགོས་ལ་དེའི་རང་ཉིད་ཀྱི་ཞིབ་འཇུག་ནུས་བར་རམ་འདེགས་རྒྱ་ཆེན་ཞིག་བྱེད་ཐུབ་པ་རེད། རང་ཉིད་ཀྱི་ཤེས་བྱའི་ཚད་ནི་དཔེ་ཀློག་ཁང་དང་དྲ་རྒྱ་སོགས་བརྒྱུད་ནས་བསྡུ་ལེན་བྱས་ནས་རང་ཉིད་བསམ་བློ་དང་ཤེས་བྱའི་མ་ལག་ཤིག་ཆགས་དུ་འཇུག་རྒྱུ་དེའོ།
3འཚོ་བའི་ཐད་ལ་ཟས་གོས་འགྲོ་སྡོདདང་གསོ་རིག་རྒྱུན་ཤེས། འགྲིམ་འགྲུལ་རྒྱུན་ཤེས། དྲ་རྒྱའི་་ལག་རྩལ། ཟ་འཐུང་བདེ་ཐང་། རང་སྲུང་ནུས་བ་སོགས་སློབ་ཆེན་དུས་སུ་ངེས་པར་དུ་སྦྱངས་དགོས་བ་ཞིག་ཡིན་ནོ། 4སྤྱི་ཚོགས་འབྲེལ་བའི་ཐད་ནས་སྐད་ཆ་བཤད་སྟངས་དང་ཕ་རོལ་ལ་བགས་ཆགས་འཇོག་སྟངས། གུས་ཞབས།མི་བཟང་ངན་གཉིས་ལ་འབྲེལ་འདྲིས་བྱེད་པ། འབྲེལ་བ་འཛུགས་ཐབས་སོགས་སློབ་དགོས། 5སེམས་ཁམས་གྱི་སྟེང་ནས་སེམས་ཤུགས་བརྟན་པོ།
6ཆེས་གལ་ཆེ་བ་ནི་རང་ཉིད་ཁོམ་དུ་འཇུག་མི་རུང་། བྱ་བ་བཟང་ངན་གང་རུང་གི་ནང་ལ་ཞུགས་ནས་ཉམས་མྱོང་ལེན་དགོས།
3.ཆེད་ལས་དང་སློབ་གྲྭར་མཐོ་དམན་མེད། ལས་ཁུངས་གང་དང་གང་ལ་མཚོན་ནས་བཤད་ན་ཁྱོད་མཐར་ཕྱིན་ནས་ལས་ཞུགས་བྱེད་དུས་ཁྱོད་ཀྱིས་བྱ་བ་བསྒྲུབ་པའི་ནུས་བར་ལྟ་བ་ལས་ཁྱོད་ཀྱི་ཆེད་ལས་གང་་དང་སློབ་གྲྭ་གང་གི་འཐུས་ཚབ་པ་རེད་ཅེས་ཤོད་སྲོལ་ཞིག་གཏན་ནས་མེད་པས། རང་ཉིད་སློབ་ཆེན་མིང་གྲགས་ཅན་གྱི་སློབ་མ་ཡིན་ཞེས་ང་རྒྱལ་བྱེད་དོན་མེད་ལ་ཆེད་ལས་མི་བཟང་ཞེས་སེམས་ཁྲལ་བཤད་དགོས་དོན་དེ་བས་ཀྱང་མེད། 5.ནམ་ཡང་སློབ་ཁྲིད་ལ་མི་ཆགས་པའི་སློབ་མ་ནི་སློབ་མ་དགའ་ཞིག་ཡིན་པའི་ངེས་བ་གཏན་ནས་མེད།
ངེས་པར་དུ་རང་འགུལ་སྒོ་ནས་སློབ་སྦྱོང་བྱེད་པའི་གོམས་གཤིས་ཆགས་དུ་འཇུག་དགོས།སློབ་ཆུང་དང་སློབ་འབྲིང་སྐབས་ཀྱི་དགེ་རྒན་ཞི་ལ་དང་སློབ་མ་ཙི་གུའི་རྣམ་ཐར་འཁྲབ་མཚམས་འཇོག་དགོས། 6.དཔལ་འབྱོར་སྟེང་ནས་བཤད་ན་སློབ་མ་དཀའ་ཁག་ཅན་ཞིག་ལ་མཚོན་ན་ཐོག་མར་སྒོར་མོ་བཙལ་རྒྱུ་ནི་གཙོ་བོ་མ་ཡིན་པར་སྒོར་མོ་གྲོན་ཆུང་བྱེད་རྒྱུ་དེ་གཙོ་བོ་ནང་གི་གཙོ་བོ་རེད། གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས་ནོར་ལ་སྲེད་པ་ཆེ་ན་མི་རུང་མོད།།ཅུང་ཟད་གསོག་པ་ཁོ་བོའི་སྙིང་སྟོབས་ལགས།།ཞེས་གསུང་བ་ནང་བཞིན་རེད། 7.སློབ་གྲོགས་བུད་མེད་ཚོས་རང་ཉིད་ཀྱི་གློག་ཀླད་བརྙན་འཕྲིན་བལྟ་བྱེད་ཅིག་དང་སློབ་གྲོགས་སྐྱེ་བ་ཚོས་གློག་རྡུལ་རྩེད་མོ་རྩེ་བྱེད་ཅིག་ཏུ་བརྩི་གི་ཡོད།འོན་ཀྱང་སློབ་ཆེན་སློབ་མའི་གློག་ཀླད་ཀྱི་རྩ་བའི་བཀོལ་སྤྱོད་ནུས་བ་ཤེས་དགོས་བ་ལས་དུས་ཚོད་ཆུད་ཟོས་སུ་གཏོང་བྱེད་ཀྱི་འཕྲུལ་ཆས་ཅིག་ཏུ་ངོས་བཟུང་ན་གཏན་ནས་མི་འགྲིག་གི། གློག་ཀླད་ཡོད་པའི་སློབ་ཆེན་སློབ་མ་ཧ་ཅང་མང་ནཡང་མང་ཆེ་བའི་སློབ་ཆེན་མཐར་ཕྱིན་ན་ད་རུངExcelསྒྲིག་སྟངས་ཙམ་དང་ PPT8.ཙམ་ཞིག་ཀྱང་ལས་མི་ཐུབ་པ་ལྟ་བུ་རེད།
མི་ཞིག་ལ་སྒོར་མོ་ཅི་ཙམ་ཡོད་ཀྱང་དེ་ཡོད་ཚད་ཁོས་བཀོལ་ཆོག་པའི་དབང་ཆ་ཡོད་པའི་ངེས་བ་མེད་ཏེ། དཔལ་འབྱོར་རིག་པའི་སྟེང་ནས་བཤད་ནམི་ཞིག་གི་ཚོང་བྱས་ཏེ་སྒོར་མོ་བཙལ་ན་12.5%ནི་རང་སྟེང་གི་ནུས་བ་ཡིན་པ་དང་87.5%ནི་གཞན་གྱི་འབྲེལ་བ་ལས་བྱུང་བ་ཡིན་པས། མི་གཞན་དང་འབྲེལ་བ་ལེགས་པོ་ཞིག་ཡོད་དགོས་བ་རེད། དེ་རྐྱེན་རྒྱུ་ནོར་གྲོགས་པོ་མ་ཡིན་པར་གྲོགས་པོ་ད་གཟོད་རྒྱུ་ནོར་དངོས་རེད་ཅེས་གསུང་པ་རེད།
9..དྲ་རྒྱ་ནི་དགེ་སྐྱོན་གཉིས་ལྡན་ཞིག་རེད། གལ་ཏེ་རང་ཉིད་དྲ་རྒྱའི་ཁ་བརྡ་དང་གློག་རྡུལ་རོལ་རྩེད་ལ་གཡེང་ནས་སྒོར་མོ་གང་མང་ཞིག་འཕྲོ་བརླག་བཏང་ན་རྗེས་ཕྱོགས་ཁ་ཟབ་བྱེད་ཐུབ་ན་ཡང་འཕྲོ་བརླག་ཏུ་སོང་བའི་དུས་ཚོད་ནམ་ཡང་ཕྱིར་སློག་མེད་དོ།
༡༡ ་འཇུག་སློབ་མའི་བསྡུ་ཚད་ནི30%དང་འབུམ་རིམ་པའི་བསྡུ་ཚད་ཡང་30%ཡིན་པས།མི་མང་པོ་ཞིག་གིས་ཞིབ་འཇུག་འདོན་པའི་ལས་ཀ་ནི་དུས་ཚོད་འཕྲོ་བརླག་དང་སྒོར་མོ་འཕྲོ་བརླག་་གཏོང་བ་ཁོ་ན་ཙམ་རེད་ཅེས་བཤད་ཀྱིན་ཡོད་པ་རེད།
༡༢ ན་ནང་ནས་ངེས་པར་དུ་དཔེ་མཛོད་ཁང་དང་རང་སྦྱོང་ཁང་དུ་མང་པོ་སོང་ཏེ་དཔེ་ཀློག་བྱེད་དགོས་བ་ཡིན། དཔེ་ཆ་མང་པོ་ཞིག་རང་ཉིད་ཀྱིས་ད་ལྟའི་གོ་སྐབས་འདི་སྤྱད་དེ་མ་བཀླགས་ན་མི་ཚེ་གང་བོར་ཀློག་མི་ཐུབ་པ་རེད། བཀླགས་ཟིན་པའི་དཔེ་ཆ་ཡོད་ཚད་ཀྱིས་རང་ཉིད་ལ་བཟང་ཕྱོགས་ཀྱི་ནུས་བ་ཐོན་པའི་ངེས་བ་མེད་ཏེ། རྒྱུ་མཚན་ནི་ང་ཚོའི་དཔེ་ཀློག་ཧ་ཅང་ཉུང་བས་ཕྱིར་རོ།
རྩོམ་ཁུངས། ངེད་དྲ་བ།