དགེ་བཅུའི་ཁྲིམས་དང་འབྲེལ་ནས་བོད་མིའི་དཔལ་འབྱོར་འཕྲོ་བརླག་གཏོང་བ།

  སྐབས་བབས་ཀྱི་བཤད་བྱ་ནི།
  གསེར་རྟ་ནས་ལེ་བར་ལྔ་བཅུའི་མཚམས་སུ་གནས་པའི་བར་ཁམས་སྟོང་སྐོར་དགོན་པས་བོད་ཆུ་འབྲུག་ལོའི་ཟླ་བ ༧ ཚེས་༡༧་སྤྱི་ལོ་ ༢༠༡༢ ཟླ ༩ ཚེས ༢ ལ་དགོན་པ་དེ་ཉིད་ཀྱི་ཆོས་སྡེའི་འོག་གནས་པའི་ཟོ་རིང་འཕྲིན་ལས་ཟེར་བ་ཞིག་ལ་བསམ་ཡུལ་ལས་འདས་པའི་ཐུབ་ཚོད་བྱེད་བཞིན་པ་འདི་ཡིན། འོན་ཀྱང་བདག་གིས་ལོ་ཁ་ཤས་རིང་དཔེ་ཆ་དོག་ཙམ་ལྟས་པ་མ་གཏོགས་བརྡ་སྤྲོད་རིག་པའི་གཞུང་ལུགས་ཕྱོགས་ལ་སློབ་སྦྱོང་བྱས་མ་མྱོང་བས །ཐོག་མར་ཞུ་བ་ཞིག་ཕུལ་བ་ནི། བསམ་བློ་དང་། རིག་གནས་གང་ཅིའི་ཐད་ནས་འདི་འདྲ་འབྲི་བ་ལ་རིན་ཐང་གཅིག་ཀྱང་མེད་པ་ནི་རང་གིས་ཀྱང་ཤེས་གསལ་རེད། ཡིན་ཡང་གནས་ཚུལ་འདི་ལྟ་བུ་ཁ་པར་ལམ་ནས་གོ་ཐོས་བྱུང་སྐབས་བརྗོད་འདོད་སེམས་ཀྱིས་མ་བཟོད་པས་འདི་ལ་ནོར་འཁྲུལ་གང་མཆིས་པ་དག་གཟིགས་པ་པོ་ལ་དགོངས་དག་ཟེར་བ་ལས་གཞན་མ་མཆིས། དེ་རིང་གི་གནས་ཚུལ་འདི་རང་ལ་འོས་ཤིང་ཚིམ་པའི་ཁུར་ལེན་ཏེ་གཟུར་བོའི་བློས་གནད་དོན་ཅུང་ཟད་བཤད་ན། བདག་གིས་མགར་བའི་ཕྱོགས་འཛིན་དགོས་དོན་དང་། དགོན་པ་ལའང་སྡང་དོན་ཅི་ཡང་མེད། མི་ཚང་འདི་ལ་ཁྱིམ་མི་དྲུག་བདུན་ཞིག་ཡོད། ཕ་ནི་མགར་བ་འཕྲིན་ལས་དང་། དེའི་བུ་ལ་ཚེ་རིང་ཉི་མ་ཟེར། དེའི་ཉེརའཁོར་གྱི་མི་འགའ་ཞིག་མ་ཡིན་ཡིན་མདོག་གིས་ཆོས་ལ་དགའ་མདོག་དང་། ལས་འབྲས་ལ་བརྩི་སྲུང་བྱེད་ཁུར་གྱིས་ཆོས་འཇིག་རྟེན་གང་མགོ་མཐོ་ཡང་དེའི་རྒྱལ་སྐྱོར་ཕེབས་དེ་སྐུ་ལས་སྤྱོད་པ་མི་ཉུང་བ་ཞིག་མཆིས་ཀྱང་། མགར་བ་ཁོང་ནི་དེ་ལྟར་རྩ་བ་ནས་མིན་པར་ཆོས་དང་ལས་འབྲས་དཔང་དུ་གཞག་སྟེ་ལག་བཏབ་མང་དག་ཅིག་བྱས་ཡོད་པ་ནི་དེ་ཀའི་ཡུལ་མི་དཔང་དང་བཅས་ཁོ་བོས་བསྒྲགས་པ་ཡིན། མི་ལོ་བཞི་ལྔ་ཞིག་གི་ཡར་སྔོན་ལ་སྟོང་སྐོར་དགོན་པའི་རྐུན་ཟོག་ནུའུ་མང་རླངས་འཁོར་ཞིག་ཉོས་པ་ཡིན། ནུའུ་འཁོར་དེ་མགར་བའི་བུས་དགོན་དཔོན་དཀོན་མཆོག་དོན་འགྲུབ་གྱི་རིང་ལ་རྐུས་སོང་བ་རེད། ཚེ་རིང་ཉི་མ་བཙོན་དུ་མི་ལོ་བཞི་ལྔ་ཞིག་བསྡད། དེའི་རིང་ལ་སྟོང་སྐོར་དགོན་པས་མགར་བ་འཕྲིན་ལས་ལ་ཁྱོད་ཚང་དགེ་བཅུའི་ཁྲིམས་དང་འགལ་བ་མ་ཟད། སྟོང་སྐོར་བླ་མ་དང་འགལ། དགོན་པ་དང་ཡང་འགལ་བས། བསྟན་དགྲ་མ་རུང་བ་དེ་ལས་ཆེ་བ་ཞིག་གང་ན་ཡོད་ཅེས་བཙན་སྐད་དབྱར་གྱི་རྔ་སྒྲ་བཞིན་ཁྱོད་ཚོས་དགོན་པ་ལ་མགོ་བཏག་མ་ཞུ་ན་ལས་སླ་བོ་མི་སྐྱུར་ཁོ་ཐག་ཡིན་ལབ་བ་དང་། དེ་མཚུངས་སུ་མི་མང་གང་ལ་ཕྱོགས་པ་ཚད་མར་བཟུང་བའི་རྨོངས་དད་ཀྱིས་ཐུམ་པའི་སྨྱོན་པ་འགས། ཁ་ཞ་ཞ་དང་། སྙིང་ཉེ་ཁུར་གྱིས་ད་མགོ་བཏགས་མ་ཞུ་ན། ཚེ་འདིར་བདེ་བ་ཐམས་ཅད་དང་བྲལ། ཕྱི་མ་ངན་སོང་ལས་མ་འདས་ཞེས་གོ་བརྡ་ཡང་ཡང་སྤྲད་ཀྱང་། མཐོང་རྒྱ་རིང་བ་དང་། ཐོས་རྒྱ་ཆེ་བ་ལ་མཁྱེན་སྤྱན་ཡངས་པ་མགར་བས་དགོན་པ་ལ་མགོ་སྒུར་མི་རུང་དེ། དཔེར་ན། ལུག་མགོ་ལ་མགོ་བཏགས་ན་ལུག་རྭས་མིག་ཕུད་ཟེར་བ་ལས་མི་འོང། དེ་བས་རང་ཚུགས་ཟིན་ན་ལེགས་གསུངས་པ་རེད། དེ་རྗེས་དགོན་པས་དགོན་སྡེ་མི་འདྲ་བ་བཞི་བཅུ་ཞེ་དགུའི་སྒོ་འགྲམ་ལ། རང་སྣང་གང་འཆར་གྱིས་བརྙས་སྨོད་མི་འདྲ་བ་ཡིད་ཚིམ་པ་རེ་བྱས་པའི་ཡི་གེ་རེ་དང་། ཚེ་རིང་ཉི་མའི་པར་མགོ་རྟིང་སློག་སྟེ་རེ་རེ་སྦྱར། དེས་མ་ཟད་དགུར་གཏོར་དང་། ལྕགས་མཁའ། སྒྲུབ་མཆོད། སེང་གདོང་མའི་སྒྲུབ་པ་སོགས་དུས་མཆོད་གང་ཡིན་ལ་མཐུ་དང་གཏོར་མ་རྒྱག་ཚོད་དང་མཉམ་དུ་བསྒྲགས། ང་རྒྱལ་གྱི་མེ་ལྕེ་ཁོག་ཏུ་འབར། དམའ་འབེབས་ཀྱི་ངན་སྨྲས་ངག་ནས་སྤྱོད། གནོད་འཚེར་གྱི་མཚོན་ཆ་ལག་ཏུ་ཐོགས། རྒྱོབ་རྒྱོབ་དང་། གསོད་གསོད། གཏུབ་གཏུབ། ནམ་མཁར་འགེངས་པ་བྱས་ཏེ། རང་རྒྱལ། གཞན་ཕམ། ཕྱོགས་རིས། ཁོང་ཁྲོ། ང་རྒྱལ། རྨོངས་པ། གནོད་སེམས། བསྡུ་ན། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཕྱོགས་གཅིག་ཏུ་སྤུངས་ཏེ། མགའ་བ་འཕྲིན་ལས་ཚོའི་ཐོག་ལ་མི་ལོ་བཞི་ལྔ་ཞིག་ལ་མཐུ་དང་། གཏོར་མ་རྒྱག དེ་དང་མཉམ་དུ་ཁོ་ཚོར་ཆོས་སྒོ་བརྒྱབ།  དགོན་པ་དང་འགལ་ས། དམ་ཚིག་ཉམས་ས། ལྷ་མི་འགུལ་ས། མི་མི་དགའ་ས། རྐྱང་རྐྱང་གཞག་སྟེ་སྡོད་པ་རེད། ཡང་སྨྱོན་པ་དེ་རྣམས་ཀྱིས། མགའ་བ་ཁོང་ལ་དགོན་པར་མགོ་བཏགས་དགོས་པའི་སྐུར་འདེབས་ཡང་དང་ཡང་དུ་བྱེད་པས་དགོན་པ་ལ་མགོ་མ་སྒུར་ཐབས་མེད་བྱུང་བ་རེད། མགའ་བ་ཁོང་གིས་འདི་ནས་ཡར་རྩིས་ཏེ་མི་ལོ་གསུམ་བཞི་ཞིག་གི་དུས་ནས་ལུང་བསྟན་གནང་བའི་ཐོག་སྟོང་སྐོར་དགོན་པ་དབྱར་གནས་པ་སྐབས ༧ ་༡༧ ཉིན་ལ་ཆེས་ཡ་ང་བའི་བྱ་བ་ལ་ཞུགས་པ་ནི་འདི་རེད། མགའ་བ་ཁོང་དང་། ཁོའི་གྲོང་མི་འཁོར་དང་བཅས་དར་དཀར་པོའི་སྣེ་འདྲེན་དེ་སྔར་བསགས་ལ་འགྱོད་སེམས་དང་ཕྱིན་ཆད་སྡོམ་སེམས་དང་བཅས་ཡར་ཞུ་བརྒྱབ་ཚེ། དགོན་དཔོན་བསྟན་འཛིན་རབ་རྒྱས་གཙོའི་དགོན་པའི་མགོ་ཁྲིད་རྣམས་འདུས་སྟེ། རྣམ་པ་ཚོས་ཐུགས་ཐག་བཅད་པ་ནི་སྒོར་མོ་ཁྲི་བཅུའི་རི་ཐག་ཆོད་པའི་ཅ་ལག་སྤྲོད་དགོས་པ་བྱས། དེའི་ནང་ནས་ཟང་སྣོད་གཅིག་མི་རིགས་ཀྱི་ཞབས་འདྲེན་པ་རེ་རེའི་ཁ་ངོ་ལྟས་ཏེ་མགའ་བ་ལ་ཕྱི་སྤྲོད་པ་རེད། ཆེས་སྐྱུག་བྲོ་བ་ཞིག་ནི་ཟང་སྣོད་གཉིས་ཕུལ་པའི་ཤོག་སྒོར ༡༠༠༠༠༠ རིན་ཅ་ལག་ལྷག་མ་ཡོད་དོ་ཅོག རང་གིས་མ་ཉལ། གཞན་ལ་མ་གཏེར། བདག་པོ་ཚང་ནས་ཕྲོག་བཅོམ་བྱས་ཏེ་མེ་བསྲེགས་བཏང་བ་རེད། ཁ་བ་གངས་ཅན་པ་ཚོ། ཡ་ང་བའི་གནས་ཚུལ་འདི་ལ་བསམ་དང་། མང་ཚོགས་ཀྱི་ཤ་ཁྲག་རྒྱུན་དུ་ཟོས་ཤིང་གྲོང་ཆོག་ཁོ་ན་འབད་པ་སྐྱོངས་བའི་དགོན་པ་འདི་འདྲ་ཚོའི་གཙོ་གྲལ་དེ་ཚོ་ལ་བསམ་བློ་ཞིག་འདུག་གོ། ད་བཟོད་ཁོ་ཚོས་སེམས་ན། རང་རྒྱལ། ་གཞན་ཕམ། མགའ་བ་ཚོ་ལ་དཔེ་མི་སྲིད་པའི་སྡུག་པོ་བཏང་བའི་ཁོངས་སུ་བཞག་ཀྱང་། ཞིབ་དུ་གཞིག་དང་། ད་སྡུག་པོ་སུ་ལ་གཏོང་སོང་། བསམ་བློ་སུ་ལ་འདུག འདི་འདྲའི་གནོད་པ་སྤྱོད་པ་ཕལ་ཞོག དབྱར་གནས་པའི་སྐབས་གཞན་ལས་གཡར་བའི་ཅ་ལག་དགེ་འདུན་པའི་རང་ཁྱིམ་དུ་ཉལ་མི་རུང་བ་འདུལ་བ་ལུང་ལས་གསུངས་པ་མིན་ནོ།། ཡང་གཅིག་བཤད་ན་། དཔེ་ཆ་གང་ཡང་མི་ཤེས་ཀྱང་ཆོས་ཉམས་ལེན་ལ་མཁས་པ་ཡིན་ཟེར་བའི་ཕོ་རོག་དཀར་པོ། ཧམ་པ་ཅན་། མཁས་པ་དགོད་བྲོ་བའི་གཏམ་འགལ་འདུལ་རྐྱང་པའི་མང་ཚོགས་མགོ་གཡོགས་པའི་བླ་སྤྲུལ་ག་གེ་མོས་བཟུང་བའི་དགོན་པ་ཚོ་དང་། སྒེ་གཅོད་ཀྱི་དགེ་བཅུའི་ཁྲིམས་འདི་དག་མཇུག་སྒྲིལ་ན་ཅི་མ་རུང་སྙམ་པའི་ངེས་ཤེས་ཕྱིར་མི་ལྡོག་པ་ཞིག་ཐོབ་སོང་། བཤད་ཀྱང་མཉན་པ་མི་བྱེད། དོན་ལ་བསམ་པ་མི་ཤེས། གནས་ལུགས་ལག་བསྟར་མི་བཟོད། མ་དག་ཁོ་ན་རྒྱུན་འཇམ་སོང་བའི་རིགས་རྒྱུད་གཅིག་ལས་ཆད་པའི་བོད་བུ་འདི་ཚོ། ཆོས་འཇིག་རྟེན་གཉིས་ཀའི་སྲོག་རྩ་གཞི་མ་ནས་གཅོད་པའི་བྱ་བ་ལ་ཞུགས་ན། མ་འོངས་པ་མུ་མཐུད་དུ་གཞག་གོ། མིན་ན་ཁ་བ་གངས་ཅན་པ་ལ་ལྷག་བསམ་དུང་ལས་དཀར་བའི་མི་དབང་རྟུལ་ཕོད་ཅན་ཚོས་དྲ་ལམ་འདིའི་རྒྱུད་ནས་ཐབས་ལམ་ཞིག་ཅི་ནས་ཀྱང་སྟོན་མཚལ།
ཡང་ཁོ་ཚོས་ཟེར་བ་ཞིག་ལ་མ་འོངས་པར་དགོན་པ་འདི་མུ་མཐུད་དུ་གནས་དགོས་ན། ཁྲིམས་གཅོད་འདི་འདྲ་ཞིག་མ་གཏོང་ན། གཞན་པའི་ལྟ་ཚུལ་ལ་དང་དགོན་པའི་ཆོས་ཁྲིམས་དགེ་བཅུའི་ཁྲིམས་སོགས་གང་ལ་ཐུག་ནའང་འགྲིག་ཐབས་རྩ་བ་ནས་མེད། ཅེས་གསུངས་པ་རེད། དེ་ནི་ནོར་བ་རེད། གང་ཞེ་ན། མི་མཐུད་དུ་སངས་རྒྱས་ཀྱི་བསྟན་པ་གནས་དགོས་ན་ཆོས་ལུགས་འདི་ཁྲིམས་ལུགས་ཀྱི་ངོ་བོ་རྩ་བ་ནས་བསྒྱུར་མི་རུང་གང་ཡིན་ན། གྲོགས་པོ་ཁྱོད་ཚོས་ཆོས་ཀྱི་འབག་གོན་ནས་བྱས་པའི་རྐྱེན་དུ་ནམ་ཞིག་ན་ཆོས་ལ་གོ་རྟོགས་མེད་པའི་མི་ཚོས་ཆོས་ལ་ཞེན་པ་ལོགས་པ་ནི་མངོན་གསལ་དོད་པོ་ཡིན། ཁ་ནས་ཆོས་དང་དགོན་པ་ལ་ཤ་ཚ་མདོག་མང་པོ་བཤད་རྒྱུ་ཡོད་པ་ལ། ལག་ལེན་གྱི་ཆ་ནས་གོ་ལྡོག་བྱས་ན་དེའི་ཆོས་དེ་དངོས་གནས་མི་མང་ལ་མགོ་སྐོར་གཏོང་བྱེད་དང་། འགྲོ་བ་མི་ལ་ཐུབ་ཚོད་བྱེད་བྱེད་ཅིག་ངོ་མ་རེད། དེ་འདྲའི་ཆོས་ཤིག་དང་དགོན་པ་ཞིག་རྩ་བ་ནས་མེད་ན། ཁ་བ་གངས་ཅན་པ་ཚོས་དགའ་སུ་ཆེས་ཆེ་བ་བྱེད་རྒྱུ་རེད། གནམ་ལ་ལྡིང་བ་དང་། ས་ལ་འཛུལ་ཚུལ་གྱི་སྒྱུ་མ་ཁོ་ནའི་གཏམ་མ་བཤད་ན་ཡིད་ཆེས་ཧ་ཅང་ཆེ་བའི་ཡུལ་མི་ཚོར། གནས་ལུགས་དངོས་ཀྱི་ཡིད་མི་ཚིམ་པ་ཤེས་མོད། དུས་རབས་ལ་རྒྱབ་ཀྱི་ཕྱོགས་ན་གྱོང་རྒུད་རང་གིས་མྱོང་བ་ལས་མ་འདས་པའོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་བཅུའི་ཁྲིམས་དང་འབྲེལ་ནས་བོད་མིའི་དཔལ་འབྱོར་འཕྲོ་བརླག་གཏོང་བ།

2012-09-15 ལྕགས་སྐལ་མཐའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།