སྐྱེས་མའི་མིག་ནང་གི་༼ཞོགས་དུང༽

ཁྲག་སྙུག༼ཀན་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-08-06

  ༼དཔྱོད་ཤེས་རྒྱང་འབོད ༽ ༼ རིགས་ཤེས་ཀུན་གྲོལ༽༼དོགས་སློང་སྙིང་སྟོབས༽སོགས་གཞི་རྩར་གྱུར་བའི་བརྩམས་ཆོས་གང་མང་ཞིག་གིས་བག་ལ་ཞ་བའི་བོད་ཡུལ་ལུང་བ་ཚ་ཚ་འུར་འུར་དུ་བཏང་ལ།  བོད་མྱིའི་གཉུག་གཤིས་སུ་གྲུབ་པའི་བག་ཆགས་རྙིང་རུལ་དང་མཁྲེགས་འཛིན་གྱི་བསམ་བློར་རྒོལ་གཏམ་སྤེལ་ཏེ་སྐྱེ་བ་ཕྱི་མ་དང་བར་ དོའི་འཇིགས་པ་དང་གཤིན་རྗེའི་དམྱལ་ཟངས་སོགས་ལས་ཐལ་བའི་འུ་ཚང་གི་མྱི་ཆོས་ཀྱི་འཚོ་གནས་ལ་བསམ་གཞིག་བྱས་པ་རེད།འདི་ནི་མི་རིགས་ལ་ཞེན་པ་དང་འཚོ་གནས་ལ་ཞེན་པ།གནས་ལུགས་ལ་ཞེན་པའི་སྐྱེས་བུ་རླབས་ཆན་ཞིག་གི་སྟོབས་དང་ནུས་པར་བརྩི་ཆོག་ལ།རྨོངས་བའི་རྒྱ་རུ་ཚུད་པའི་མི་རབས་ཤིག་ལ་རྟོགས་སད་ཀྱི་ཀི་རིང་འདེབས་པའི་གདོང་ལེན་པ་ཞིག་ལའང་གང་ནས་མི་བརྩི།སྐྱེས་བུ་དེ་སུ་རེད་ཅེ་ན། ཞོགས་དུང་རེད།  སྐུ་ཞབས་ཞོགས་དུང་གི་དེ་ལྟ་བུའི་དཔྱོད་ཤེས་དང་ཐོད་བརྒལ་རང་བཞིན་གྱི་ངོས་ནས་འུ་ ཚང་གི་འཚོ་གནས་ཀྱི་ཉེན་ཚབས་གླེབ་དུས།རྒྱུ་འབྲས་བློ་མིག་ཐོགས་ཏེ་དེ་ལ་མིག་ཆེར་བསྐྱེད་ཀྱི་ལྟ་བུའི་སྐྱེས་མ་ སུ་སུ་ཡོད།གནས་ལུགས་དང་བདེན་དོན་གྱི་མདུན་པ་ལྐུགས་པར་གྱུར་བའི་སྐྱེས་མ་དེ་དག་གི་དངོས་གནས་ཅི་ཞིག་འཇོན་གྱིན་ཡོད་དམ།
   དེང་སྐབས་ནུབ་བྱང་སོགས་སུ་བོད་ཀྱི་ན་གཞོན་པའི་སྡེ་ཁག་ཅིག་འཚར་སྐྱེ་བྱུང་བཞིན་ཡོད་པ་ལྟར་མོ་གཞོན་ པའི་སྡེ་ཁག་ཅིག་ཅི་ལ་མེད་སོང་བ་རེད།༼ཤར་དུང་རི༽དང༼ན་གཞོན་གསར་བ༽༼དུས་རབས་ཀྱི་ང༽སོགས་རིག་གནས་དགག་སྒྲུབ་དང་ངན་གཤིས་ཐེན་འདོན་གྱི་སྟེགས་བུར་གྱུར་བའི་བོད་ཀྱི་མྱི་རབས་གསར་བའི་དུས་དེབ་ཁག་ཏུ་ སྐྱེས་མ་ཚོའི་མིང་ཡིག་སྟོང་བར་ལུས་འདུག་པ་ཅི།གནམ་གྱི་ཕྱེད་ཀ་ཟིན་པའི་སྐྱེས་མ་ཚོའི་ཕྲག་སྟེང་ན་འགན་ཁྲི་ ཟེར་བ་ཞིག་མེད་སོང་བ་ཨེ་རེད།                               
   བུད་མེད་ནི་ཨ་མ་ཡིན་ལ།ཨ་མ་ནི་མྱི་ཞིག་གསར་བཟོ་བྱེད་པའི་སྔོན་འགྲོ་ཡིན། དེ་བས་ཨ་མས་རང་གི་བུ་དང་བུ་ལྟ་བུའི་ རིགས་རྒྱུད་ཅིག་ལ་གསོན་ཤུགས་དང་བཀྲག་མདངས་སྟེར་ཐུབ་ལ།རྗེས་ལུས་དང་ཉམས་རྒུད་ནི་དེ་བས་ཀྱས་སྟེར་ཐུབ་བོ།།ཨ་མ་ནི་ཆེས་ཐོག་མའི་བུ་ཕྲུག་ལ་གསོ་སྐྱོངས་བྱེད་མཁན་ཡིན་ལ།ཨ་མའི་སློབ་གསོ་དང་ བརྩེ་སེམས་སོགས་ནི་ང་ཚོ་ཡར་བགྲང་བྱེད་ཀྱི་སྒལ་ཚིགས་ལྟ་བུ་ཡིན།  དེ་བས་དེང་སྐབས་བོད་ཀྱི་སློབ་གྲྭ་ཆེ་ འབྲིང་སོགས་གཙོའི་མི་རིགས་ལ་མི་དུངས་བ་དང་སྐད་ཡིག་ལ་མི་དུངས་བ།གོམས་གཤིས་ལ་མི་དུངས་བ།གནས་བབ་ལ་ མི་དུངས་བ་སོགས་ང་ཚོའི་བོད་མྱིའི་ཁོར་ཡུག་དང་རིང་དུ་གྱེས་བའི་མོ་གཞོན་འདི་དག་གི་མངལ་ལས།ཤ་གཙང་རུས་གཙང་གི་བོད་མྱིའི་མི་རབས་གསར་བ་ཞིག་འཁྲུངས་དགོས་པ་མ་ཡིན་ནམ།ངས་ད་བཤད་པའི་མི་དུངས་བ་དེ་དག་བལྟོས་བཅས་ཀྱི་ཐད་ནས་དེང་རབས་བོད་ཀྱི་བུ་མོའི་གནས་བབ་དང་གཏད་དེ་བཤད་པ་ལས། བུད་མེད་སྤྱིའི་ཐོབ་ཐང་དང་རྩིས་ཐང་ལ་དམའ་འབེབས་བྱེད་པ་གཏན་ནས་མ་ཡིན།འདི་ལྟར་འགན་ཁྲི་དང་འདུ་ཤེས་བོར་བའི་བོད་པའི་བུ་མོའི་གནས་སྟངས་དེས།ང་ཚོའི་མ་འོངས་བའི་ལམ་ཁ་ལ་ཚབས་ཆེ་བའི་ནག་ཐིག་མི་བཀོད་
ཅེས་སུས་བཤད་ཕོད་དམ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱེས་མའི་མིག་ནང་གི་༼ཞོགས་དུང༽

2012-08-06 ཁྲག་སྙུག༼ཀན་ལྷོ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།