ཁྱོད་ཀྱིས་འབྲོང་ཁེས་ནས་ཕྱི་མིག་ཅིག་བལྟས་པས།ང་ཡི་ཡ་ཆུང་ལ་སེམས་གཅོང་ཞིག་བསྣན་བྱུང་།

གཙང་སྐྱེས་རོལ་དབྱངས།༼མགོ་ལོག༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-20

  ༢༠༠༩ལོའི་<<གངས་རྒྱན་མེ་ཏོག>>དེབ་གཉིས་པའི་ཐོག་བཀོད་པའི་གཉའ་གོང་ལྷ་བྷའི་སྙན་ངག་<<འབྲོང་ཁེས་ནས་དབང་མེད་དུ་ཕྱིར་མིག་ཤོར>>ཞེས་པའི་བརྩམས་ཆོས་དང་དབྱེར་མེད་དུ་འདྲེས་པའི་བསམ་བློ་དང་སྙན་ངག་གི་བྲོ་བ་དེ་ཀློག་པ་བོ་ཡོངས་ཀྱི་སྤྱན་སྔར་འགྲེམ་སྟོན་བགྱི་བའི་ལས་ལ་འཇུག་གོ།
  “སྐད་ཅིག  སྐད་ཅིག་ལ་འབྲོང་ཁེས/སྒྲོག་གུ་བརྟོལ་བ་བཞིན་གྱི་དུས་སྐབས་དེར/དབང་མེད་དུ་ཕྱིར་མིག་ཤོར”དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད་པ་ཁྱོད་ཀྱིས་ཤེས་སམ།   དེ་ནི་མི་སུ་ཞིག་ཡིན་ཡང་རང་གི་ཐོག་མའི་ངུ་སྐད་ཀྱི་དབྱངས་རྟ་རླུང་ལ་སྤུར་ཞིང་།  ཐ་མའི་མགོ་རུས་ཀྱི་དུམ་བུ་ས་ལ་འཐིམ་སའི་ཕ་ས་ཕ་ཡུལ་ལ་སུ་ཞིག་མི་དུང་།  ད་དུང་བླ་ན་མེད་པའི་དུང་ཞེན་དང་བརྩེ་སེམས་ཀྱི་ཀློང་ན་ཡིབ་པའི་ཕ་ས་ཕ་ཡུལ་དེ་ས་རྡུལ་སྐྱ་བོ་ཞིག་གི་ཁུད་ན་ཉལ་ཞིང་། གད་སྙིགས་རྫོབ་པོ་ཞིག་གི་འོག་ན་གཟིམས་པའི་སྣང་ཉམས་སྐྱོ་བོ་དེ་སུ་ཞིག་གིས་སེམས་ནས་བཟོད་ཐུབ།  མིའི་སྤྱི་འགྲོས་དེ་ལས་ལྷ་བྷེ་ཁོ་ཡང་འདའ་མ་ཐུབ་པར་འབྲོང་ཁེས་སུ་ཤར་བགྲོད་བྱེད་པའི་སྐབས་དེ་དག་ལའང་དབང་མེད་དུ་ཕྱི་མིག་ཤོར་བའི་སྣང་ཚུལ་དེ་ལས་ཁོའི་སེམས་ཁོང་གི་དུང་ཞེན་ཟབ་མོ་སྤྱིར་བཏང་གི་གནས་ཚུལ་ཞིག་བརྗོད་པ་བརྟེན་ནས་ཆེས་བླ་ལྷག་ཏུ་མཚོན་པར་བྱས་འདུག  འདི་ནི་དམངས་ལ་ཁ་བྱང་དུ་སོང་བའི་སྐད་ཆ་ཚིག་ག་གཅིག་སྙན་ངག་པའི་ལག་ཏུ་ཤོར་ན་ད་གཟོད་གསོན་ཉམས་ལྡན་ཞིང་ཡོད་ཚད་མཚོན་ནུས་པའི་སྣང་བ་ཞིག་སྟེར་བ་ནི་སྙན་ངག་པའི་ཚོར་བ་རྣོན་པོས་གང་ཞིག་ལ་འོས་ཤིང་འཚམ་པའི་གནས་ཚུལ་མཐོང་ནས་བཀོད་སྒྲིག་བྱས་པ་ཙམ་ལས་རྒྱུ་མཚན་ཆེན་པོ་ཞིག་ཕུགས་སུ་མེད་ལ། མཚོན་ཐབས་འདི་འདྲ་ཞིག་ཡིན་ཞེས་མིང་འདོགས་པའང་ངལ་བའི་རྒྱུ་སྟེ།  སྙན་ངག་པའི་སེམས་འགྱུ་མཚོན་པའི་ཐབས་རྩལ་རེ་རེ་འདི་ཙམ་ཡིན་ཞེས་སུ་ཞིག་གིས་ཚད་བཟུང་བྱེད་ནུས། དེས་ན་སྤྱི་ལ་ཁྱབ་པའི་མིང་ཞིག་བཏགས་ན་འདི་དག་ལ་མཚོན་ཐབས་མེད་པའི་མཚོན་ཐབས་ཅེས་འདོགས་རིགས་ཤིང་།   དེ་ནི་བུད་མེད་རྣམ་རིག་ཅན་ཚོས་གོས་དང་རྒྱན་ལས་འགོངས་པའི་མི་སེམས་འགུགས་པའི་ཐབས་རྩལ་དུ་རང་གི་ལུས་ཕུང་ལས་གནས་གང་ཞིག་གི་ཕྱོགས་ཙམ་རེ་ཕྱིར་མངོན་དུ་འཇུག་པའི་སྣང་ཚུལ་དང་གཅིག་འདྲ་རེད།  དཔེ་དོན་འདི་གཉིས་སྦྱར་ནས་གླེང་ན་སྙན་ངག་པས་ཆེས་སྤྱིར་བཏང་གི་སྐད་ཆ་ཞིག་གི་ཟུར་ཙམ་དྲངས་ནས་སྙན་ངག་ལ་རང་བཞིན་གྱིས་བྲོ་བ་ཞིག་བསྣན་པ་དང་། བུད་མེད་རྣམ་རིག་ཅན་ཚོས་ཆེས་སྤྱིར་བཏང་གི་ལུས་ཕུང་གི་ཕྱོགས་ཙམ་བསྟན་ནས་རང་ཤུགས་ཀྱིས་མཛེས་ཉམས་ཤིག་ཐོན་དུ་བཅུག་པ་རེད།   དེ་ལྟར་སྙན་ངག་དེའི་སྒྱུ་རྩལ་མཚོན་བྱེད་ཀྱི་མཚོན་ཐབས་གང་རེད་ཅེ་ན་མཛུབ་མོ་འཛུགས་ས་ཞིག་མེད་པར་སྤྱིར་བཏང་གི་ཚིག་ཙམ་དང་། བུད་མེད་དེའི་མཛེས་ཉམས་སྟོན་བྱེད་འདི་རེད་ཅེས་བརྗོད་དུ་མེད་པར་རང་བཞིན་གྱི་ཤ་ཙམ་བསྟན་པ་ཡིན།  དེ་ལྟ་ནའང་མཚོན་ཐབས་འདི་རེད་ཅེས་བཤད་དུ་མེད་པའི་སྙན་ངག་དེས་རྩོམ་པ་བོའི་སེམས་གཤིས་ཀྱི་ཚོར་འདུ་ཆེས་ཟབ་ས་ནས་མཚོན་ཡོད་ལ། མཛེས་སྡུག་འདི་རེད་ཅེས་སྟོན་དུ་མེད་པའི་སྣང་ཚུལ་དེས་བུད་མེད་ཀྱི་མཛེས་ཉམས་མངོན་སུམ་དུ་བསྟན་ཡོད།  དེའི་ཕྱིར་འདི་ནི་མཚོན་ཐབས་མེད་པའི་མཚོན་ཐབས་དང་མཛེས་སྡུག་མེད་པའི་མཛེས་སྡུག་རེད་ཅེས་བརྗོད་པ་ཡིན་ལ། དེ་ལྟ་བུའི་ཐབས་དེ་སྙན་ངག་པ་དང་བུད་མེད་རྣམ་རིག་ཅན་དག་མ་གཏོགས་མི་མང་བོ་ཞིག་གིས་ཤེས་རྟོགས་མི་ཐུབ་པས།  ཁོ་ཚོ་ཁོ་ནར་དབང་བའི་སྒྱུ་རྩལ་ཞིག་ཏུ་གྱུར་ཅིང་སྒྱུ་རྩལ་དེའི་འཐེན་ཤུགས་དང་མཉམ་དུ་ཁོ་ཚོ་མིས་དོ་སྣང་དང་ཉམས་འཇོག་བྱ་ཡུལ་དུ་རང་ཤུགས་ཀྱིས་གྱུར་པ་ཡིན་ནོ།། དེ་ལྟར་སྙན་ངག་པ་ཞིག་གིས་ཕྱི་མིག་བལྟ་དགོས་པའི་རྒྱུ་མཚན་དང་མཁའ་དབུགས་ལྟ་བུའི་སེམས་ཚོར་ཅུང་གླེང་ནས་སྙན་ངག་པས་འབྲོང་ཁེས་ནས་ཅི་ཞིག་མཐོང་བའི་ཚུལ་ལ་ང་ཚོས་བལྟ་བར་བྱ།  
  “འབྲོང་ཁེས་ནས་ངས་ཕྱིར་མིག་གིས་ཟིན་པ་ནིདགུན་གཞུང་གི   རྨ་ཆུའི་རྫོང་མཁར་དང་རྨ་ཆུ་སྔོན་མོ/ཡོ་རོབ་གླིང་གི་རྩྭ་ས་ཨང་དང་བོ/རྟ་མཆོག་གི་ཕ་ས/ས་རྡུལ་སྐྱ་བོ་ཞིག་གིས་བཏུམས་ནས་མཐོང་མི་ཐུབ་པ་དེ་རེད”། སྙན་ངག་པའི་མིག་ལམ་དུ་སྣང་འོངས་པ་ནི་འཛམ་གླིང་གི་རྒྱ་ཕིབས་ལྟ་བུའི་མདོ་དབུས་མཐོ་སྒང་གི་ཆེས་མཛེས་ས་དང་སྐྱིད་སའི་རྨ་ཆུ་རྩྭ་ཐང་ཡང་དགུན་དུས་སུ་ས་རྡུལ་མོག་པོ་ཞིག་གིས་ཡོངས་སུ་གཡོགས་ཡོད་པའི་དོན་དངོས་ཀྱི་སྣང་ཚུལ་འདིས།ས་སྒང་འདི་ནས་གཙང་སིང་ངེར་ཡོད་པའི་ས་ཆ་སྤར་མོ་གང་དང་། མཁའ་དབུགས་ཁམ་བུ་གང་ཡང་མི་རྙེད་པའི་གནས་ཚུལ་ཞིག་བདེན་དཔང་བྱས་འདུག
  གནས་ཚུལ་དེའི་གནོན་ཤུགས་དང་ལྷན་དུ་སྙན་ངག་པ་ཁོང་གི་ཡ་ཆུང་ཡང་ས་རྡུལ་ལྟ་བུའི་ཚོར་བ་ཞིག་གིས་བཏུམས་ཤིང་།  ཚོར་བ་དེའི་ཀློང་ནས་ཏག་ཏག་ས་རྡུལ་གྱིས་
གཡོགས་པའི་རྩྭ་ཐང་མོག་པོ་དེ་ཁོང་གི་མིག་གིས་འཚོ་དགོས་དོན་ཅི་ཞིག་ཡིན་ནམ།  དེ་ནི་ས་སྒང་འདི་ན་འཚོ་བའི་སྲོག་ཆགས་མཐའ་དག་ལ་རྔུབ་ན་ཆོག་པའི་མཁའ་
དབུགས་གཙང་མ་ཁམ་བུ་གང་ལྷག་ཡོད་པ་དེ་ལའང་ཉམས་དམས་ཐེབས་ཀྱིན་ཡོད་པས་མ་ཡིན་ནམ།  སྙན་ངག་པ་ཁོང་གི་མིག་དབང་དུང་ཞེན་ཞིག་གིས་རྩྭ་ཐང་དུ་
དྲངས་པ་ཡིན་མོད།  རྩྭ་ཐང་གིས་ཁོང་ལ་གནང་བ་ནི་ན་ཟུག་རྐྱང་རྐྱང་གི་ཚོར་བ་ཞིག་རེད།  ན་ཟུག་དེ་ནི་འཛམ་གླིང་སྤྱིའི་བདེ་སྡུག་ལ་ཐུགས་སེམས་བཏང་བའི་ན་ཟུག་ཅིག་ཡིན་པས་ཁོང་གི་རྒྱ་ཆེ་བའི་བསམ་བློའི་ཟུར་ངོས་ཞིག་གིས་བརྩམས་ཆོས་ཧྲིལ་བོ་ལ་སྔར་མེད་པའི་རིན་ཐང་དང་བཀྲག་མདངས་ཤིག་བསྣན་འདུག  འདི་ལྟ་བུའི་བསམ་གཞིག་གི་གྲུ་ཁ་ནས་སྙན་ངག་པའི་ཚོར་བ་རྣོན་པོས་བདེན་དོན་གྱི་གནས་ལུགས་ཤིག་ཐོལ་གྱིས་དྲངས་ནས་ང་ཚོར་བཤད་པ་ནི།  “ས་རྡུལ་འདི་གང་ནས་ལངས་ཤིང་གང་དུ་འབབ་བམ།མི་རྣམས་ཀྱིས་བཀྲུ་བཞིན་པའི་ངོ་གདོང་ལ་འབབ་བམ”དེ་ལྟར་འབབ་པ་ཡིན་མོད། མཐོ་རིམ་སྲོག་ཆགས་མི་རྣམས་ཀྱི་བྱ་སྤྱོད་དེ་དྲན་པས་ཁོང་ཅུང་ཙམ་དགོད་ཁ་ཤོར་ཡོད་ངེས།  ང་ཚོས་ཁ་ངོ་རུ་ས་རྡུལ་ཆགས་དུས་ནམ་རྒྱུན་ཆུ་ཡིས་བཀྲུ་བའམ་ཡང་ན་ཟས་ཤོག་ཅིག་གིས་གཙང་མ་བྱེད་པ་ལས།  ས་རྡུལ་དེ་འབྱུང་བའི་རྒྱུ་ལ་བསམ་གཞིག་དང་ཐག་གཅོད་བྱེད་པའི་ཐབས་ལམ་ལག་བསྟར་མི་བྱེད་པ་ཅི་ཞིག་ཡིན་ནམ།  སྐབས་འདིར་ཁོང་གི་སེམས་སུ་དྲན་བཞིན་པ་ནི་ད་ལྟ་ནས་འགོ་བརྩམས་ཏེ་རང་ཉིད་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་།  མིའི་རིགས་ལའང་དེ་ལྟར་གྱིས་ཞེས་སྐད་གསང་མཐོན་པོས་ཐེངས་གཅིག་བོས་ན་འདོད་པའམ་སྐབས་དེར་སྙན་ངག་པ་ཁེར་རྐྱང་ཡིན་ན་“ཁོར་ཡག་གཙང་སྦྲ་གྱིས”ཞེས་པའི་ཀི་སྒྲ་ཞིག་ཁོང་གི་ཚོར་རླབས་དང་ལྷན་དུ་རླུང་ལ་སྤུར་ཡོད་ན་ཐང་།  གང་ལྟར་རྩོམ་པ་བོས་འཛམ་གླིང་ལ་དོ་ཁུར་དང་རང་ཉིད་ནས་འགོ་རྩོམ་པའི་འདུ་ཤེས་དེས་སྙན་ངག་པའི་གཤིས་ཀ་ངོ་མ་དེ་སྙན་ངག་དང་གཉིས་མེད་རོ་གཅིག་ཏུ་འདྲེས་སུ་བཅུག་ཡོད་པས།    སྙན་ངག་འདི་ཚོར་བ་ཞིག་ཤོག་ངོས་སུ་བཤམས་པའི་སྣང་བ་སྐྱེས་ཤིང་། ཚོར་བ་འདི་སྙན་ངག་དང་ཐ་དད་མེད་པའི་སྒྱུ་འཕྲུལ་ཞིག་གིས་ང་ཚོའི་ཡིད་སེམས་དབང་མེད་དུ་བཀུག་པ་རེད་སྙམ།    ཐེངས་འདིར་སྙན་ངག་པ་ཁོང་ས་དེར་བསླེབས་དུས་ཀྱི་རྣམ་པ་འདི་འདྲ་ཞིག་རེད།
  “སྐད་ཅིག  སྐད་ཅིག་ལ་འབྲོང་ཁེས/སྒྲོག་གུ་བརྟོལ་བ་བཞིན་གྱི་དུས་སྐབས་དེར/དབང་མེད་དུ་ཕྱིར་མིག་ཤོར/འབྲོང་ཁེས་ནས་ངས་ཕྱིར་མིག་གིས་ཟིན་པ་ནི/དབྱར་གཞུང་གི /མེ་ཏོག་དང་རྩྭ་ལྗང་གི་མགོ་ན/འཕུར་སྐྱོད་བྱེད་ཀྱིན་པའི་འགྱིག་ཤོག་དང་གད་སྙིགས་སྣ་ཚོགས/ཡབ་ཆེན་སུ་དང་ཡུམ་ཆེན་གང་གི་ཟུམ་བཞིན་པའི་མིག་ཟུང་དེ་ཡིན”
ཅིའི་ཕྱིར་སྙན་ངག་པ་ཞིག་གི་ཕྱི་མིག་ཡང་དང་བསྐྱར་དུ་རྨ་ཆུའི་རྩྭ་ཐང་ལ་ཤོར་ཞིང་།འགྱིག་ཤོག་དང་གད་སྙིགས་དེ་དག་ཁོང་གི་མིག་ལ་གཟན་པ་ནི།  དུང་ཞེན་ཟབ་མོ་ཞིག་ཡོད་པའི་བདེན་དཔང་ལས་ཅི་ཡང་མིན་ལ་དོ་ཁུར་ཆེན་པོ་ཞིག་བྱེད་པའི་ཏན་རྟགས་ལས་ཅི་ཡང་མ་ཡིན།  མདོར་ན་སྙན་ངག་འདིའི་ཁུད་ན་རྩྭ་ཐང་ལ་བཅངས་པའི་བརྩེ་ཞེན་དང་འབག་བཙོག་གིས་བཟོས་པའི་ན་ཟུག་གི་ཚོར་བ་གཉིས་འགྲན་པ་བཞིན་འཕག་གིན་ཡོད་པའི་སྣང་བ་ཞིག་སྟེར་བ་ནི།  ཁོང་གི་ཚོར་འདུ་དེ་ཤུགས་དྲག་ཅིང་ཁོང་གི་མཚོན་ཐབས་དེ་གནད་ལ་ཁེལ་བས་ཡིན་འདུག  ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་མཐོང་རྒྱ་ཆེ་མདོག་དང་རང་བྱུང་ཁམས་ལ་དགའ་ཞེན་ཡོད་མདོག་བྱེད་པའི་ལྗོངས་རྒྱུ་བ་མང་བོ་ཞིག་ས་འདིར་བསླེབས་ཤིང་།  མེ་ཏོག་དང་རྩྭ་སྔོན་རྡོག་པས་མནན་ཞིང་འགྱིག་ཤོག་དང་གད་སྙིགས་གང་སར་གཏོར་ནས་འགྲོ་ཐེངས་རེར།  སྙན་ངག་པ་ཁོ་དང་ཁོང་འདྲ་བའི་དོ་ཁུར་གྱི་འདུ་ཤེས་ཡོད་པ་དག་ལ་རང་གི་མགོ་ཐོག་ཏུ་སྤོས་པ་འདྲ་ཞིང་རང་གི་བྲང་ཐོག་ཏུ་གཏོར་བ་འདྲ་བའི་ཚོར་བ་རེ་ཅིས་ཀྱང་སྐྱེ་བས་སྙན་ངག་འདི་ཚོར་བས་ཟིན་ན་ཆོག་པའི་རྒྱུ་མཚན་ཞིག་ཀྱང་དངོས་སུ་གྲུབ་འདུག   ད་དུང་ཀློག་མཁན་དག་གིས་ཀྱང་ཚོར་བ་ཆེས་རྣོན་པོ་ཞིག་གིས་ཞིབ་ལྟ་བགྱིས་ན་གཉའ་
གོང་ལྷ་བྷེའི་སེམས་ཀྱི་གཏིང་རིམ་ན་གད་སྙིགས་དང་ས་རྡུལ་དེ་དག་གིས་བསྐྱེད་པའི་ན་ཟུག་ལས་བརྒྱ་འགྱུར་གྱིས་ལྕི་བའི་ཚོར་བ་ཞིག་ཕར་གཡོ་ཚུར་འཁྱོམ་བྱེད་པ་ནི།  “ཡབ་ཆེན་སུ་དང་ཡུམ་ཆེན་གང་གི་ཟུམ་བཞིན་པའི་མིག་ཟུང་དེ”མི་རིགས་ཤིག་གི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བསམ་བློ་ཉམས་དམས་སུ་འགྲོ་བཞིན་པའི་སྣང་ཚུལ་ལམ་
འགྱིག་ཤོག་དང་གད་སྙིགས་དེ་དག་གང་ནས་གང་དུ་སོང་ཡང་ཡབ་ཆེན་དང་ཡུམ་ཆེན་སུས་ཀྱང་མི་མཐོང་བའི་ཚུལ་དེས།  སྙན་ངག་པའི་སེམས་ཀྱི་གཏིང་ལ་ཆེས་བཟོད་པར་དཀའ་བའི་ན་ཟུག་ཅིག་བཟོས་ཡོད།  དེ་ནི་ཁོང་ལ་ཁག་ཅི་ཡང་མེད་དེ་བོད་མི་རིགས་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཀྱི་མཁའ་དབུགས་སྟུག་པོ་ཞིག་ཡོད་
པས། ས་སྒང་འདི་ནས་འཛམ་གླིང་གི་བགོ་སྐལ་ལྟ་བུར་མདོ་དབུས་ནས་ས་ཆུ་གཙང་མ་ཞིག་ལྷག་ཡོད་པ་དེའང་འདི་ལྟར་ཡལ་འགྲོ་བའི་གནས་ཚུལ་དེ་ལྷག་བསམ་དང་དོ་
ཁུར་གྱི་བསམ་བློ་ཡོད་པའི་སྙན་ངག་པ་སུ་ཞིག་གིས་བཟོད་ཐུབ།  དེ་ནི་ཁོང་གི་སྙན་ངག་ཏུ་གད་སྙིགས་ཀྱི་ཚོགས་གང་ནས་ཡོང་ཞིང་གང་དུ་འཚང་ངམ/མི་རྣམས་ཀྱི་ཕྱི་བཞིན་པའི་སེམས་མལ་དུ་འཚང་ངམ་ཞེས་རང་ཅག་ལ་དྲི་བ་བཏོན་པ་ལྟར།  ཏག་ཏག་ང་ཚོ་བོད་མི་རིགས་ཀྱི་སེམས་སུའང་དུས་རབས་ཤིག་གི་འཕོ་འགྱུར་དང་ལྷན་དུ་ཁོར་ཡུག་བདག་སྐྱོང་གི་འདུ་ཤེས་མི་དགོས་པའི་བསམ་ཚུལ་དང་ལྟ་ཚུལ་ཡ་ང་བ་ཞིག་འཚང་འོངས་པའི་ཚུལ་ལ་བསམ་ན།  ལྗང་མདོག་གི་འཇིག་རྟེན་དང་སྣོད་བཅུད་འཆམ་མཐུན་ལྟ་བུའི་ཁ་གཡང་དེ་དག་ལ་རེ་བའི་འབྲས་བུ་ཞིག་སྨིན་མི་སྲིད་སྙམ་པའི་གྲང་ཤུར་ཤུར་གྱི་རྟོག་པ་ཞིག་དང་མཉམ་དུ།  ང་ཚོའི་སེམས་ཁམས་ཀྱི་ལྟ་ཚུལ་ངན་པ་དེ་དག་གད་སྙིགས་དང་ལྷན་དུ་གང་སར་ཁྱབ་ཏུ་མི་འཇུག་པའི་འབོད་སྐུལ་ཡང་གནང་ཡོད་པས། སྙན་ངག་པའི་ཚོར་བ་རྣོན་པོ་དང་དོ་ཁུར་གྱི་བསམ་བློ་ཟབ་མོས་ཅི་ཞིག་ཤེས་སུ་འཇུག་པ་དང་། ཅི་ཞིག་བཤད་དུ་འཇུག་པའི་སྙན་ངག་པ་ཁོ་ནར་ཡོད་པའི་གཤིས་ཀ་དེ་སྤྱི་ཚོགས་ཤིག་ལ་ཅི་འདྲའི་མཁོ་ཨང་སྙམ་པའི་ངོས་འཛིན་གསར་བ་ཞིག་ཀྱང་ཀློག་མཁན་ལ་སྟེར་བར་བྱེད་པའི་སྙན་ངག་གི་བསླུ་བྲིད་གསར་བ་དེས་སྙན་ངག་དེ་སྙན་ངག་གི་ཁྲི་འཕང་དུ་བཞག་ཡོད།
  ཆེས་མཇུག་མཐའི་སྐད་ཆ་ནི་“འབྲོང་གི་ཁེས་ཁ་ནས་འབུད་དུས་/ངས་འབྲོང་གཅིག་ཀྱང་མཐོང་མ་སོང་བ་གཞི་ནས་དྲན”ཞེས་པའི་ཚིག་རྐང་གཉིས་ཀྱིས་ང་ཚོ་བསམ་གཞིག་གི་གྲུ་ཁ་གཞན་ཞིག་ལ་དབང་མེད་དུ་འདྲེན་པར་བྱེད་ཅིང་།གྲུ་ཁ་དེ་ནས་ཀྱང་ཚོར་བ་གཞན་ཞིག་གི་ཀློང་དུ་དྲངས་འགྲོ་བའི་སྒྱུ་འཕྲུལ་ལྟ་བུའི་ཐབས་རྩལ་ཞིག་གིས་ཀློག་པ་བོའི་བསམ་བློ་བརྩམས་ཆོས་ཀྱི་ཚོར་བ་ལྟར་དབང་མེད་དུ་གཡོ་རུ་འཇུག་ཐུབ།   ཁོ་རང་འབྲོང་ཁེས་ནས་འབུད་དུས་རྭ་བར་ན་ཉི་ཟླའི་འཆར་ནུབ་བརྗེ་ཞིང་།  རྨིག་འོག་ནས་དུས་བཞིའི་ཁ་དོག་འགྱུར་བའི་འབྲོང་བྲེ་སེར་གྱི་གྲིབ་མ་ཙམ་ཡང་མ་མཐོང་བར་མ་ཟད།  སྤོབས་སེམས་ཀྱི་རུ་ཐུར་གཟེངས་ཤིང་དཔའ་ངར་གྱི་གསོན་ཤུགས་རྒྱས་པའི་གནའ་བོའི་འབྲོང་རལ་བ་ཅན་དེ་དག་ཀྱང་གཞི་ནས་ཡལ་བའི་གནས་ཚུལ་རྗེན་པ་འདི་ཀློག་པའི་ལས་ལ་ཐོག་མར་འཇུག་དུས་འབྲོང་དང་འབྲོང་གི་སྣང་བརྙན་གྱིས་སེམས་ཁོང་དུ་དྲོད་སྣང་ལྟ་བུའི་ཚོར་བ་ཞིག་འདྲེན་པར་བྱེད་མོད།   འབྲོང་གཅིག་ཀྱང་མཐོང་མ་སོང་བ་གཞི་ནས་དྲན་པའི་རྩོམ་པ་བོའི་ཚོར་བ་དེ་དང་ཀློག་མཁན་གྱི་ཚོར་བ་གཉིས་གཅིག་ཏུ་གྱུར་ཏེ་སེམས་གཅོང་ཟབ་མོ་ཞིག་ཡ་ཆུང་ནང་སྨུག་སྤྲིན་ལྟར་འཐིབ་ཏུ་འཇུག་པ་ནི་སྙན་ངག་འདིའི་བྲོ་བ་དང་སྒྱུ་རྩལ་དངོས་ཡིན་ལ།  སྙན་ངག་འདིའི་གསེང་གི་འགུག་ཤུགས་དེ་དག་གིས་ཁྱོད་ལ་ཅི་ཞིག་བྱེད་མིན་ནི་ཁྱོད་རང་ལ་སྙན་ངག་གི་མཛེས་ཉམས་ངོ་མ་དེ་མཐོང་བའི་མིག་དབང་ཡོད་མེད་ལ་ཐུག་ཡོད་པ་ཤེས་པར་གྱིས་ཨང་།
                  2010/4/7ཉིན་གྱི་མཚན་མོར་ལག་རྩལ་སློབ་གླིང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཀྱིས་འབྲོང་ཁེས་ནས་ཕྱི་མིག་ཅིག་བལྟས་པས།ང་ཡི་ཡ་ཆུང་ལ་སེམས་གཅོང་ཞིག་བསྣན་བྱུང་།

2012-07-20 གཙང་སྐྱེས་རོལ་དབྱངས།༼མགོ་ལོག༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།