རྨས་མ་དང་མཚོ་སྔོན་པོ།

  མཚོ་སྔོན་པོས་ང་རང་རྨས་བྱུང་།
  ཟླ་བ་གཅིག་ལྷག་གི་སྔོན་དུ་ཁོ་བོ་ཡུལ་གྲོགས་འགའ་ཤས་ཀྱི་ཁ་ལ་བརྒྱུགས་ནས་ཉིན་གཅིག་གི་རིང་ལ་མཚོ་སྔོན་པོར་ལྟ་སྐོར་དུ་བྱིན་པ་ཡིན། སྔོན་ཆད་ལྷ་སར་འགྲོ་བའི་ལམ་བར་དུ་མེ་འཁོར་གྱི་སྒེའུ་ཁུང་ལས་རྒྱང་མཇལ་ཙམ་བྱས་མྱོངས་པ་ལས། ཆེད་དུ་ལྟ་སྐོར་དུ་སོང་བ་ཐོག་དང་པོ་ཡིན། རྩྭ་ཐང་དུ་གཉོམ་ལག་རྒྱས་པའི་ཁོ་བོ་ལྟ་བུར་མཚོན་ན་མཚོ་ཟེར་བའི་རང་བྱུང་ཁམས་ཀྱི་རྟེན་འཚོ་མ་ལག་(生态系统)ཆེན་པོ་འདི་ལ་དུང་བ་བླ་ལྷག་ཅིག་རང་ཤུགས་ཀྱིས་སྐྱེ་བཞིན་འདུག དེ་ནི་རྒྱུ་མེད་རྐྱེན་མེད་ཅིག་མིན་པ་འདྲ་སྟེ། མུ་ཡིས་སྟོང་པ་དང་ཕ་མཐའ་མེད་པའི་ཆ་ནས་མཚོ་དང་རྩྭ་ཐང་གཞི་གཅིག་ཏུ་འདྲེས་ཡོད་པས་ལོས་ཡིན་སྙམ།
    མཚོ་སྔོན་པོས་རང་བྱུང་གི་མཛེས་སྡུག་ལ་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་ཤིན་ཏུ་ཉུང་ལ། ཁྱད་པར་དུ་༢༠༠༥ལོར་ཀྲོང་གོའི་ས་རྒྱུས་དུས་དེབ་ཀྱིས་ཀྲོང་གོའི་མཚོ་ཆེན་ལྔའི་མཆོག་ཏུ་བསྔགས་པ་དེས། མཚོ་སྔོན་པོའི་རང་བྱུང་གི་མཛེས་སྡུག་དེ་མི་རྣམས་ཀྱི་ཚོར་ཤེས་ཀྱི་ཁྱབ་ཁོངས་ནང་གི“མཛེས་པ་”ལས་བརྒལ་ཏེ། དཔྱོད་ཤེས་ཀྱི་རྒྱ་ཁ་ནས་ཀྱང་མདོག་མ་ཤོར་བའི་དན་རྟགས་ཆེན་པོ་ཞིག་ཡིན། ཡིན་ནའང་། བདག་གིས་མཚོ་སྔོན་པོའི་མཐའ་འཁོར་གྱི་གཞིས་སྡོད་བོད་མི་དག་གི་བློ་ངོར་མི་ཤོང་བའི་གཤིས་སྤྱོད་དག་མཐོང་བ་ན། ཁ་ནས་རང་དབང་མེད་པར“མཚོ་སྔོན་པོས་ང་རང་རྨས་བྱུང་”ཞེས་ཐལ་སོང་། གལ་སྲིད་ང་ཡང་ནང་ལོག་གམ་ཕྱི་རྒྱལ་ནས་ཕེབས་པའི་ལྗོངས་རྒྱུ་བ་དེ་དག་ནང་བཞིན་མཚོ་འདིའི་མཐའ་འཁོར་གྱི་མི་དག་ལ་འབྲེལ་བ་སྤུ་ཙམ་མེད་པ་ཡིན་ན། ངས་ཀྱང་ཁོ་ཚོའི་གཤིས་སྤྱོད་ལ་ཁག་དཀྲིས་ནས་མཚོ་སྔོན་པོའི་མཛེས་སྡུག་ལ་དམའ་ཕབ་མི་སྲིད།
  ང་དང་ང་ལྟ་བུའི་བོད་ཕྲུག་ཅིག་མཚོ་སྔོན་པོར་བྱིན་པ་ནི་རང་ཁྱིམ་དུ་ལོག་པ་དང་གཅིག་འདྲ་རེད། དེ་བས། གནས་འདི་ནས་ང་ཚོ་གོ་རིམ་མེད་པར་ཉུལ་ན་འདོད། ང་ཚོས་རང་སྣང་གང་ཤར་གྱིས་བལྟ་ན་འདོད། ང་ཚོས་ཡུལ་སྐོར་ལམ་བུ་གཏན་ཆགས་པ་དག་བརྒྱུད་ན་མི་འདོད། ང་ཚོ་ལ་འཛུལ་སྒོ་(入口)ནས་ནང་དུ་འགྲོ་བ་དང་འབུད་སྒོ་(出口)ནས་ཕྱི་རུ་ཡོང་དགོས་པའི་བཀས་བཅད་མེད། གནས་ལུགས་ལྟར་བྱས་ནས་དེ་འདྲ་ཞིག་ཡིན་འོས་མོད། མཚོ་སྔོན་པོས་ང་ཚོའི་མིག་སྔར་བཤམས་པ་ནི་ཏག་ཏག་ལྡོག་ཕྱོགས་ཀྱི་འཇིག་རྟེན་ཞིག་རེད།
    མཚོ་ཁར་ཐོན་པ་ན། ང་ཚོ་མཚོ་མགོའི་ཡུལ་སྐོར་ས་ཚིགས་སུ་མ་སོང་བར་ཐད་ཀར་གྲོང་འདབས་ཀྱི་མཚོ་ངོགས་སུ་བྱིན་པ་ཡིན། དེ་རུ་ཡུལ་སྐོར་བའི་ཁྱུ་ཚོགས་དང་རྟ་གཡག་སོགས་ལ་སྒ་བསྟད་དེ་གླ་བྱེད་པའི་ས་གནས་ཀྱི་མི་བཅས་ཀྱིས་འདུ་འཛི་ཅུང་ཆེན་པོ་བསྐྲུན་འདུག ང་ཚོས་རྡོག་ཕྲེས་ས་རུ་གཡུགས་རྗེས་འཔྲོ་རིམ་འཕྲོར་པར་བླངས་ཤིང་སོ་སོའི་ངག་ནས་མཚམས་ཚིགས་མེད་པར་“ཨ་ཧ་ཧ” “ཨོ་ཧོ་ཧོ”“ ཙོའུ་ཙོའུ” ་སོགས་མཚོ་སྔོན་པོའི་མཛེས་སྡུག་ལ་ཧ་ལས་ཚུལ་མཚོན་པའི་སྒྲ་འདི་དག་བར་མེད་འབྱིན་པའི་སྒང་དེར། གཡས་ཕྱོགས་སུ་གཡག་དཀར་པོ་སྒ་མ་ཞིག་གི་སྣ་ཐིག་ལ་དམ་པོར་འཇུས་ནས་བསྡད་ཡོད་པའི་བུད་མེད་ཅིག་གིས་ང་ལ་མིག་ལོག་ཅིག་བལྟས་ནས“རེམ་མ་སོང་། དེ་རུ་ཅི་ཞིག་མ་ལོན་ན་ཡོད་”ཅེས་གཤེ་གཤེ་བཏང་ཡོང་། སྐད་ཆ་དེས་ང་ཚོའི་སེམས་པ་འཁྱག་སིབ་སིབ་དུ་བྱས་པར་མ་ཟད། ང་ལ་བོད་ཀྱི་ལྷ་སྒྲུང་ནང་གི་པད་མ་འབྱུང་གནས་ཀྱི་དོང་ཆུའི་ཁ་གཅོད་བྱེད་ཀྱི་རི་བོ་དག་མཚོ་ནང་དུ་འདེད་མཁན་གྱི་འདྲེ་མོ་གདུག་པ་ཅན་དེའང་དྲན་དུ་བཅུག
  ང་ཚོའི་ཁ་ལོ་བ་རྒན་པ་དེས་བོད་པ་ཚོ་ཡུལ་སྐོར་ས་ཚིགས་ཀྱི་འབུད་སྒོ་ནས་རིན་མེད་པར་ནང་དུ་འཛུལ་ཆོག་རབ་བཤད་ཅིང་། ང་ཚོའང་དགའ་སྤྲོ་སྐྱེས་པའི་ཞོར་ལ་དེ་འདྲ་ལོས་ཡིན་སྙམ། འབུད་སྒོར་ཐོན་པ་ན་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱང་འདུག སྒོ་སྲུང་བོད་མོ་ཞིག་གིས་ང་ཚོ་བཀག་སྟེ་ནང་དུ་འཛུལ་མི་ཆོག་ཟེར། ང་ཚོས“ང་ཚོ་བོད་ཡིན། ཅིའི་ཕྱིར་ནང་དུ་འཛུལ་མི་ཆོག”ཅེས་བཤད་པ་ན། བོད་མོ་དེས་དཀའ་ལས་ལ་གཏད་ཡོད་མདོག་གིས“ཁ་སང་ང་ཚོས་ལས་གྲོགས་ཁ་ཤས་ཀྱིས་བོད་མི་གསུམ་བཞི་ཞིག་ནང་དུ་འགྲོ་རུ་བཅུག་པས་ཚང་མ་ལས་གནས་ནས་ཕྱུང་བཏང་”ཟེར། དེར་ང་ཚོས་ཀྱང་བདེན་ཁ་བྱིན་ཏེ་ཕྱིར་ལོག་པའི་ལམ་བར་དུ་ས་གནས་ཀྱི་གསར་བུ་གཉིས་ལ་ཕྲད་ཅིང་། ང་ཚོས་ཁོ་གཉིས་་ལ་ནང་དུ་འཛུལ་མ་ཐུབ་ཚུལ་བཤད་པ་ན། གསར་བུ་གཅིག་གིས་ཅུང་ཁྲོས་པའི་ཉམས་ཀྱིས་“དམྱལ་བ་མ། དེ་སྒོ་སྲུང་ཞིག་མ་རེད། དེ་སྒོ་སྲུང་གི་མགོ་བའི་ཆུང་མ་རེད་”ཟེར། སྐད་ཆ་འདི་གོ་རྗེས་ང་རང་ཅུང་སྐྱོ་བའི་ངང་ནས་བགད་པ་ཡིན།
  དེ་ནས་ཁ་ལོ་པས་ང་ཚོ་ཨར་ལིང་ཅན་(二郎剑)ཡུལ་སྐོར་གནས་ཡུལ་དུ་ཁྲིད། དེ་རུ་ཡང་སྒོ་སྲུང་ཁ་ཤས་ཀྱིས་དཔུང་གུར་ཕིབ་ནས་བསྡད་འདུག ཁོ་ཚོ་ཡང་སྔར་གྱི་འབུད་སྒོའི་སྒོ་སྲུང་དག་དང་འདྲ་བར་ཇི་ལྟར་བཤད་ཀྱང་ནང་དུ་མི་གཏོང་། མཐའ་མར་ང་ཚོ་ཨར་ལིང་ཅིན་ཉེ་འགྲམ་ན་ཡོད་པའི་མ་ཎི་ཁང་གི་གྲྭ་བ་ཆུང་ཆུང་ཞིག་གི་ཆོག་མཆན་བརྒྱུད་དེ་ཡང་བསྐྱར་མཚོ་འགྲམ་དུ་སོང་། གནས་དེ་ནས། ངས་ད་གཟོད་ང་ཚོའི་སྔ་དྲོ་ཧྲིལ་བོའི་གླེན་རྟགས་ཤིག་ཚོར་ཡོང་བ་སྟེ། དོན་དམ་པར་ང་ཚོ་མཚོ་སྔོན་པོར་བལྟ་རུ་ཡོང་བ་ལས་ཡུལ་སྐོར་ས་ཚིགས་ཀྱི་སྒོ་སྲུང་དག་ལ་བལྟ་རུ་ཡོང་ནི་མིན། ཡང་ན། མཚོ་སྔོན་པོ་ནི་ཡུལ་སྐོར་ས་ཚིགས་དེ་དག་ནས་མ་བལྟས་ན་རིག་མི་ཐུབ་པ་ཞིག་ཀྱང་མིན་སྟབས། ང་ཚོས་ལེ་དབར་༦༠༠(མཚོ་སྔོན་པོའི་མཐའ་འཁོར་ལ་ལེ་དབར་༦༠༠་ལྷག་ཅིག་ཡོད་རབ་བཤད།)ལྷག་གི་གནས་གང་ནས་ཀྱང་མཚོ་སྔོན་པོར་མཇལ་ཆོག་པ་མ་ཡིན་ནམ།
  མཚོ་སྔོན་པོ་དང་གྱེས་ཁ་མར། ངས་མཚོ་འགྲམ་གྱི་བོད་མི་གཞིས་སྡོད་པ་དེ་དག་ལ་སེམས་ཀྱི་སྐད་ཆ་ཁ་ཤས་བསྐྱུར་ན་འདོད། ཁྱོད་ཚོས་ཞབས་ཞུ་རང་བཞིན་གྱི་ཚོང་ལས་གཉེར་ན་རྣམ་འགྱུར་ཡག་དགོས། ཐིག་ཐིག་རིག་རིག་ལ་མིག་ལོག་གིས་བལྟས་ན་རང་གི་ཡོང་སྒོ་བཀག་པ་ལས་གཞན་མིན། རང་ངོ་རོགས་ངོས་ཅུང་ཙམ་ཟིན་ནི་བྱོས། “བུ་ཕྲུག་”སྒོ་མདོ་ནས་འགོག་པ་ནི་ཕལ་བའི་མིའི་བློ་ངོར་མི་ཤོང་བ་ཞིག་རེད། རྫུན་མི་སྨྲ་བ་ནི་བོད་ཀྱི་སྲོག་རྒྱུན་སྙིང་སྟོབས་ཤིག་ཡིན། གལ་སྲིད་སྨྲས་པའི་དབང་དུ་བཏང་ནའང་ཕུགས་ཅུང་ཙམ་བརྟན་པར་གྱིས། གོམ་པ་འགའི་ལམ་ནས་རྫུན་ཕུགས་བརྟོལ་སོང་ན་མཚང་དུ་མི་ཆེའམ། སོག་པོ་ཚོས་མཚོ་སྔོན་པོ་ལ་ཁོའུ་ཁོའུ་ནོར་(库库淖尔)ཟེར། དེ་ནི་ཁོ་ཚོའི་ངག་རྒྱུན་ཁྲོད་ཀྱི་མི་བཟང་བོ་ཞིག་གི་མིང་གིས་མཚོ་ལ་བསྙད་སྐད། སྐྱེས་བུ་དེའི་སྙིང་སྟོབས་ནི་ཁྱོད་ཚོའི་མིག་དཔེ་ཞིག་རེད། ངས་ད་དུང་ཁྱོད་ཚོར་འཇུ་སྐལ་བཟང་ལགས་ཀྱི<<རང་ཁྱིམ>>ཚར་ཁ་ཤས་ལ་བཀླག་པར་སྐུལ་པ་ཡིན། བཀླགས་ནས་ཀྱང་དེའི་བསམ་པའི་བརྩེ་དུང་སེམས་ཀྱིས་མྱོང་ཞིང་ཡིད་ལ་འཇགས་པའི་རེ་བའང་བཏོན་པ་ཡིན།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨས་མ་དང་མཚོ་སྔོན་པོ།

2012-07-20 རྨས་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།