སློབ་གསོའི་གས་ཁ།

  དེ་རིང་ནི་ང་རང་བླ་བྲང་ལ་ཐོན་པའི་ཉིན་བརྒྱད་པ་སྟེ།གནམ་མཁའ་སྔོ་ཞིང་དྭངས་ལ་དྲོ་གྲང་ཡང་ཧ་ཅང་སྙོམས།རླུང་བུ་ཡང་མོ་ཞིག་གིས་འཇམ་གཉེར་ཁྲོད་ནས་ལན་རེར་ཁང་བའི་གྲུ་ཟུར་དག་གི་གཅིན་སྐྱག་གི་དྲི་མ་སྐྱིར་མོ་ཞིག་ཀྱང་རྣ་ལམ་དུ་འཚང་འོངས། ཞོགས་པའི་ཉི་ཟེར་གྱི་ཀློང་ནས་ང་རང་སྲང་ལམ་དུ་ཟ་མ་འགའ་ཉོ་རུ་སོང་ནས་ཕྱིར་མལ་ཁང་དུ་ལོག་པ་ཡིན།ཏག་ཏག་ཕྱིར་མལ་ཁང་གི་སྒོ་ཆེན་དུ་འཛུལ་མ་ཐག་ངས་ཁང་བདག་ཨ་ནེ་ལགས་ཀྱིས་ཕྱག་ལ་རྩྭ་ཕྱག་ཅིག་བཟུང་ཏེ་མོ་རང་གི་བུའི་བུ་སྟེ་རང་གི་ཚ་བུ་ལ་ལན་གཅིག་བརྒྱབ་པ་མཐོང་བྱུང་།ཨ་ནེ་ལགས་ཀྱི་ཚ་བུ་ནི་ཕལ་ཆེར་ལོ་ན་བཅུ་ཡས་མས་ཤིག་རེད།ངའི་ཕ་ཡུལ་ལ་མཚོན་ན་ལོ་ན་བཅུ་ཡས་མས་ཀྱི་བྱིས་པ་དག་ལ་སློབ་གསོ་གཏོང་སྟངས་ནི་དབྱུག་པའི་སློབ་གསོ་ཡིན་པས་སྐབས་དེར་ངས་ཧ་ཅང་རྒྱུན་ལྡན་དུ་བཞག་ནས་གོམ་ཁ་རང་གི་མལ་ཁང་གི་ཕྱོགས་སུ་བསྒྱུར་བ་ཡིན།ཡ་མཚར་བ་ཞིག་ལ་བྱིས་པ་དེས་གློ་བུར་དུ་དབྱུག་པ་རིང་བོ་ཞིག་བཟུང་ཏེ་ཨ་ནེ་རྒན་མོ་དེའི་དབུ་ལ་ཕྱིར་ཤུགས་ཆེན་པོས་བརྒྱབ་ཅིང་དེ་མཐུད་ཕྲག་གོང་ལ་ཅིག་རྒྱབ་པས་ཨ་ནེ་རྒན་མོ་དེ་ས་རུ་འགྱེལ་སོང་སྐབས་དེར་ང་རང་ཅི་ཡིན་འདི་ཡིན་མེད་པར་བྱིས་པ་དེའི་ཕྱོགས་སུ་རྒྱུགས་པ་ཡིན་མོད།ང་དེར་མ་ཐོན་བར་དུ་ཁོས་ཡང་བསྐྱར་ཨ་ནེ་རྒན་མོ་དེའི་རྒྱབ་ལ་ཤུགས་ཆེན་པོས་རྒྱབ་སོང་།དེ་ནས་ངས་བཙན་ཤུགས་ཀྱིས་ངང་ནས་བྱིས་པ་དེའི་ལག་གི་དབྱུག་པ་འཕྲོག་པ་ཡིན།དབྱུག་པ་འཕྲོག་ཚར་རྗེས་ངས་ངའི་གྲོགས་པོ་ཞིག་ཀྱང་ཐོན་འདུག་པས་ངེད་གཉིས་ཨ་ནེ་ལགས་ཀྱི་མཆན་ལ་འཇུས་ནས་ཨ་ནེ་ལགས་ཡར་ལ་སློང་བ་ཡིན་མོད་ཨ་ནེ་ལགས་ཀྱི་ཤེད་ཤུགས་སྔར་ནས་ཟད་འདུག ཕར་བལྟས་ཚོད་དུ་ཁོ་མོ་ཡང་ཡ་མཚར་ཡིད་སྐྱོའི་གནས་སུ་ལྷུང་འདུག་པ་འདྲ།གང་ལྟར་ངེད་གཉིས་ཨ་ནེ་ལགས་ཚ་ཐབ་སྟེང་དུ་བཞག་པ་ཡིན་ལ།ཁོ་མོའི་རེ་འདོད་ལྟར་མོ་རང་གི་བུ་ངོ་མ་ལ་ཁ་པར་ཞིག་ཀྱང་བཏང་བ་ཡིན།ཡིན་ཡང་ཡིད་ཆད་པ་ཞིག་ལ་ཨ་ནེ་ལགས་ཀྱི་བུ་ལ་ཉམས་སྣང་ཅི་ཡང་མེད་པ་འདྲ་བས་ངས་ཨ་ནེ་ལགས་ལ་སྨན་ཁང་དུ་འགྲོ་དགོས་ཚུལ་བཤད་པ་ཡིན་མོད།་ཁོ་མོ་ལགས་ནས་དང་ལེན་མ་བྱས་པས་མཐའ་མར་ང་རང་ཅི་བྱ་གཏོར་མེད་དུ་གྱུར།ཚིལ་དྲེག་ཆགས་པའི་ཚ་ཐབ་དེའི་སྟེང་ནས་ཨ་ནེ་ལགས་ཀྱི་མིག་ནས་མཆི་མ་ཞིག་བཞུར་ཤིང་ཀླད་པའི་སྐྲ་ཉག་གི་གསེང་ནས་ཁྲག་དམར་ཀྱང་ཞིག་ག་ལེར་བཞུར་བྱུང་། ཉམ་ལྷོད་ཡིད་ཆད་ཀྱི་མིག་ཟུང་དེས་ང་ལ་མི་རབས་གསར་བའི་འཕེལ་རིམ་ནི་ཚ་རླབས་ལྡན་པ་ཞིག་ཡིན་ཡང་མི་རབས་གསར་བའི་སློབ་གསོ་ལ་གས་ཁ་ཤིག་ཤོར་གྱིན་པའི་གསལ་འདེབས་བྱས་ཤིང་།དམར་སྨུག་གི་ཁྲག་ཐིགས་དེས་ཀྱང་ང་ལ་མི་རབས་གསར་བའི་འཚོ་གནས་ཀྱི་བླ་སྲོག་རྒྱ་ཡན་དུ་གྱུར་བ་ར་སྤྲོད་བྱས་སོང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་གསོའི་གས་ཁ།

2013-06-20 རྣོ་ངར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།