དགེ་རྒན།

                                        དགེ་རྒན།
       དང་པོ། མིའི་རིགས་ཀྱི་བསམ་བློའི་སྣེ་ཁྲིད་པ་དགེ་རྒན་ཡིན་ལ། རྒྱལ་ཁབ་ཀྱི་མ་འོངས་པའི་བདག་པོ་ཡང་དགེ་རྒན་ཡིན། མདོར་ན་འཛམ་གླིང་འདིའི་བདག་པོ་ངོ་མ་དེ་སུ་ཡིན་ནམ་ཟེར་ན། དེ་ནི་བླང་དོར་གྱི་གནད་སྟོན་ཤེས་པའི་དགེ་རྒན་འབའ་ཞིག་གོ་ཞེས་ཁོ་བོས་གླེང་འདོད་བྱུང་།
      གཉིས་པ། བྱ་སྤྱོད་དང་བསམ་པའི་ལམ་སྟོན་གྱི་སྒྲོན་མེ་ཡིན་ལ། ཤེས་རིག་གི་ལང་ཚོ་གསོ་བར་བྱེད་པའི་ཚེ་སྲོག་ཅིག་དང་། འཇིག་རྟེན་འདི་མུན་པ་ནས་སྣང་བའི་ཕྱོགས་སུ་འདྲེན་བྱེད་ཀྱི་ཕོ་ཉ་དང་པོ་དེ་ཡང་དགེ་རྒན་ཡིན།
     གསུམ་པ། བྱིས་པའི་སེམས་ཁམས་གསོ་བའི་རིན་ཆེན་གྱི་རིལ་བུ་ཡིན་ལ། དར་མའི་ལང་ཚོ་སྨིན་བྱེད་ཀྱི་བདུད་རྩི་ཡང་ཡིན། མདོར་ན། རྒན་བྱིས་བར་གསུམ་གྱི་རྣམ་ཤེས་སུ་ནམ་ཡང་འཐིམ་ངེས་པའི་མི་མངོན་པའི་སྲོག་རླུང་ཞིག་ཀྱང་ཡིན།

                             དགེ་རྒན།
    དང་པོ། མིའི་ཚེ་སྲོག་ལ་ཧམ་ཟ་བྱེད་མཁན་གྱི་ལག་དམར་བ་ཞིག་ཡིན་ལ། རྒྱལ་ཁབ་དང་མི་རིགས་ཕུང་ལ་སྦྱོར་བྱེད་ཀྱི་གཏེ་བོ་ཡང་དགེ་རྒན་ཡིན། མདོར་ན། གོ་ལ་འདི་ཤུལ་མེད་དུ་བཟོ་མཁན་གྱི་འབར་རྫས་ངོ་མ་དེ་སུ་ཡིན་ནམ་ཞེ་ན། དེ་ནི་རྣམ་དཔྱོད་བློ་མིག་ལྡོང་བའི་དགེ་རྒན་དེ་ཁོ་ནའོ་ཞེས་ཁོ་བོས་གླེང་།
    གཉིས་པ། བསམ་ངན་སྦྱོར་རྩུབ་ཀྱི་མགོ་འདྲེན་དེ་ཡིན་ལ། ཤེས་རིག་བང་མཛོད་མེ་ལ་སྲེག་མཁན་གྱི་སྲེག་ཟ་དང་། འཇིག་རྟེན་མུན་པ་ནས་མུན་པའི་མཐའ་རུ་སྐྲོད་མཁན་ཡང་དེ་ཉིད་ཡིན།
    གསུམ་པ། རྒན་བྱིས་བར་གསུམ་གྱི་སེམས་ཀྱི་ཚེར་མ་ཡིན་ལ། ཤེས་རིག་ལང་ཚོ་རྒུད་བྱེད་ཀྱི་དུག་རྫས་ཀྱང་ཡིན། མདོར་ན། གོ་ལ་འདིའི་ཆེས་གདུག་རྩུབ་ཅན་གྱི་ཆོས་ཅན་ཞིག་ཡོད་པ་ནི་ལོང་བའི་ཁྲོད་ཀྱི་ལོང་བ་སྟེ། བླང་དོར་གྱི་གནད་ཕྱིན་ཅི་ལོག་ཏུ་སྟོན་མཁན་གྱི་དགེ་རྒན་དེ་དག་གོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་རྒན།

2012-07-21 བསེ་རུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།