མི་ཚོགས་ཀྱི་ངོ་གདོང་།

དབུ་རུ་དོན་འདུར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-23

  མི་ཚོགས་ཀྱི་ངོ་གདོང་མང་པོ་ཞིག་རིམ་བཞིན་རྒྱུད་མེད་ལ་བསྒྱུར་བཞིན་ཡོད་པ་དང་།  ཟོལ་བཅོས་ཀྱི་རྣམ་འགྱུར་དེ་དག་ཀྱང་ང་དང་རྒྱང་ཁད་ཀྱི་ཆོད་དུས་ལྷད་མེད་བརྩེ་དུང་ཟེར་བ་དེ་དག་ཀྱང་ཁ་བཤད་ཆུ་ཡིས་ལྦུ་བ་ཡིན་པ་ལམ་ཙམ་རྟོགས་སོང་།  གྲོགས་པོ་དང་རོགས་པ་ཟེར་བའི་གདང་ཅན་གྱི་མིང་ཚིག་དེ་དག་ངའི་ཁོར་ཡུག་ལས་ཁྲེལ་དགོད་ཀྱི་རལ་གྲི་རེ་ཁྱེར་ནས་བརྩེ་སེམས་ཀྱི་ཐག་པ་གཅོད་གིན་རེ་རེ་བཞིན་ཡལ་འགྲོ་དུས་ཐོག་མར་ང་ལ་རྨ་ཁ་ལྟ་བུའི་ན་ཟུག་ཞིག་ གིས་གཙེས་ཀྱང་ཞིབ་ཏུ་བསམ་ན་ཕ་མ་གཅིག་ལས་སྐྱེས་པའི་ཤ་ཁྲག་གི་འབྲེལ་བ་ ཅི་ཡང་མེད་པས་ཚུར་བསྡུས་ཤིང་ཕར་བྲལ་འགྲོ་བ་ནི་ཆོས་ཉིད་དུ་གྲུབ་པས་དེ་ལ་དགའ་སྡུག་གི་རང་ལ་མནར་གཅོད་གཏོང་དགོས་དོན་གང་ཡང་མི་འདུག་སྙམ།
  དྲ་གྲོགས་རྣམས་པ་ལགས།  ཉིན་འདི་དག་གི་རིང་ལ་ངའི་པང་དུ་བུ་ཞིག་སྐྱེས་ཤིང་ངའི་སྙན་དེབ་ཡིན་པར་སྙམ་པའི་དཔེ་དེབ་ཞིག་ཀྱང་འདོན་ཐུབ་པས་དགའ་བར་འོས་ཀྱང་དེ་དང་སྦྲགས་ཏེ་ངའི་གཡས་གཡོན་ནས་མཉམ་དུ་དགའ་འོས་པའི་མི་མང་པོ་ཞིག་གི་ངོ་གདོང་འགྱུར་ཞིང་ཁྲག་དོག་ཡིན་ནམ་ང་རྒྱལ་ཡིན་ཆ་མ་འཚལ་བའི་རྣམ་འགྱུར་གྲང་ཤུར་ཤུར་འགའ་ཡིས་སེམས་སྐྱིད་པོ་རྩ་བ་ནས་མེད་པ་བཟོས་སོང་། དེ་རིང་ངས་རྩོམ་ཡིག་འདི་བྲིས་ཏེ་རང་སེམས་གསོ་ཁུལ་བྱས་ཀྱང་འདིས་ཀྱང་ང་ལ་ཅི་ཞིག་ཁུར་ཡོང་མིན་དེ་མི་མང་པོའི་ལྟ་ཀློག་གི་མཇུག་འབྲས་ལས་ཤེས་སྲིད་པ་ལས་བྲིས་པ་ཙམ་གྱིས་ཐག་ག་ལ་ཆོད།  འོན་ཀྱང་ང་ནི་བོད་སྐད་ཡིག་གི་རྐང་འཛིན་དགེ་རྒན་ཞིག་ཡིན་པས་ནམ་ཡང་ བོད་སྐད་ཡིག་གི་ལས་དབང་དང་མཉམ་དུ་སྡུག་མཉམ་འཁུར་དང་སྐྱིད་མཉམ་གཏོང་བྱེད་རྒྱུ་ལས་འདི་ལྟ་བུའི་དཀའ་སྡུག་ཆུང་ངུའི་མདུན་དུ་མགོ་སྒུར་སྡོད་དགོས་དོན་མེད་དོ། །
            སྤྱི་ལོ་༢༠༡༢ལོའི་ཟླ་བ་༧ཚེས་༡༦ཉིན།  རང་ཤོང་ཤག་ཆུང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚོགས་ཀྱི་ངོ་གདོང་།

2012-07-23 དབུ་རུ་དོན་འདུར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།