སྙན་ངག་ལ་ཤན་འབྱེད་པ་ནི་སྐུར་འདེབས་བྱས་པ་རེད།

མགོ་ལོག་བློ་ལྡན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-21

  དུས་རབས་གྱི་འགྲོས་དང་མཐུན་པར་སྙན་ངག་ཀྱང་ཉིན་རེ་ནས་ཉིན་རེར་དར་རྒྱས་དང་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། སྙན་ངག་ནི་དུས་རྒྱུན་མིའི་འཚོ་བ་དང་ཁ་བྲལ་ཐུབ་མེད་པར་གྱུར་ཡོད་པ་མིག་མཐོང་ལག་ཟིན་རེད། ཡིན་ནའང་། སྙན་ངག་པར་རློམ་པ་ཁ་ཅིག་གིས་སྙན་ངག་ལ་བཟང་ངན་དང་སྙན་ངག་ལ་ཡག་གཙོག་འབྱེད་བཞིན་ཡོད། ཁོ་བོའི་ལྟས་ན་སྙན་ངག་ལ་ཤན་འབྱེད་པ་ནི་དོན་དམ་དུ་སྙན་ངག་པ་དང་དེའི་བརྩམས་པའི་སྙན་ངག་ལ་སྐུར་འདེབས་བྱས་པ་ཡིན་པར་འདོད།
  དེ་ཡང་གསལ་བོར་བཤད་ན་སྙན་ངག་ལ་བཟང་ངན་ཡོད་སྲིད་དེ་འབྲི་བ་པོའི་སེམས་ལ་ཚོར་བ་ཟབ་མི་ཟབ་ཡོད་པས་ཕྱིར་རོ། ཡིན་ཡང་སྙན་ངག་བཟང་ངན་དེ་གཞན་ཞིག་གི་ཤན་འབྱེད་ཐུབ་པ་ཞིག་གཏན་ནས་མིན་པར་སྙམ། རྒྱུ་མཚན་ནི་སྙན་ངག་བཟང་ངན་འབྱེད་པ་ལ་སྐབས་དེའི་འབྲི་བ་པོའི་སེམས་ཚོར་མྱོང་དགོས་པ་ལ་དེ་མི་ཐུབ་པའི་ཕྱིར་རོ། ཡང་ལ་ལས་སྙན་ངག་ལ་ཤན་འབྱེད་རྒྱུ་ཡོད་དེ་དོན་འགལ་མི་འགལ་དང་ཚིག་འགལ་མི་འགལ། བསྐྱར་ཟློས་ཡོད་མེད་སོགས་དང་། སྲོལ་རྒྱུན་གྱི་ཆ་ནས་རྒྱན་ཐོག་ལ་ཞོག་ཡོད་མེད་སོགས་ཡོད་པས་ཕྱིར་རོ་ཟེར་ན་གོང་གི་དེ་དག་ནི་སྙན་ངག་ལ་ཐོག་མར་འཇུག་མཁན་དག་གི་ཉམས་འཇོག་དགོས་པ་ལས་ངེས་དོན་གྱི་སྙན་ངག་པ་ཞིག་ཡིན་ན་དེ་ལས་བརྒལ་ཟིན་པས་ཕྱིར་རོ།གཞན་ཡང་འགའ་རེའི་འོ་ན་ཁྱོད་ཀྱི་སྙན་ངག་དང་སྲོལ་རྒྱུན་གྱི་སྙན་ངག་རྩོམ་པ་པོ་ག་གེ་མོ་དང་དེང་རབས་སྙན་ངག་པ་ཆེ་གེ་མོའི་རྩོམ་ཡིག་ལའང་ཤན་འབྱེད་རྒྱུ་མེད་དམ་ཟེར་ན་ཐོག་མར་ཁོ་བོའི་བྲིས་པ་དེ་སྙན་ངག་ཡིན་པར་ཁས་འཆེ་དགོས་ལ་ཁས་ལེན་ཐུབ་ན་གོང་དུ་བཤད་པ་བཞིན་སུས་ཀྱང་ཤན་འབྱེད་ཐུབ་མེད་དེ་རྒྱུ་མཚན་གོང་དུ་བཀོད་པ་བཞིན་ནོ།།
  དེས་ཕྱིར་སྙན་ངག་འགྲན་བསྡུར་དང་བྱ་དགའ་སྟེར་བ་ལ་ཁོ་བོའི་འདི་འདྲ་ཞིག་བསམ་སྟེ་སྙན་ངག་འགྲན་བསྡུར་དང་བཟང་ངན་གྱི་བྱ་དགའ་སྟེར་བ་ནི་སྙན་ངག་ལ་ཐོག་མར་འཇུག་མཁན་དག་གིས་རྩོམ་ཡིག་ལ་དོན་འགལ་ཡོད་མེད་དང་ཚིག་འགལ་ཡོད་མེད།བསྐྱར་ཟློས་ཡོད་མེད་དང་། རྒྱན་ཐོག་ལ་ཞོག་ཡོད་མེད་སོགས་གྱི་སྟེང་ནས་བྱ་དགའ་སྟེར་ཏེ་སློབ་གྲོགས་གཞན་དང་རང་ཉིད་རྩོམ་ཡིག་ལ་འཇུག་པའི་སྐུལ་ལྕགས་བཟང་བོ་ཞིག་ལས་སྙན་ངག་པ་ཞིག་ལ་དེ་ལྟ་བའི་དགོས་པ་མེད་པར་མ་ཟད་དེ་ལས་ལྡོག་སྟེ་རང་ཉིད་དང་རང་ཉིད་ཀྱི་རྩོམ་ཡིག་ལ་སྐུར་འདེབས་བྱས་པ་ཡིན་པར་སྙམ། དེའི་ཕྱིར་སྙན་ངག་གི་གཞུང་མ་གཏོགས་སྙན་ངག་ལ་འགྲེལ་བཤད་བྱེད་པ་ནི་རྩོམ་པ་པོ་རང་ཉིད་ལས་གཞན་གྱིས་འགྲེལ་བཤད་བྱེད་ཐབས་མི་འདུག་ལ་དེ་ལས་ཀྱང་རྩོམ་ཡིག་ལ་ཤན་འབྱེད་ཐབས་མི་འདུག་སྙམ།
   འདི་ནི་ཁོ་བོའི་ལྟ་ཚུལ་ལས་མཐའ་གཅིག་ཏུ་དེ་ལྟར་ཡིན་པའི་ངེས་པ་མེད་ནའང་ཐང་། དེས་ཕྱིར་དྲ་གྲོགས་རྣམས་གྱིས་དཔྱད་གཏམ་དུ་བསམ་ཚུལ་འབྲི་རོགས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ལ་ཤན་འབྱེད་པ་ནི་སྐུར་འདེབས་བྱས་པ་རེད།

2012-09-21 མགོ་ལོག་བློ་ལྡན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།