ཡིག་ནོར་དགག་སྒྲུབ།

རྨ་ཐོག་རྒོད།༼མདོ་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-18

  ཉེ་བའི་ཉིན་འདི་དག་གི་ཆར། ༼ མཚོ་སྔོ་པོ་བོད་ཡིག་ཟིན་བྲིས ༽ འདིར་ཡིག་ནོར་བྲིས་ན་འགྲིག་མིན་ཐད་དུ་རྒན་གཞོན་ཀུན་ཀྱིས་རྩོམ་ཡིག་ཅུང་བོ་ཞིག་སྤེལ་བཞིན་ཡོད་ལ། འགོ་ཐོན་མི་དང་མཇུག་པྲ་སི་སོགས་ཀྱང་གཟིམ་མལ་བདེ་བར་འཇུག་་གིན་མེད་པར། སྔོན་བྱོན་མཁས་པ་དང་ཡབ་མེས་ཚོས་འབྲི་ཉེས་དང་འཆད་ཉེས། འཐེན་འཁྱེར་སོགས་ཀྱི་དབང་གིས་ང་ཚོ་ཚད་འདིར་གཏུགས་སོང་། ཞེས་རང་གིས་རང་གི་མགོ་ཐོག་ཏུ་སྐྱག་པ་གཏོང་གིན་ཡོད་ཚད་གཞན་ལ་ཁག་དཀྲི་བ་ལས། ང་རང་ཚོས་མ་འཇོན་པ་དང་མ་ཤེས་པ་གཏན་ནས་བཤད་ཀྱིན་མེད། ད་དུང་། ཚིག་སྐམ་བརྗིད་པོ་དང་ཆེ་བཤད་རྒྱས་བཤད་ཏག་ཏག་ལས་གནད་ལ་ཁེལ་བའི་རྩོམ་ཡིག་ལྟ་རིན་ཅན་ཧ་ཅང་དཀོན། དེ་མིན་ང་ཚོ་ཀུན་ཀྱིས་ཤེས་གསལ་མཐོང་གསལ་ལྟར། འདིར་མིག་གིས་ལྟ་ས་དང་སེམས་ཀྱིས་ཉན་ས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ཀྱི་རྐང་འཛིན་པ་རེ་རྐང་གླིང་ཞེས་པའི་ན་གཞོན་རྩོམ་པ་བོ་དེས། ང་ལ་ཡིད་ཆད་དུ་བཅུག་སོང་། ཁོས་ཡིག་ནོར་གཡག་རོ་འདྲ་བ་རེ་བྲིས་ཡོད་པ་གཞན་གྱིས་གཅིག་གཅིག་གཉིས་གཉིས་ཀྱིས་ངོ་སྤྲད་ནའང་། དེ་ལ་བཀའ་དྲིན་ཞུ་བ་ལྟ་ཅི། ད་དུང་ཨུ་ཚུགས་དང་རང་ཚུགས་ནོར་ནས་དེང་ལེན་མི་བྱེད་པར་མ་ཟད། དཀའ་ལས་ཆེན་པོ་བརྒྱབ་སྟེ་ཞང་ཞུང་ཆོས་དབང་གྲགས་པ་སོགས་ཀྱང་ཁྲིད་ཡོང་ནས་རང་གི་ནག་ཉེས་འགེབ་སྲུང་བྱེད་པ་ནི། ངོ་མ་འུ་ཐུག་ཐབས་ཟད་ཀྱི་ལས་ཀ་ཞིག་མ་རེད་དམ། ང་ཚོ་ཀུན་ཀྱིས་དུས་རབས་ཉེར་གཅིག་པའི་ལོ་རབས་ཉི་ཤུའི་ནང་དུ་གུ་ཡངས་དང་སྒམ་དཀྱེལ་དགོས་ཞེས་མགོའི་སྐྲ་གྲངས་བཤད་མེད་ཀྱང་ཁའི་སོ་གྲངས་བཤད་ཡོད་ཁོ་ཐག་ཡིན། རང་མགོར་བབས་དུས་རིག་གནས་སྒམ་དཀྱེལ་གྱི་བསམ་བློ་ཕར་ཞོག ཡིག་ནོར་སྒམ་དཀྱེལ་གྱི་བསམ་བློ་ཞིག་ཀྱང་མེད་པ་དེས། ང་ཚོར་ཅི་ཞིག་གསལ་བཤད་བྱས་སོང་། སྤྱིར་ཡིག་ནོར་དེ་དག་ཁྱོད་ཀྱིས་དེང་ལེན་བྱས་དང་ནའང་། དེས་ཁྱོད་ཉིད་ཡོན་ཏན་པ་མིན་པར་བསྒྲུབ་མི་ཐུབ་ལ་སྙན་ངག་པ་མིན་པར་དེ་བས་ཀྱང་བསྒྲུབ་མི་ཐུབ།
                                                                           ༡
  ཡང་རེ་འགས་ཡིག་ནོར་བྲིས་ན་མི་སྐྱོན་ཚུལ་དང་། ད་དུང་ཡིག་ནོར་འབྲི་མཁན་དག་ལ་རྒྱབ་སྐྱོར་དང་བསྟོད་བསྔགས་བྱེད་ངེས་ཞེས་འོལ་མདུད་མེད་པའི་ཧང་གཏམ་བཤད་ཀྱིན་ཡོད་ལ། ཡིག་ནོར་འབྲི་བ་བཀག་ན་ཟིན་བྲིས་པ་མང་བོ་ཞིག་བུད་འགྲོ་ཚུལ་དང་། བོད་ཡིག་བཀོལ་མཁན་ཉུང་བ་སོགས་ལབ་ཀྱིན་ཡོད་ནའང་། ཁྱོད་ཡིག་ནོར་ལ་སྐྲག་ནས་ཟིན་བྲིས་མི་སྤེལ་བ་དང་། བོད་ཡིག་བཀོལ་སྤྱོད་མི་བྱེད་ནི་ཞིག་ཡིན་ན། ཁྱོད་ལ་སྤྱིར་རེ་བ་ཆེན་པོ་མེད་པས་བུད་སོང་ནའང་ཤུལ་སྟོང་དང་ཕངས་སེམས་མེད་ཀི། རྒྱུ་མཚན། ང་ཚོ་ལ་དགོས་པ་ནི་སྤོས་ཚད་ཡིན་པ་ལས་གྲངས་ཀ་མ་རེད། ངས་འདིར་མང་བོ་མི་བཤད། མདོར་བསྡུས་ན། ཡིག་ནོར་འབྲི་བ་ནི་སྦྲགས་སྐད་བཤད་པ་ལས་ཀྱང་ཉེས་ཚབས་ཆེ་བ་རེད་ཅེས་འཐུས་པར་བྱ།
                                                                                  ༢
  དེ་ལྟར་བཤད་ཡོང་ན་ད་ཟིན་བྲིས་སྤེལ་བའམ་ཡི་གེ་བྲིས་ན་ཡིག་ནོར་གཅིག་ཀྱང་ཤོར་མི་ཉན་པ་ཨེ་རེད་ཅེས་ལབ་ན་དེ་ལྟར་གཏན་མིན། ཡིག་ནོར་མི་འབྲི་ན་ཡིག་ནོར་གཅིག་ཀྱང་ཤོར་མི་ཉན་ནས། ཡིག་ནོར་འབྲི་ན་ཚང་མ་ཡིག་ནོར་བྲིས་བཞག་ཀྱང་སྐྱོན་མེད་པའི་ཞིབ་དཔྱོད་བདེན་འཚོལ་གྱི་བློ་མིག་བྲལ་བའི་ལྟ་བ་དེར་དཔྱོད་ལྡན་པ་སུ་ཞིག་གིས་དབུ་ལོ་ནང་དུ་ལྡེམ་སྲིད།
  ང་ཚོས་རང་གི་ཤེས་ཚོད་དང་ནུས་ཚོད་ཀྱིས་སྔོན་བྱུང་ཁུངས་བཙན་བརྡ་རྟགས་དག་དང་། ཚིག་མཛོད་སོགས་ལ་གཞི་བཅོལ་ནས་མང་དུ་བལྟ་བ་སྟེ་སློབ་སྦྱོང་བྱེད་པ་དང་། མ་ཤེས་པར་ཡིག་ནོར་ཤོར་སོང་ན་ཕན་ཚུན་ལ་ཞུ་དག་དང་དཔྱད་བརྗོད་བྱས་ན། ད་གཟོད་ང་ཚོས་འདིར་སློབ་གསོ་དང་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་ཀྱང་བསྐྲུན་ཐུབ་པར་མ་ཟད། ང་ཚོ་སྐྱེ་བུ་སྒེར་དང་སྐད་ཡིག་གང་ཅིའི་ཐད་ལ་གྲུབ་འབྲས་མི་དམན་པ་ཞིག་ཡོད་པ་གསལ་བོ་རེད། དེ་བས། ང་ཚོའི་གནས་འདི་ནས་ཕན་ཚུན་ལ་སློབ་སྦྱོང་བྱས། ཕན་ཚུན་ལ་བདེ་སྡུག་གླེང་ནས་སྔོན་གྱི་སྐད་ཡིག་གི་རྨང་གཞིའི་སྟེང་དུ་ཆ་ཇེ་ཚང་དང་ཇེ་རྒྱས་སུ་བཏང་ན། དུས་རབས་འདིའི་ཟིན་བྲིས་པ་དང་། དུས་རབས་འདིའི་ན་གཞོན་ཞིག་དོན་གྱིས་ཆགས་ཐུབ་པར་སེམས།
                                                                        ༣
  ཞོར་དུ་ཉེ་སྔོན་འབྲད་ཀྱིས་སྤེལ་བའི་༼ཁོ་བའི་པོད་ཁུག་གི་མིང་ལ་རྡུང་རྡེག་ཁྱིམ།༽༼ ཡིག་ནོར་སེལ་དུ་ཤོག༽ ཅེས་པའི་རྩོམ་ཡིག་དེ་ཅུང་ཡིག་ནོར་གྱི་གནད་དོན་ཐད་ལ་ཕོགས་པའི་རྩོམ་ཡིག་ཅིག་བདག་གིས་མཐོང་ཡོད། ཡིན་ནའང་། རྩོམ་ཡིག་འདིར་ཡོད་པའི་དྲི་བ་དག་ལ་ལན་འདེབས་མཁན་གཅིག་ཀྱང་མེད། ལྷག་པར་བོད་ཀྱི་བརྡ་སྤྲོད་མཁན་པོ་ཚོ་དང་མཁས་རྒན་དག་གིས་རང་གི་སྙན་གྲགས་དང་ཁ་སྨྲས་ཙམ་གྱི་མདུན་ནས་མགོ་བོ་མི་ཆོག་པར། མི་སྨྲའི་རྟུལ་ཞུགས་བཟུང་ཡོད་ལ། གསར་བུ་སྣང་བ་ཅན་ཚོའང་གཞན་སྨོད་ལ་ཁ་ཕོ་ཆེ་བ་ལས་འདི་ཕྱོགས་སུ་ཕག་སྣ་གྱང་གཏད་ཀྱི་དཔེ་ལས་མེད། དེ་བས་ངས་འདི་ནས་རང་མགོ་མི་ན་མེ་བཙས་བསྐོར་ན་འདོད་ཀྱིན་ཡོད་པས། ཤེས་ཚོད་དང་འཇོན་ཚོད་ཀྱིས་འདྲི་བ་ཁག་ཅིག་ལ་ལན་རེ་ཨེ་ཐོབ་བལྟ་རྒྱུ་ཡིན།
                                                                     ༤
དྲི་བ། དང་པོ་ཟེར་དགོས་པ་རེད་དམ། དང་བོ་ཟེར་དགོས་པ་རེད། 
ལན། མིང་མཐའི་པ་བ་དང་བདག་སྒྲའི་ཕྲད་སྦྱོར་སྟངས་ཐད་ལ་སྔོན་ནས་གཅིག་གྱུར་ཞིག་བྱུང་མེད་པ་དང་། ཁྱོད་ཀྱིས་བཤད་པ་ལྟར་ང་ཚོའི་བརྡ་སྤྲོད་ཀྱི་གཞུང་ལུགས་ལ་གྲུབ་མཐའི་དུང་ཞེན་གྱིས་གཡའ་འགོས་འདུག་ཅེས་བཤད་པ་དེའང་བདེན་པ་རེད་དེ། འོན་ཀྱང་། ང་ཚོས་མུ་མཐུད་དུ་གཡའ་ཁར་གཡའ་འགོ་བར་མི་འཇུག་པར། ཞིབ་དཔྱོད་བདེན་འཚོལ་ཞིག་ལ་བསྙེག་རྒྱུ་གལ་ཆེ་བས། འདིར་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཁུལ་གྱིས་ཐོག་མར་ཅུང་ཁྱབ་ཆེ་བའི་སྔོན་བྱོན་མཁས་པ་ཁག་ཅིག་གི་བཞེད་པ་དག་འདིར་བཀོད་ན། སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས། ༼ བདག་པོའི་དོན་སྟོན་བྱེད་ནི་པ་དང་པོའི་སྒྲ་ཡིན་ཏེ། ༽ཞེས་པར་བལྟས་ན་པ་དང་པོ་མ་གཏོགས་བདག་སྒྲར་མི་བཞེད་པར་མངོན་ལ། ༼ ཅན་དང་ལྡན་གྱི་སྒྲ་གཉིས་གང་ཞིག་གང་ལ་ཡོད་པའི་ཆ་ཤས་ནས་བདག་སྒྲ་དང་དང་མཚུངས་པ་ཡོད་ཀྱང་། དེ་དག་བེམ་པོ་ལའང་འཇུག་པས་བདག་སྒྲར་མ་ངེས་པའི་ཕྱིར་དང་། བ་ཡིག་ནི་པུ་ལང་གའི་སྒྲ་དངོས་སུ་འགྱུར་བ་ལྟ་ཅི་སྨོས། སྤྱིར་བདག་པོ་སྟོན་བྱེད་ཙམ་དུའང་མི་འཇུག་པའི་ཕྱིར་རོ།།༽ ཞེས་གསུངས་ཡོད་པ་ལ་བལྟས་ན་བདག་སྒྲའི་ཕྲད་དུ་པ་དང་པོ་མ་གཏོགས་བ་དང་བོ་སོགས་གཅིག་ཀྱང་མི་འདོད་པ་གསལ་བོ་རེད། ༼ བདག་སྒྲ་འདི་རྗེས་འཇུག་ལ་མི་ལྟོས་པར་ཕྲད་རང་དབང་ཅན་ཡིན།༽ ཞེས་ཐོབ་ལ་གཏན་མི་ལྟོས་པར་བཞེད་ལ་མིང་མཐའི་པ་བའི་སྐབས་ཀྱང་ཕྲད་རང་ཅན་ཡིན་པ་ཁོང་གིས་སྣ་ཚོགས་བྲིས་ཡོད་པར་བལྟས་ན་གསལ་བོ་རེད། པྲ་ཏི་རིན་ཆེན་དོན་འགྲུབ་ཀྱིས། པ་བ་པོ་ཅན་ལྡན་དག་བདག་སྒྲར་བཞེད་འདུག་ལ་སྦྱོར་ཚུལ་ཐད་ནས། ཁ་ལོ་བ། ཀ་བ་པ། སོགས་ངེས་མེད་དུ་བྲིས་འདུག་པར་བལྟས་ན་ཕལ་ཆེར་ཕྲད་རང་དབང་ཅན་དུ་བཞེད་པ་འདྲ་ལ་མིང་མཐའི་པ་བའི་སྦྱོར་ཚུལ་ཐོབ་ཐང་ལ་བསྟན་ཡོད་ཀྱང་། གྲངས་ཀ་འབྲི་བའི་ཚེ་པ་འབྲི་བ་སི་ཏུ་དང་གཅིག་མཚུངས་རེད། ཚེ་ཏན་ཞབས་དྲུང་གིས། པ་པོ་བ་བོ་མ་མོ་སྟེ་བདག་སྒྲ་དངོས་དྲུག་དང་བདག་སྒྲ་དང་ཕྱོགས་མཚུངས་པ་ཅན་ལྡན་མཁན་གསུམ་བཅས་བཤད་འདུག་ལ། ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་མེད་བ།། ཞེས་ཕྲད་གཞན་དབང་ཅན་ཏེ་ཐོབ་ཐང་དང་བསྟུན་དགོས་པར་གསུངས་འདུག་ནའང་། ལག་ལེན་གྱི་སྐབས་སུ་ཁོང་གིས་ཀྱང་དང་པོ་མ་གཏོགས་། བཞི་བ། ལྔ་བ། དགུ་བ། བཅུ་བ་ཞེས་གྲངས་ཀྱི་སྐབས་སུ་ཐོབ་ཐང་དང་བསྟུན་ཞིང་རྩོམ་པ་པོ་དང་འཁུར་པ་པོ་ལྟ་བུ་ཚང་མར་པོ་ཡིག་སྦྱར་ནས་ཡང་ཐོབ་དང་བསྟུན་མི་འདུག་གོ།། ཀར་ལེབ་ཞབས་དྲུང་པད་མ་རྡོ་རྗེས། བདག་སྒྲ་རང་དབང་ཅན་ཕྲད་ཕྱིར།། རྗེས་འཇུག་དག་ལ་ལྟོས་མིན་ཡང་།། མིང་མཐའི་པ་བའི་སྒྲ་མཐུན་ནི།། ག་ད་ན་བ་མ་ས་དང་།། ད་དྲག་ཅན་མཐར་པ་སྦྱོར་ཞིང་།། ང་འ་ར་ལ་མཐའ་མེད་མཐར།། བ་ཕྱི་སྔར་འབོད་བརྗོད་བདེའི་དཔེར།། ཞེས་གསུངས་འདུག་ནའང་ལག་ལེན་སྐབས་སུ་ཡང་དེ་ལྟར་མིན། དབྱངས་ཅན་གྲུབ་པའི་རྡོ་རྗེས། ན་རོ་ཡོད་མེད་པ་བ་མ།། བདག་པོའི་སྒྲ་སྟེ་ག་ད་ན།། བ་མ་ས་དང་དྲག་མཐར་པ།། ང་འ་ར་ལ་མཐའ་མེད་ལ།། བདག་སྒྲར་ཡར་གྱུར་བ་དང་ནི།། ཆ་ལ་པ་ཉིད་སྦྱོར་བ་ལེགས།། མིང་མཐའི་པ་བའང་ཕལ་ཆེར་འདྲ།། ཞེས་གསུངས་འདུག་ནའང་ལག་ལེན་སྐབས་སུ་སུས་ཀྱང་རྩི་བཞིན་མེད་ལ་ཉོག་འཛོལ་ཧ་ཅང་ཆེ་བར་སེམས། དམུ་དགེ་བསམ་གཏན་རྒྱ་མཚོས། བདག་སྒྲ་དང་མིང་མཐའི་ཆ་ཤས་སོགས་གང་གི་དབང་དུ་བྱས་ཀྱང་པ་པོ་བ་བོ་བཞི་ནི་རྗེས་འཇུག་ལ་ལྟོས་ཏེ་སྦྱོར་དགོས་པའི་ཕྲད་གཞན་དབང་ཅན་དུ་བཞེད། ༼ལ་ལས་བཤད་པ་ལྟར་གྲངས་ཀྱི་སྐབས་སམ་དམིགས་བསལ་སོགས་ཅི་ཡང་མི་དགོས་པར་ཡོད་ཚད་ཐོབ་ཐང་དང་བསྟུན་ན་མགོ་བོ་ཉོག་པའི་རྒྱུ་རྐྱེན་ཅི་ཡང་མེད། ༽ཅེས་གདེངས་ཚོད་དང་ཐག་ཆོད་པའི་སྐད་ཆ་འདིས་བདག་སྒྲིའི་སྦྱོར་ཚུལ། ཚད་ལྡན་དང་སྤྱི་འགྲོས་སུ་བསྒྱུར་བར་སྔར་མེད་པའི་ལེགས་སྐྱེས་རྨ་མེད་པ་ཞིག་ང་ཚོར་བཞག་ཡོད་པར་འདོད་དོ།། དེ་ལྟར་འདིར་བཀོད་པའི་སྔོན་བྱོན་མཁས་པའི་བཞེད་པ་འདི་དག་གིས་མཚོན་རྟ་མོག་མོག་གི་སྤུ་རིས་ལྟར་བདག་སྒྲ་དང་མིང་མཐའི་པ་བའི་ཐད་བཞེད་པ་སྣ་ཚོགས་ཤིག་ཡོད་པས། ད་ལྟ་ལག་ལེན་ཐད་ལ་ཅི་བྱ་གཏོལ་མེད་དང་ལྷག་པར་གསར་སློབ་ཚོར་མགོ་བོ་ཉོག་པའི་རྒྱུ་རུ་གྱུར་འདུག་ཅིང་། སྤྱིར་མཁས་པ་དེ་དག་ལ་རང་རང་གི་ལུགས་དང་འཚམས་པའི་ལུང་རིགས་ཀྱི་སྒྲུབ་བྱེད་འདྲ་འདྲ་འགྲིག་འགྲིག་རེ་ཡོད་ནའང་འགལ་བ་ལ་མི་འཁྲུལ་བའི་ཚད་མ་མེད་པས། ད་བདག་སྒྲའི་པ་བ་དང་མིང་མཐའི་པ་བའི་སྦྱོར་ཚུལ་སྤྱི་འགྲོས་སུ་བསྒྱུར་བ་ལ་བྱ་ཐབས་ཉག་གཅིག་ཡོད་པ་ནི། ང་ཚོས་ས་ཕྱོགས་དང་གཞུང་ལུགས་ཀྱི་མཁྲེགས་འཛིན་མི་བྱེད་པར་ཐོབ་ཐང་དང་བསྟུན་པ་སྟེ་བདག་སྒྲའི་པ་བ་དང་མིང་མཐའི་པ་བ་གང་ཡིན་ཡང་ཕྲད་གཞན་དབང་ཅན་དུ་གཅིག་གྱུར་བྱས་ན་དགེ་མཚན་ཧ་ཅང་ཆེ་བར་སེམས། དེ་མིན་མི་གཅིག་གི་ངོས་ནས་བཤད་ན་ཉོག་དྲ་དང་སྟབས་བདེ་མི་བདེ་གང་ཡང་མེད་པར་རང་གི་གོམས་འདྲིས་ལྟར་པ་དང་བ་ལག་ཏུ་གང་ཡོང་སྦྱར་ཆོག་མོད། འོན་ཀྱང་། བོད་ཡོངས་ཁྱབ་ནས་བཤད་ན་རང་གི་ངག་ནི་རང་རང་གི་ཡུལ་སྐད་ལ་གོམས་གཤིས་ཆེ་བས་ནམ་ཡང་གཅིག་གྱུར་ཞིག་ཡོང་ཐབས་མེད། དེ་བས། མདོར་བསྡུས་ན་ང་ཚོས་སྔོན་བྱུང་ཁུངས་བཙུན་བརྡ་སྤྲོད་དང་དག་དེབ་སོགས་སུ་ཡོད་པ་ལྟར། ༼མིང་མཐའི་པ་བའི་དབྱེ་བ་ནི།། ག་ད་ན་བ་མ་ས་དང་།། ད་དྲག་ཅན་མཐར་པ་དང་ནི།། ང་འ་ར་ལ་མཐའ་མེད་མཐའི།། བ་ཕྱེད་ཝར་འབོད་རྣམས་ལ་བ།། ཞེས་གནད་ལ་ཁེལ་བའི་སྡོམ་ཚིག་འདི་བཞིན་བྲིས་ན་ལག་ལེན་དུ་བླང་བདེ་དང་ཉོག་དྲ་སོགས་ཅི་ཡང་མེད་པས། ཨེ་འགྲིག་གམ་ཞེས་གྲོས་གཞི་ཙམ་བཏོན་པ་ཡིན། དེ་མིན་མ་འོངས་པ་ན་རྩིས་འཕྲུལ་ཡིག་བསྒྱུར་སོགས་ཕྱོགས་མང་བོ་ཞིག་ནས་དཀའ་ངལ་ཆེན་པོ་ཞིག་ཏུ་འགྱུར་ངས་ཀྱང་ཡིག་ཚོགས་མང་བར་དོགས་པས་འདིར་མི་སྤྲོའོ།།
དྲི་བ། བསམས་ནས་ཟེར་དགོས་པ་རེད་དམ། བསམ་ནས་ཟེར་དགོས་པ་རེད།
ལན། བསམས་ནས་ཟེར་དགོས། རྒྱུ་མཚན། ནམ་ཡིན་ཡང་བྱ་ཚིག་མཐར་ལྷག་བཅས་ཀྱི་ཕྲད་སྦྱོར་ཚེ། གོང་གི་བྱ་ཚིག་དེ་འདས་པ་
ལྟར་འབྲིས་ན་འགྲིག རྟགས་འཇུག་རྩ་བར། ༼ བསྟན་བྱ་ལྷག་མ་ཡོད་མེད་དང་། །ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །དེ་དག་ནང་གསེས་རྣམ་པར་དབྱེ། ། ཞེས་བྱུང་བ་ལྟར་དོན་འདས་ཀྱང་མ་འདས་ཀྱང་ཚིག་འདས་པར་གྲུབ་ཡོད་དོ།།
དྲི་བ། མགོན་དུ་བརྟེན་ཟེར་དགོས་སམ། མགོན་དུ་བསྟེན་ཟེར་དགོས།
ལན། མགོན་དུ་བརྟེན་ཟེར་དགོས་དགོས། རྒྱུ་མཚན། སློབ་དཔོན་དུ་བརྟེན་ལྟ་བུར་སློབ་དཔོན་ཡུལ་དང་དེར་ཕར་བརྟེན་པའི་བྱ་བ་གཞན་བྱས་པ་སྟོན་པས་རྣམ་དབྱེ་གཉིས་པ་ཡིན་ཞིང་ལ་དོན་སྦྱོར་མོད། སློབ་དཔོན་བསྟེན་ཞེས་པ་ལྟ་བུའི་ཚེ་སློབ་དཔོན་བྱ་བའི་ཡུལ་དུ་བྱས་ནས་དེ་ལ་བསྟེན་པའི་བྱ་བ་གཞན་ཞིག་བྱས་པ་མིན་པར། བྱ་ལས་གཉིས་ངོ་བོ་གཅིག་ཏུ་སྦྲེལ་བའི་བྱ་བ་རིལ་བོ་གཅིག་ཏུ་སྣང་བས། སློབ་དཔོན་དུ་བསྟེན་ཞེས་ལ་དོན་མི་སྦྱོར་རོ།། གོ་སླ་མོས་བཤད་ན། ལ་དོན་སྦྱོར་ཚེ་ར་རྟེན་དང་ལ་དོན་མེད་ཚེ་ས་སྟེན་བྲིས་ན་ཆོག་པར་སེམས། རྒྱུ་མཚན་གོང་དུ་སྒྲུབ་མ་ཐག་པ་དེས་ཕྱིར་རོ།།
དྲི་བ། དཔེ་ཆ་བཀླགས་ཟིན་པར་ཀླག་འདི་བྲིས་ན་སྐྱོན་ཡོད་དམ།
ལན། སྐྱོན་ཡོད་པ་དུས་གསུམ་རེ་མིག་ཏུ་ཞིབ་རྒྱས་ཡོད་པས་འདིར་ཡིག་ཚོགས་མི་སྤོང་།
དྲི་བ། གཟུགས་སུ་རུང་བ་ཞེས་པར་གཟུགས་འདི་འབྲི་བའི་དོན་ཅི་རེད།
ལན། གཟུགས་འདི་འབྲི་བའི་རྒྱུ་མཚན། སྤྱིར་གཟུགས་ཞེས་པ་དབང་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་བའི་དངོས་པོ་སྤྱིའི་མིང་སྟེ་བེམ་པོ་དང་དོན་གཅིག་རེད། གཟུགས་སུ་རུང་བ་ཞེས་པ་ནི་གཟུགས་སུ་ཡོད་པའི་གཟུགས་སྒྲ་དྲི་རོ་སོགས་སྐྱེ་མཆེད་ལྔ་ནང་ཕན་ཚུན་ལ་གནོད་བྱར་རུང་བ་ཞེས་པའི་དོན་ཡིན་ཡིན་པ་འདྲ་བས། གཟུགས་སུ་རུང་བ་ཞེས་འབྲི་དགོས་པར་སྙམ་སྟེ་དཔྱད།
དྲི་བ། དབང་། ཕྱུག དབུས། བཀྲ ལྷམ། མཛེས། སོགས་བྱ་ཚིག་རེད་དམ། བདག་པོར་དབང་།
ལན། དབུས། དབང་། ཕྱུག བཀྲ། ལྷམ། མཛེས། སོགས་གང་ཡིན་ཡང་དབུས་དང་དབང་མ་གཏོགས་ཚང་མ་ཡོད་པའམ་གནས་པའི་དོན་ཡིན་ལ། དབུས་ནི་དཀྱིལ་གྱི་དོན་ཡིན་ཞིང་དབང་ནི་ཤུགས་དང་ཐོབ་ཐང་གི་དོན་ཡིན། ད་དུང་འདི་དག་གང་ཡིན་ཡང་དུས་གསུམ་གྱི་དབྱེ་བ་འབྱེད་དུ་མེད་པས་བྱ་ཚིག་མིན་ཏེ། བྱ་ཚིག་ཡིན་ན་ཁྱོད་ལ་དུས་གསུམ་གྱི་དབྱེ་བ་འབྱེད་དུ་ཡོད་པས་ཁྱབ།
དྲི་བ། ཕྲད་ཀྱི་ཐད་དུ། ཀུན་གྱི། ཀུན་ཀྱི། ཡིན་ཡང་། ཡིན་ཀྱང་། སོགས་ཡིག་ནོར་བསལ་སྟངས་ཀྱི་གདམ་པ་ཟབ་མོ་རེ་གནང་རྒྱུའི་རེ་བ་ཡོད།
ལན། ཤིན་དང་ཀུན། ཕ་རོལ་གསུམ་ནི་ཀློག་པའི་ཚེ་གཞན་དང་མི་འདྲ་བའི་སྒྲ་གདངས་དྲག་ཀྱང་དམ་པ་ཡིན་པ་ང་ཚོས་མྱོངས་པར་གྲུབ་པས། བརྡ་སྤྲོད་གཞུང་ལུགས་དག་ཏུ་ཡང་རྣམ་པ་ཐམས་ཅད་དུ་དངོས་སུ་ད་དྲག་མི་འབྲིའང་དོན་ཀྱིས་ཐོབ་པའི་དབང་དུ་བཏངས་ཏེ་ཕྲད་སོགས་སྦྱོར་དགོས། ཞེས་གསུངས་པ་ལྟར་ཀུན་ཀྱི་ཞེས་ཀྱི་འདི་འབྲི་བ་ལས་གྱི་འདི་མི་འབྲི་བ་གསར་སློབ་པ་ཞིག་མིན་ན་ཀུན་ཀྱིས་ཤེས་གསལ་ལྟར་རོ།། དེ་མིན་ཡིན་གྱི་རྗེས་སུ་ཡང་དང་ཀྱང་གང་རུང་གི་ཕྲད་ཅིག་སྦྱོར་དགོས་ཚེ། ཡང་སྦྱོར་དགོས། རྒྱུ་མཚན། ཁྱོད་ཕྲད་གཞན་དབང་ཅན་ཡིན་ཏེ། ག་ད་བ་ས་ད་དྲག་མཐར།། ཀྱང་ཐོབ་ང་ན་མ་ར་ལའི་མཐའ་རུ་ཡང་ནི་སྦྱོར་བ་སྟེ།། ཞེས་པའི་སྡོམ་ཚིག་ལྟར་རེད། དེ་མིན་ཡིན་ཞེས་པའི་ཚེ་ན་ཡིག་གི་རྗེས་སུ་ཁྱོད་ཀྱིས་ད་དྲག་ཐོབ་པར་འདོད་བཞིན་ཡོད་ན་དེ་རྩ་བ་ནས་མི་ཐོབ་པར། དཔེ་བརྗོད་རེ་འགས་ཤེས་པར་བྱ། དཔེར་ན། རྫོགས་ཚིག་སྐབས་ཡིན་ནོ་ཞེས་སྦྱོར་བ་ལས་ཡིན་ཏོ་ཞེས་སུས་ཀྱང་སྦྱོར་ཀྱིན་མེད་ལ། དེ་བཞིན་འགྱེད་སྡུད་སོགས་ཀྱི་སྐབས་སུའང་ཡིན་ནམ་ཞེས་འབྲི་བཞིན་ཡོད་པ་ལས་ཡིན་ཏམ་ཞེས་འབྲི་བཞིན་པ་སོགས་འདིར་དཔེ་བརྗོད་མང་ཡང་ཅུངཙམ་བརྟག་པས་ཤེས་སླའོ།།
དྲི་བ། བྱ་བྱེད་ཀྱི་འགྱུར་སྟངས་འགར། འཆའ་བྱ། འཆའ་བྱེད་ཟེར་བ་འམ། བཅའ་བྱ། འཆའ་བྱེད། དགག་བྱ། འགོག་བྱེད། དགག་བྱ། དགག་བྱེད། དེ་གཞན། ཆེན་པོ། ཆེན་མོ། རི་འགོ རི་མགོ འགྱོགས་མྱུར། མགྱོགས་མྱུར། སྐྱེ་དགུ སྐྱེ་རྒུ འཆུག འཕྱུག གདམ་ངག གདམས་ངག དག་པོ། དག་མོ། སོགས་གདམ་ང་ཅན་དང་བྱ་བྱེད་བརྩི་སྟངས་མི་འདྲ་བ་དག་གི་ཡིག་ནོར་སེལ་ཚུལ་གང་ཡིན་ནམ།
ལན། ཆེན་པོ་དང་ཆེན་མོ་གཉིས་ལས་གཞན་གོང་གི་དོགས་གཞི་ཚང་མར་མིང་མཛོད་དང་ཚིག་མཛོད་སོགས་སུ་ཧ་ཅང་གསལ་བོ་ལན་བཏབས་ཡོད་པས་དེ་དག་ལས་ཤེས་པར་བྱ། ཆེན་པོ་དང་ཆེན་མོ་གཉིས་གང་འབྲི་དགོས་མིན་ཐད་ལ་ལན་སྟབས་བདེ་ཞིག་བཏབས་ན། ཆེན་པོ་ནི་མི་དང་དངོས་པོ་གཉིས་ཀར་འཇུག་པར་སེམས། ཆེན་མོ་ནི་མི་རྐྱང་བ་ལས་དངོས་པོ་གཞན་ལ་ཕལ་ཆེར་མི་འཇུག་པར་སེམས། རྒྱུ་མཚན། དཔེར་ན། བུམ་པ་ཆེན་མོ་དང་། རི་བོ་ཆེན་མོ། རྟ་ཆེན་མོ། རླངས་འཁོར་ཆེན་མོ་སོགས་ཀྱིས་མཚོན་འདི་ལྟར་སྦྱོར་ཚུལ་མེད་པ། བོད་སྤྱིའི་སྐད་གདངས་ལ་རང་ཆས་སུ་ཆགས་ཡོད་པར་བལྟས་ན། འདི་གཉིས་ལ་ཁྱབ་ཆེ་ཆུང་ཞིག་ཡོད་པ་མིན་ནམ་སྙམ་སྟེ་དཔྱད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡིག་ནོར་དགག་སྒྲུབ།

2012-07-18 རྨ་ཐོག་རྒོད།༼མདོ་ལྷོ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།