ཚེར་མའི་མེ་ཏོག

དགའ་བཀྲ་ཤིས་རྡོ་རྗེ།༼ཅི་ནེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-21

ང་ཁྱོད་ཀྱི་འགྲམ་ལ་ཁ་རོག་གེར་ཡོང་ནས་ཁ་རོག་གེར་བུད་སོང༌།
ང་ཁྱོད་ཀྱི་སེམས་ལ་ལྷོད་ཀྱིས་བབས་རྗེས་ལྕགས་ཐག་རིང་མོ་ཞིག་དྲུད་ནས་བུད་སོང༌།
ནམ་མཁའི་ཟླ་བ་དང་ས་གཞིའི་མེ་ཏོག་གིས་ཀྱང་མ་ཚོར་བའི་མཚན་ལྗོངས་རིང་མོ་དེ ། ཁྱོད་ཀྱིས་བརྗེད་མི་ཐུབ་ལ་ང་ཡིས་བོར་མི་སྲིད།
བདག་གི་ཤ་ཁྲག་ན་འཐིམ་པའི་ཚེར་མའི་མེ་ཏོག   བདག་གི་རུས་གཏིང་ན་ཟུག་པའི་ཚེར་མའི་མེ་ཏོག  ད་ལྟ་ངས་ལོ་ཟླ་ག་གེ་མོ་དེ་དྲན་གི་འདུག བརྩེ་དུང་ལ་དབུ་ཁྱུད་འབྲི་བའི་རེས་གཟའ་ག་གེ་མོ་དེ་དྲན་གི་འདུག   ད་དུང༌།ལྷད་མེད་པའི་སེམས་པ་དང་དྭངས་གཙང་གི་སྐད་ཆ།སྤྱིར་བཏང་གི་བརྩེ་དུང་ལས་ཐོལ་གྱིས་བརྒལ་、བའི་མི་སེམས་ཀྱི་ནང་རོལ་དེ་དྲན་གི་འདུག
ཁྱོད་རང་བདག་གི་མིག་ལམ་ན་ཁྲུང་ཁྲུང་དཀར་མོ་གཤོག་ཡག་མ་བཞིན་ཁད་ཀྱིས་འཕུར་ཡོང་སྟེ་སྲིང་ བལ་འཇམ་པོ་ཞིག་གི་ཚུལ་གྱིས་འབབ་དུས།ངས་ཁྱོད་རང་ཆང་དཀར་དམ་བེ་གང་ཡིན་པ་གཞི་ནས་རྟོཊ་བྱུང༌།
ང་ཡི་གཉིད་ཀྱི་བདེ་བ་བཅོམ་སོང༌།  ཚེར་མའི་མེ་ཏོག   ང་ཡི་ངག་གི་མགྲིན་པ་བརྣངས་སོང༌། ཚེར་མའི་མེ་ཏོག    སེམས་པ་དམར་པོ་དེ་གས་གཏོར་བྱུང་ནས་མར་ལྷུང་གྲབས་འདུག   ཚེར་མའི་མེ་ཏོག  ཁྱོད་རང་བདག་གི་མཁའ་དབྱིངས་ན་ལྡིང་བསྐོར་རྒྱག་གི་འདུག  ཚེར་མའི་མེ་ཏོག   ཁེར་རྐྱང་ནི་བདག་གི་མཚན་མོའི་ཁྱིམ་མཚེས་མ་དེ་རེད་ཡ།    ཚེར་མའི་མེ་ཏོག
ད་ལྟ་འུ་གཉིས་ཀྱིས་གླང་རྫི་དང་ཐགས་མོའི་གཏམ་རྒྱུད་སྐྱོང་དགོས་ཨང༌།
མུན་ནག་ཁྲོད་ང་རང་འཇབ་ཀྱིན་འཇབ་ཀྱིན་ཁྱོད་ཀྱི་ཕྱོགས་སུ་ཆས།
མུན་ནག་ཁྲོད་ང་རང་གད་འོག་ལ་ལྷུང་གིན་ལྷུང་གིན་ཁྱོད་ཀྱི་ཕྱོགས་སུ་ཆས།
སེམས་ཀྱི་བྲེལ་འཚུབ་དྲགས་ཏུ་འབར་བས།ང་རང་རྒྱུག་གིན་རྒྱུག་གིན་སྲང་ལམ་དུ་སླེབས་བྱུང༌།
བདེན་རྫུན་གྱི་མི་ཁ་ནག་པོ་རླུང་བུ་བཞིན་རྒྱུ་དུས།ཁྱོད་རང་འཁུར་འགྲོ་ལ་ང་ཡང་འཁུར་འགྲོ།  “མི་ལ་མྱི་ཁ་མེད་ན་ཤི་བོ་ཡིན་”ཟེར་རུང་ངས་རང་ནུས་ཡོད་དགུས་ལྷན་པ་རྒྱགས་ཀྱི་ཡོད། ཚེར་མའི་མེ་ཏོག
“ཁྱོད་ནི་བདག་གིས་ལྟེབ་མ་ཚར་བའི་ཉལ་ཐུལ་དེ་ཡིན་ལ་ང་ནི་ཁྱོད་ཀྱི་དྲོད་མ་ཡལ་བའི་སྔས་འགོ་དེ་ཡིན །” ལས་ཀྱི་ཐོད་པའི་རི་མོ་གཅིག་ཏུ་མ་འཁེལ་རུང༌།  ངས་བསམ་བློ་གཏོང་གི་ཡོད།  ཚེར་མའི་མེ་ཏོག   ངས་ཁྱོད་ཀྱི་མིང་ཡིག་བཞི་བོ་ཡིག་ནོར་མེད་པར་གསལ་བོར་བྲིས་ཏེ་རི་ཁ་སོ་སོའི་རྩེ་མོ་དང་སྡོང་མགོ་ལ་དྲན་ཤིང་གི་ཚུལ་དུ།དཔུང་རྒྱན་བཞིན་བཏེགས་ཡོད་ན་ཁྱོད་རང་ཁྲོང་ཁྲོ་མི་ལངས་བར་ཞུ།ཁྱོད་ཀྱི་ཡོད་ཚད་ནས་ཡོད་ཚད་དྲན་གི་འདུག   ཚེར་མའི་མེ་ཏོག
ཁྱོད་རང་བདག་གི་འགྲམ་ན་ཡོད་དུས་ངས་ཁྱོད་རང་དྲན་མ་མྱོང་ལ།
འགྲམ་ནས་རྒྱང་དུ་ཆས་དུས་ཁྱོད་རང་སྙན་ངག་གི་བརྗོད་བྱ་གསོན་པོ་ཞིག་ཏུ་གྱུར་སོང༌།
དེ་དུས་བསམ་གཞིག་གི་མཚོ་མོ་དགུང་དུ་འཕྱུར་ནས་རེ་རྩེའི་ཁ་བ་དཀར་པོ་དེ་མར་ལྷུང་གི་འདུག
ཚེར་མའི་མེ་ཏོག ནམ་ཡང་གསོན་ཤུགས་དང་འདབ་མ་རྒྱས་པའི་ཚེར་མའི་མེ་ཏོགསྔ་མོ་ཞིག་ནས་བཟུང༌།  ངས་ཁྱོད་ཀྱི་མཛེས་སྡུག་གི་པ་ཏྲ་སེམས་སུ་གཉེར་ཞིང་ཡིད་ཆེས་ཀྱི་རེ་སྨོན་མཁའ་རུ་བཏེགས་ཡོད།
སྐབས་དེ་ནས་བཟུང་སུ་དང་གང་གིས་མ་ཤེས་པར་ཁྱོད་ཀྱིས་བདག་གི་ཤ་དྲོད་འཁྱེར་སོང༌།
བདག་གི་བརྩེ་དུང་འཁྱེར་སོང༌།  བདག་གིས་དུས་ཚོད་འཁྱེར་སོང༌། དྲན་སླ་བའང་ཁྱོད་ཡིན་ལ་བརྗེད་དཀའ་བའང་ཁྱོད་ཡིན།  ཡིན་ཡང༌།  ཕྱི་ནང་ནས་གཏམ་གྱི་རླུང་བུ་གཡུག་གཡུག་མ་གནང༌།   སེམས་ཀྱི་རྟ་རྒོད་རྒྱུག་རྒྱུག་མ་གནང༌། 
ཁྱོད་རང་ཡངས་པའི་རྩྭ་ཐང་དང་མཐོ་བའི་གངས་རི་བརྒྱུད་ནས་ཁྲུང་ཁྲུང་བཞིན་འཕུར་ཡོང་ན །
ཁྱོད་རང་མུ་མཐའ་མེད་པའི་རྒྱ་མཚོ་གཤགས་ནས་གསེར་ཉ་བཞིན་འཁྱུག་ཡོང་ན །
ཁྱོད་རང་མཁའ་དབྱིངས་ནས་ཧྲག་སྒྲ་མེད་པར་ཁ་བ་དཀར་པོ་བཞིན་བབས་ཡོང་ན །
ཁྱོད་རང་དུས་ནང་ཡང་ཐེ་ཚོམ་དང་འཇིགས་སྐྲག་གི་སྡོམ་རྒྱ་རུ་ལུས་འདུག་ན །
བདག་གིས་ཁྱོད་ལ་མེ་རི་ཆེན་པོ་དེའི་ཚ་དྲོད་གླེང་དགོས་སམ།
ཡང་ན་ཁ་བ་དཀར་པོ་དེའི་བཞུར་ཚད་བརྗོད་ཨང༌།  ཚེར་མའི་མེ་ཏོག   ནང་ཡང་སེམས་གཏིང་ན་ཚེར་མ་བཞིན་ཟུག་པའི་ཚེར་མའི་མེ་ཏོག 
         2007-10-8ཉིན་ལ་ཕ་ཡུལ་ནས།  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེར་མའི་མེ་ཏོག

2012-07-21 དགའ་བཀྲ་ཤིས་རྡོ་རྗེ།༼ཅི་ནེ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།