དུས་ཆེན་མེད་པའི་དགེ་རྒན་ཚོ།

  དགེ་རྒན་དུས་ཆེན་སླེབས་འོང་བའི་ཉིན་མོ་འདིར། ང་ཚོར་ཅི་ཡང་མེད་པར་ཁུ་སིམ་སིམ་སྒོས། གནས་འདི་ན་ཆེས་གཟབ་རྒྱས་ཆེ་བའི་མདའ་སྟོན་དུས་ཆེན་ཞིག་ལ་རོལ་བཞིན་པའི་ལས་ཅན་སྐོར་ཞིག་གི་འགྲོ་འདུག་སྤྱོད་གསུམ་ལ་ལྐོག་ཉན་དང་གཟབ་ཉན་བྱས་ཏེ། རང་རང་གི་ལས་དབང་ལ་ཅོ་འདྲི་ཞོར་དུ་འཁང་ར་མེད་པའི་སྒོ་ནས་ལས་མཐུན་གྱི་གྲོགས་པོ་སྐོར་ཞིག་དང་མཉམ་དུ། མདུན་ན་མི་ཆེན་ཚོ་ལྟ་བུའི་ཟས་ཀྱི་སྡེར་ཁ་རི་རབ་ལྟར་བརྩིགས་རྒྱུ་མེད་ལ། ཆང་གི་བཏུང་བ་རྒྱ་མཚོ་ལྟར་བསྐྱིལ་རྒྱུ་མེད་པར། རང་རང་ལ་འཛོམས་ཚོད་ལྟར་དཀར་ཡོལ་ཐུག་པ་གང་རེ་ཡིས་ཕོ་བ་རྒྱགས་ཐབས་རེ་བྱས་རྗེས། མི་རིགས་ཤིག་གི་རྩོམ་སྟེགས་ཀྱི་ལོ་རྒྱུས་ལ་ལབ་གླེང་དང་། མི་རིགས་ཤིག་གི་བླ་སྲོག་གི་འཇིགས་ཉེན་ལ་སེམས་ཚེགས་ཐར་ཐོར་རེ་བྱེད་བཞིན། མི་རིགས་ཤིག་གི་སློབ་གསོའི་ཉམས་ཞན་ལ་སྐྲག་སྣང་རེ་སྐྱེ་ཞོར་བཅས་མཚན་ཐུན་གཅིག་གི་རིང་ལ་ཝུ་ཆང་དམ་བུ་འགའ་རེ་ལ་ལོངས་སྤྱོད་ཞོར་དུ་ལབ་གླེང་ངམ་བགྲོ་གླེང་རེ་བྱས་པ་འདི་ཡང་ང་དང་ང་ལྟ་བུའི་ཅི་ཡང་མེད་པའི་དགེ་རྒན་སྐོར་ཞིག་གི་དུས་ཆེན་དུ་བརྩི་ན་མི་ཆོག་རྒྱུ་མེད་པ་རེད།
    དུས་ཆེན་མེད་པའི་དགེ་རྒན་ཚོ། འདི་ལྟར་སོས་དལ་བག་ཕེབས་ངང་རང་རང་གི་ཕ་མ་བུ་ཕྲུག་དང་མཉམ་དུ་རང་ལ་མི་དབང་བའི་མདའ་སྟོན་འདིའི་རྒྱབ་ལྗོངས་གང་རུང་ཞིག་ན་གཉོམ་དུང་དུང་སྒོས། མི་ཆེན་ཚོས་གསོལ་སྟོན་རོལ་བཞིན་པའི་མྱོང་སྣང་ལ་འགྲམ་ཆུ་ལྡང་བཞིན། རང་ལ་དབང་བའི་དུས་ཆེན་དེ་ཡང་མྱོང་རོལ་དུ་མི་འགྱུར་བའི་སྡུག་སྣང་ཐོད་དུ་མི་བཟུང་བར། ནམ་ཡང་བྱིས་པ་ཚོ་ནང་བཞིན་གུ་དོག་གི་བསམ་བློ་ཞིག་ལ་ཤི་འཐམ་རོ་འཐམ་བྱས་ཏེ། རང་ལ་དབང་བའི་ཁེར་རྐྱང་གི་འཚོ་བ་འདི་ནི་འཇིག་རྟེན་གྱི་ཆེས་སྐྱིད་སྣང་དུ་སྒོམ་ནས། འགྲུབ་རྒྱུ་མེད་པའི་འཆར་གཞི་མང་པོ་ཞིག་སེམས་ཁམས་ཀྱིས་བློས་བསླངས་དང་རྟོག་བཏགས་བྱས་ཏེ། ཐོབ་པ་ལས་ཤོར་བ་མང་བའི་མི་ཚེ་ཡི་རྒས་གཉེར་དང་དུ་བླངས་ཏེ་ཉི་མ་སྐྱེལ་ཐབས་བྱེད་བཞིན་པའི་ངང་ཚུལ་འདི་ནི་སུས་འཆར་སྣང་གི་ངོས་ན་གསལ་གྱི་ལེར་རྟོགས་ཀྱིན་ཡོད་དམ།
དུས་ཆེན་མེད་པའི་དགེ་རྒན་ཚོ། ཧམ་སེམས་དང་འདོད་རྔམ་མེད་པར། བྱིས་པ་ཚོ་ནང་བཞིན་ཟས་ཀྱི་སྡེར་ཁ་ཙམ་དང་། སྐོམ་པ་སེལ་ཐབས་ཀྱི་བཏུང་བ་ཁ་ཤས་ཀྱི་ཡིད་སྤྲོ་ཞིང་སེམས་བརྒྱགས་འགྲོ་བ་རེད། དགེ་རྒན་ཚོར་ཧམ་ཟ་དང་ཧམ་འཐུང་བྱེད་འདོད་ཀྱི་འདོད་བློ་གཏན་ནས་ཡོད་མི་སྲིད་ལ། བྱིས་པ་ཚོ་ནང་བཞིན་ལོ་གཅིག་གི་ལོ་སར་ལ་རེ་ལྟོས་བཞིན་རང་ཉིད་ཀྱི་དུས་ཆེན་ལ་རེ་ལྟོས་བྱེད་བཞིན་ཡོད་པ་གདོན་མི་ཟ། དགེ་རྒན་ཚོའི་སེམས་རྒྱུད་ནི་བྱིས་པ་ཚོ་ནང་བཞིན་བག་འཁུམ་དང་། སྤོབས་སེམས་མེད་པ། ལྐུགས་པའི་ངང་ཚུལ་འཛིན་རྒྱུར་ཆེས་དགའ་བས། དགེ་རྒན་ཚོར་ནམ་ཡང་རྒྱལ་ཁ་དང་ཕན་ཁེ་རེག་པའི་གོ་སྐབས་ཡོད་མི་སྲིད། དགེ་རྒན་ཚོའི་སེམས་ཁམས་ནམ་ཡང་བྱིས་པའི་སེམས་ཁམས་དང་མཐུན་པས། ལྟ་རྒྱ་དང་ཐོས་རྒྱ་མེད་པ། བསྐྱེད་ཡངས་མེད་པ། རྒྱལ་ཁམས་ཉུལ་བའི་གོ་སྐབས་ཆེས་ཆེར་མི་ལྡན་པས། དགེ་རྒན་ཚོ་ནམ་ཡང་མི་གྲལ་དུ་ཚུད་པའི་གོ་སྐབས་བཟང་བོ་ཞིག་ཡོད་སྲིད་དམ།
   གསལ་བཤད།  རྩོམ་ཡིག་འདི་ནི་དགེ་རྒན་དུས་ཆེན་ལ་རོལ་རྒྱུ་མེད་པའི་དགེ་རྒན་སྐོར་ཞིག་དང་མཉམ་དུ། ཉིན་འདི་འགར་ཇ་ཁང་དང་། མགྲོན་ཁང་ལས་ཁ་བརྡ་དང་ལབ་གླེང་བྱས་པ་བརྒྱུད་དེ། རང་ཉིད་གཙོ་བྱས་ཏེ་དགེ་རྒན་གྱི་ལས་དབང་དང་ལས་སྐལ་ལ་སྙིང་རྗེ་མི་དམན་པ་ཞིག་སྐྱེ་བ་དང་། དགེ་རྒན་གྱི་གོ་ཐོབ་ནི་གནས་འདིའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཁྲོད་ན་ཉིན་དཀར་གྱི་སྐར་མ་ལྟར་གྱུར་ཡོད་པའི་ངང་ཚུལ་གཞིར་བཟུང་སྟེ། གོང་གི་མྱོང་སྣང་འདི་ཤར་མར་སྤེལ་བ་ཡིན་ནོ།།           ཞེས་གཅན་རྣམ་ཐར་འབོད་པ་ནས་སྤེལ་བ་ཡིན་ནོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཆེན་མེད་པའི་དགེ་རྒན་ཚོ།

2012-09-17 གཅན་རྣམ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།