མིའི་རིགས་ཀྱི་བསམ་བློའི་བཟོ་སྐྲུན་པ་ངོ་མ་ཞིག་ཅི་ལྟར་བྱེད་དགོས།

འུར་མིག༼རེབ་ཀོང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-08-11

  མིའི་སྤྱི་ཚོགས་ཀྱི་སྤུས་ཚད་མཐོར་འདེགས་ལ་ཐུགས་ཁུར་གནང་མཁན་ཞིག་ཡིན་ཕྱིན། སློབ་གསོའི་ལས་དོན་རྣལ་མར་བསམ་གཞིགས་མི་གཏོང་ཐབས་མེད་ཡིན། དེ་ན་སློབ་གསོའི་བྱ་བའི་ལེགས་ཉེས་དེ་སློབ་གྲྭའི་འཛུགས་སྐྲུན་དང་དཔལ་འབྱོར་འཚོ་བ། སློབ་ཕྲུག་མང་ཉུང་སྟེང་ཕྱེ་བ་མ་ཡིན་པར། མིའི་རིགས་ཀྱི་བསམ་བློའི་བཟོ་རྩལ་མཁས་པ་སྟེ་དགེ་རྒན་གྱི་མི་གཞི་དང་ཤེས་ཡོན་སྤུས་ཚད་བཟང་ངན་ལ་ཐུག་བསྡད་ཡོད། དགེ་རྒན་རྣམས་ཀྱིས་སློབ་མིའི་ཀུན་སྤྱོད་འཚོ་བ་དང་ཤེས་ཡོན་བཟང་བོ་སྲུང་འཛིན་དགོས་པའི་སློབ་གསོ་བཏང་ནས། སྤྱོད་ཡོན་གཉིས་ལྡན་གྱི་སློབ་ཕྲུག་ཚུལ་མཐུན་ཡ་རབས་ཤིག་སྐྱེད་སྲིང་བྱ་རྒྱུ་ནི་སྤྱི་ཚོགས་ཀྱིས་སྤྲད་པའི་འོས་འགན་དང་། དཔེ་ངོས་སློབ་ཁྲིད་མ་ཡིན་པའི་འགན་བབས་སློབ་གསོ་ངོ་མ་དེ་ཡིན།
  འོ་ན་མི་བཟང་དོན་བཟང་གི་གཤིས་སྤྱོད་ལ་སློབ་སྐུལ་གཏོང་དགོས་ན་ཐོག་མར་དགེ་རྒན་རང་ཉིད་ཀྱི་བསམ་སྤྱོད་ཡང་དག་པ་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། སློབ་ཕྲུག་ཚོའི་མིག་ལམ་དུ་དགེ་རྒན་ནི་མིག་དཔེར་འོས་པའི་མི་སྣ་ཡང་དག་པ་ཞིག་ཡིན་པས། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས། རང་ཉིད་དགེ་བའི་བཤེས་སུ་གསོལ་ན་ཡང་།། མཁས་དམན་ཀུན་ལ་བརྙས་པ་ཆུང་བར་མཛོད།། ཅེས་གསུངས་པ་ལྟར། རང་ཉིད་གཞན་གྱིས་དགེ་བའི་བཤེས་གཉེན་ནམ་དགེ་རྒན་དུ་བཀུར་ནས་ཁྲིད་སྟེགས་མཐོན་པོར་གནས་ཀྱང་སྤྱོད་ཡོན་ཟུང་ལ་བརྟེན་ནས་གདུལ་བྱ་དོན་གཉེར་ཅན་ཚོའི་བསམ་པའི་རེ་འདོད་སྐོང་པ་ལས། མཁས་བཙུན་བཟང་གསུམ་གྱིས་རློམ་སེམས་བསྐྱེད་དེ་མཁས་དམན་གཞན་ལ་མཐོང་ཆུང་དང་བརྙེས་དམོད་སོགས་ཀྱི་བསམ་སྤྱོད་སྐད་ཅིག་ཙམ་ལའང་སྐྱེས་མི་རུང་། དགེ་རྒན་གྱི་སྣང་བརྙན་ནི་སློབ་མའི་གཤིས་སྤྱོད་ལ་ཐད་ཀར་བག་ཆགས་འཇོག་པའི་ཤུགས་རྐྱེན་གཙོ་བོ་ཞིག་རེད། 
  འབྲི་བདེ་ཞིང་ཁུར་དཀའ་བའི་དགེ་རྒན་གྱི་ཐ་སྙད་རླབས་ཆེན་འདི་འཛིན་མཁན་ཞིག་ལ་མཚོན་ན་མི་གཤིས་བླ་མེད་ཅིག་དང་བློ་སྦྱོང་ལེགས་པོ་ཞིག་ངེས་པར་ལྡན་དགོས། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས། དམ་པ་ཡོན་ཏན་ཆེ་བཞིན་མི་དྲེགས་འཇམ།། གཞོན་ཡང་ཚུལ་གནས་རྒས་ཀྱང་གདུང་མེད་སྤྲོ།། གཟི་བརྗིད་ཆེ་ཡང་ཀུན་བྱམས་བཀུར་ཀྱང་དུལ།། ཞེས་དམ་པའི་མཛེས་སྤྱོད་དང་མཁས་པའི་ཡོན་ཏན་ཆེ་བཞིན་མི་དྲེགས་པར་འཇམ་པ། གཞན་གྱིས་བཀུར་ཀྱང་དུལ་བར་གནས་པའི་རང་ཚུགས་ཐུབ་པ། གསལ་བོར་བཤད་ན་གཞན་ལ་ཁྱད་གསོད་དང་རང་ཆེ་མི་བྱེད་པར་ང་རྒྱལ་མེད་པ། ཁོག་རྒྱ་ཡངས་ཤིང་གཞན་ལ་བརྩི་བཀུར་ཤེས་པ། གཏམ་ཚིག་སྙན་ཞིང་གཞན་ཕན་གྱི་སྤྱོད་ཚུལ་མངའ་བ་བཅས་ཀྱིས་མཚོན་ནོ། འདི་ལྟའི་ཁྱད་ཡོན་ལྡན་པའི་དགེ་རྒན་ནི་ང་ཚོས་ལོ་ངོ་སྟོང་ཕྲག་ནས་གུས་ཤིང་བཀུར་བའི་བླ་མ་དང་སློབ་དཔོན་དགེ་བའི་བཤེས་གཉེན་ཞེས་མཚན་གྱི་ཅོད་པཎ་གསོལ་ཞིང་། ཐམས་ཅད་ཀྱིས་གཙུག་ཏུ་མཆོད་ཅིང་ཕྱག་འཚལ་བའི་འོས་སུ་འཛིན་པ་དེ་ལགས་སོ།།
  དེ་ན་མ་རབས་ཐ་ཤད་ཀྱི་བྱ་སྤྱོད་དེ་དུ་བ་འཐེན་པ་དང་ཆང་འཐུང་བ། རྡུང་རེ་བྱེད་པ། ཤོ་རྒྱན་སོགས་བྱ་བ་ངན་པའི་ལས་ལ་འཛེམ་མེད་དུ་གཞོལ་ན། དེ་ནི་སློབ་མའི་སེམས་ཁོང་གི་དགེ་རྒན་རླབས་ཆེན་ཞིག་བྱ་ཐབས་མེད་ལ། “དགེ་རྒན་ངན་གི་དགེ་ཕྲུག། ཕ་མ་ངན་གི་བུ་ཕྲུག” ཅེས་པ་ལྟར། བག་ཆགས་ངན་པའི་དྲི་མ་རང་ཉིད་ཀྱི་སློབ་ཕྲུག་ཚོའི་རྒྱུད་ལ་ཕྱི་ནང་གསང་གསུམ་དུ་འགོས་ནས། སློབ་ཕྲུག་ཚོའི་ལུས་ངག་ཡིད་གསུམ་བདེ་ཐང་ངང་སྐྱེས་འཚར་འབྱུང་བར་གནོད་ཚབ་ཧ་ཅང་ཆེན་པོ་ཞིག་བཟོ་ངེས་པས། དགེ་རྒན་གྱི་ལུས་ངག་གི་བྱ་སྤྱོད་ནི་ཆེས་གཟབ་དགོས་པའི་དོན་བྱ་གལ་ཆེན་ཞིག་རེད་ཅེས་བརྗོད་ན་མི་ཆོག་རྒྱུ་གཏན་ནས་མེད། དགེ་རྒན་ཞིག་ལ་མཚོན་ན་ནམ་རྒྱུན་གྱི་འཚོ་བའི་ཁྲོད་གཞན་གྱི་མིག་དཔེར་འོས་པ་ཞིག་ཡོང་ཐབས་སུ་འབད་ནས་མི་བཟང་ཡ་རབས་ཀྱི་བྱ་སྤྱོད་རྣལ་མ་རང་ཆོས་སུ་རྫོགས་པར་བརྩོན་ཏེ་སློབ་མར་རང་སྟེང་གི་ཁྱད་ཡོན་འདོན་སྤྲོད་བྱེད་ཐུབ་དགོས།
  དགེ་རྒན་ཞེས་པའི་གོ་དོན་ནི་མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤོང་ལ་བསྟེན།། ཞེས་སྤྱོད་བཟང་ཤེས་ལྡན་ཀུན་སློང་གཙང་བ་བཅས་ལ་དམིགས་ནས་ཡོན་ཏན་བཅུ་རུ་གསུང་གནང་བ་དག་ཀྱང་གནའ་བོའི་བོད་ཀྱི་དགོན་སྡེ་ཁག་ནང་ཡོངས་གྲགས་ཚད་ཐུབ་གྱི་མཚན་ཉིད་ཅིག་ཡིན་ཏེ། གཞན་ཡང་“གཙང་མཁས་གཞན་ལ་ཕན་པར་འདོད།།” ཅེས་དང་། ད་དུང་གསང་བ་སྔགས་ཀྱི་བླ་མའི་མཚན་ཉིད་དང་། མེད་མི་རུང་གི་བླ་མའི་མཚན་ཉིད་སོགས་དགེ་བའི་བཤེས་གཉེན་ནམ་དགེ་རྒན་གྱི་མཚན་ཉིད་མང་དུ་གསུང་བ་དག་ལས་སྤྱོད་ཡོན་གཉིས་ལྡན་ཞིག་ཅི་ནས་ཀྱང་རང་རྒྱུད་ལ་མངའ་བར་བརྩོན་རྒྱུ་ནི་ཧ་ཅང་གལ་ཆེ། གཞན་ཡང་དགེ་རྒན་གྱི་གོ་དོན་སྟབས་བདེ་ཙམ་བཤད་ན། དགེ་རྒན་ནི་རང་ཉིད་ཀྱི་སྒོ་གསུམ་དགེ་ལ་སྦྱོར་ཞིང་།རང་ལས་ཡོན་ཏན་གྱིས་རྒན་པ་ཞིག་ལ་ཟེར་དགོས། ཕ་མ་ནི་མའི་རིགས་ཀྱི་ཚེ་སྲོག་གནང་མཁན་ཡིན་ལ། དགེ་རྒན་ནི་མིའི་སྒོ་གསུམ་ཁྱད་ནུས་ཆ་ཚང་བཟོ་མཁན་དེ་ཡིན་པས། དགེ་རྒན་ནི་སྤྱི་ཚོགས་འཚོ་བའི་གནས་ཁྲིད་པ་ཡིན་ཞེས་བརྗོད་ཀྱང་ཐལ་མི་ཆེ་བར་འདོད།
  དགེ་རྒན་ནི་སློབ་ཕྲུག་ཚོར་འཆད་ཁྲིད་གནང་མཁན་དང་སྣ་མང་ཤེས་བྱའི་དཀའ་གནད་བཀྲོལ་མཁན་ཡིན་པས། ཤེས་ཡོན་གྱི་རྨང་གཞི་ཕུན་སུམ་ཚོགས་པར་ལྡན་དགོས། འདི་ནི་དགེ་རྒན་ཞིག་གི་གཞི་རྩའི་ཆ་རྐྱེན་ཡིན། གནའ་མིའི་ཁ་དཔེར་“ཁོག་མའི་ནང་ན་མེད་ན་གཟར་བུའི་ནང་ན་ཅི་ཡོད། ཆུ་རྐ་མགོ་ན་མེད་ན་རྐ་གཞུག་ན་ཅི་ཡོད།” ཅེས་པའི་དཔེ་ལྟར། དགེན་རང་ཉིད་ལ་ཆེད་ལས་རང་བཞིན་གྱི་ཤེས་ཡོན་ཕུན་སུམ་ཚོགས་ཤིང་བྱང་ཆ་ལྡན་ལ་གདང་ངེས་ཤིག་མེད་ཚེ་བསླབ་བྱའི་ནང་དོན་གྱི་བརྡར་ཤ་གཅོད་མི་ཐུབ་ལ། སློབ་ཕྲུག་ཚོའི་ཤེས་བྱའི་དགོས་མཁོ་སྐོང་བའི་ནུས་པ་མེད་པས།  རང་ཉིད་ཀྱི་འཚོ་བའི་ལས་ཐོབ་ཙམ་ལ་དམིགས་ནས་བྱིས་པ་ཁྲི་སྟོང་མང་བོའི་འབྱུང་འགྱུར་གྱི་མི་ཚེ་འཚོ་བར་གནོད་པའི་ལས་སྒྲུབ་པར་ཞེད་སྣང་དང་འཚེར་སྣང་སྤུ་ཙམ་མེད་པར་འཕྲོ་བརླག་གི་སྡིག་ཉེས་བསགས་ནས། མིང་དགེ་རྒན་དུ་བཏགས་ཀྱང་། དོན་སྡིག་རྒན་དུ་སོང་བ་ཞིག་གཏན་ནས་བྱེད་མི་རུང་།དགེ་རྒན་ནི་སློབ་ཕྲུག་དག་ཡར་འགྲོ་མར་འགྲོ་རྟ་ཁ་སྲབ་ཀྱིས་བསྒྱུར་མཁན་ལྟ་བུ་ཞིག་ཡིན་པས། གཞན་ཕན་གྱི་ཀུན་སློང་བཅོས་མིན་ཞིག་དང་། སྐྱོ་མེད་ཀྱི་རང་ཚུགས་གཏན་པོ་ཞིག    ད་དུང་སློབ་ཁྲིད་ཀྱི་ནུས་རྩལ་མཐོན་ཞིག་བཅས་ཀྱང་ལྡན་དགོས།
  རིག་གནས་ཤེས་བྱ་ཕུན་སུམ་ཚོགས་པ་ཞིག་ལྡན་ནའང་སློབ་མར་ཡང་དག་པའི་འཆད་ཁྲིད་གནང་ཐུབ་པའི་ངེས་པ་མེད། སློབ་མར་ཤེས་བྱ་སློབ་ཁྲིད་གནང་སྐབས་ཆ་ཚང་བའི་གྲ་སྒྲིག་དང་།  ཡང་དག་པའི་བྱེད་ཐབས། ཕུན་སུམ་ཚོགས་པའི་ཉམས་མྱོང་། རྣམ་པར་གསལ་བའི་རྒྱུད་རིམ་བཅས་ལ་བརྟེན་ནས་ཡོངས་གྲུབ་བྱེད་དགོས། དེ་བས་དགེ་རྒན་རང་ཉིད་ལ་སློབ་ཁྲིད་ཀྱི་ནུས་རྩལ་མཐོན་པོ་ཞིག་ཅིས་ཀྱང་ལྡན་དགོས། གལ་དེ་དགེ་རྒན་གྱིས་སློབ་མའི་དྲི་བར་ལན་འདེབས་བྱེད་མི་ཐུབ་པ་དང་། སློབ་མའི་སྤྲོ་མཚར་དང་སྦྱང་འདུན་གྱི་དགོས་མཁོ་སྐོང་མ་ཐུབ་པར་ཐེངས་རེ་བཞིན་དགོས་འདོད་ཆུད་ཟས་སུ་བཏང་ཚེ་རིམ་བཞིན་སློབ་ཕྲུག་ཚོའི་དྲན་འཛིན་ངོས་སུ་གསལ་བའི་དགེ་རྒན་གྱི་གཟུགས་བརྙན་དེ་ག་ལེར་མེད་པར་འགྲོ་ངེས། དེ་ནི་དགེ་རྒན་ཞེས་པའི་མཚན་བྱང་རླབས་ཆེན་འདི་ཁུར་མཁན་གྱི་མི་སུ་ཡིན་རུང་ཕམ་ཉེས་ཆེན་པོ་ཞིག་རེད། དགེ་རྒན་གྱིས་སློབ་གྲྭའི་ཕྱི་ནང་གང་དུའང་བླ་མེད་ཀྱི་གཤིས་སྤྱོད་དང་ཕུན་སུམ་ཚོགས་པའི་ཤེས་ཡོན་བཅས་ལ་བརྟེན་ནས་སློབ་མའི་སེམས་པ་བློ་འགུག་བྱེད་ཐུབ་ན་དགེ་རྒན་དེ་ནི་སློབ་མའི་བློ་ངོར་ནམ་ཡང་བསུབ་ཏུ་མེད་པའི་ཡང་དག་ཚད་ལྡན་གྱི་དཔེ་གཞི་གསོན་པོ་ཞིག་ཏུ་འགྱུར་བར་གདོན་མི་ཟའོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིའི་རིགས་ཀྱི་བསམ་བློའི་བཟོ་སྐྲུན་པ་ངོ་མ་ཞིག་ཅི་ལྟར་བྱེད་དགོས།

2012-08-11 འུར་མིག༼རེབ་ཀོང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།