ཡཱང་ཕོའུ་ཞིག་གི་གཏམ་རྒྱུད།

ཚངས་དབང་དགེ་འདུན་བསྟན་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-19

   དེ་ཡང་ཨ་མདོའི་ས་ཆ་ལ་ལར་༼ཡཱང་ཕོའུ༽་ཞེས་པ་ནི། ཕྱི་རྒྱལ་གྱི་མེ་མདའ་ཞེས་པའི་དོན་རེད་ཅིང་། དོན་དུ་རྒྱ་སྐད་ཀྱི་ཡང་ཕོའུ་༼洋炮༽ཞེས་པའི་སྒྲ་ཟུར་ཉམས་པ་རེད་འདུག སྤྱི་ལོ2009ཟླ་བ1ཚེས་1ཉིན། ང་དང་གྲོགས་ཟོན་ཐར་རྒྱལ་སོགས་ལྷ་སར་ཡོད་པའི་རེབ་གོང་པ་བསོད་ནམས་རྒྱལ་ཚང་ལ་ལོ་གསར་མཉམ་འཛོམས་ཤིག་བྱས་པ་ཡིན། ང་ཚོས་ཟ་མ་ཟ་ཞོར་དུ་ལོ་འདི་གའི་ནང་དུ་འཕྲད་པའི་དཀའ་ལས་དང་སྡུག་བསྔལ་རྣམས་བཤད་དེ་ཅི་ཞིག་ལ་འཁང་ར་དང་ཡིད་ཆད་ཀྱིས་ཁེངས་འདུག  ཅི་ཞིག་ལ་དེ་ལྟར་ཡིན་པ་ངས་གསལ་བཤད་མ་བྱས་རུང་ཁྱེད་ཅག་གིས་ཀྱང་ལོས་ཤེས།      
   ང་ཚོས་སྐད་ཆ་བཤད་ཕྱོགས་ཀྱི་དབང་གིས་མཚམས་ལ་རེར་དགོད་བྲོ་བ་དང་། ཡང་སྐབས་ལ་ལེར་ངུ་བྲོ་བའི་ཁ་ཏ་འདྲ་མིན་གླེང་བ་དང་།   དེ་དུས་བསོད་ནམས་རྒྱལ་གྱིས་གློ་བུར་དུ་འདས་དོན་ཞིག་དྲན་པའི་ཚུལ་གྱིས་ང་ལ་དོན་དག་ཅིག་བཤད་སོང་།      ཁོས་བཤད་པ་ལྟར་ན། ཁོ་ལ་ཧེས་ཧུས་ཀྱི་གྲོགས་པོ་ཞིག་ཡོད་ལ། དེས་དེ་སྔོན་ཡཱང་ཕོའུ་ཞིག་འཁུར་འོངས་ནས་ཁོ་ལ་བཙོང་རྩིས་བྱེད། ཁོས་དེ་དུས་ཡཱང་ཕོའུའི་རིན་གོང་སོགས་ཀྱི་རྒྱུ་མཚན་གང་ཡང་མི་ཤེས་པས།    སྒོར་དྲུག་བརྒྱ་སྤྲད་ཟེར་བ་ལ།  ཧེས་ཧུས་གྲོགས་པོ་དེས་བརྒྱད་བརྒྱ་དགོས་ཞེས་ངེད་གཉིས་རིན་གོང་མ་འགྲིག་སྟེ་མཐར་ཡཱང་ཕོའུ་ཉོ་རྒྱུ་དེ་བསྐྱུར་བཞག་པ་ཡིན། ད་བསམ་ན།      དེ་ནི་ཚོང་ལོག་ཅིག་ཡིན་ས་རེད། ཨ་ཧོ། ཡཱང་ཕོའུ་དེ་དེང་སང་ཡོད་ན་མ་མཐའ་ཡང་དམངས་སྒོར་ཁྲི་གཉིས་ལྷག་ཅིག་ཁུག་ས་རེད་ཟེར་ཞིང་།    
  དེ་ནས་ཁོས་རིམ་གྱིས་ཡཱང་ཕོའུ་དེའི་གཏམ་རྒྱུད་ཡིད་སྐྱོ་བ་ཞིག་ཀྱང་བཤད། དོན་དུ་ཡཱང་ཕོའུ་དེའི་འབྱུང་ཁུངས་དངོས་ནི་འུ་ཅག་རེབ་གོང་ཞོ་ཕུང་དཔྱི་ཕྱུག་པོ་མ་ཚང་གི་རེད།  ཞོ་ཕུང་ཕྱུག་པོ་མ་ཚང་ལ་བུ་མོ་ཁེར་མ་ཞིག་ཡོད་པ་ལུང་བ་དེ་ན་ཡོངས་སུ་གྲགས་པའི་མཛེས་མ་ཚད་འཇོག་ས་ཞིག་ཡིན་པས།  སྐབས་ཤིག་ལ་ཁ་སྒང་ཏཱ་རིན་གྱི་དམག་དཔོན་ཞིག་གིས་བུ་མོ་དེར་བློར་བབས་ནས་ཐེངས་འགར་སློང་བར་སོང་ཡང་།  ཆོས་ལུགས་མི་གཅིག་པས་བུ་མོས་ཁས་མ་བླངས།  བཙན་འཕྲོག་བྱེད་བསམ་ཡང་བུ་མོ་དེའི་ཕ་རྒན་བུ་ངར་རྒོད་པོ་ཞིག་ཡིན་པས་དམག་དཔོན་གཅིག་པུས་དོ་ཟླར་མི་འོང་བར་ཤེས་ནས།  ཁོས་དམག་ཕྲུག་འགའ་ལག་རོགས་སུ་ཁྲིད་དེ་མཚན་ཞིག་ལ་ཞོ་ཕུང་ཞིག་པོ་མ་ཚང་གི་ཕ་རྒན་ལ་ལྐོག་ཏུ་མེ་མདའ་འཕངས་ནས་བསད།  དེ་ནས་ཁྱིམ་གྱི་རྒྱུ་ནོར་ཡོངས་རྫོགས་དང་བུ་མོ་སོགས་བཙན་གྱིས་འཕྲོག་སྟེ་བ་ཡན་ཁ་སྒང་དུ་ཁྲིད་འདུག  ཐེངས་དེར་འཕྲོག་པའི་རྒྱུ་ནོམ་གྱི་གྲས་སུ་༼ཡཱང་ཕོའུ༽་འདི་ཡང་འཕྲོག་ནས་ཡོང་བར་གསལ། ཞོ་ཕུང་ཕྱུག་པོ་མ་ཚང་གི་བུ་མོ་དེ་བཙན་གྱིས་ཁོའི་ཆུང་མ་བྱས།        དེ་ནས་མི་རིང་བར་མཚོ་སྔོན་གྱི་ས་ཁུལ་ཀྲུང་གུང་དམག་གིས་བཅིངས་འགྲོལ་བྱས།  དམག་དཔོན་དེ་སྔོན་ཆད་མ་པོའུ་ཧང་གི་དམག་དཔོན་བྱས་མྱོང་བས། དེ་དུས་གུང་དམག་འོངས་ཏེ་དམག་དཔོན་ཁོར་ཁྲིམས་ཆད་བཟོས་ནས་ཐག་པས་བཅུག         རྐང་ལག་ལ་དབྱུག་པས་བརྡུང་བས་རྐང་བ་གཉིས་གྱོལ་བོར་གྱུར། དེ་ནས་ཞོ་ཕུང་ཕྱུག་པོ་མ་ཚང་གི་བུ་མོ་ཡང་ཕྱིར་ཕ་ཡུལ་དུ་སོང་ན་ཕ་རྒན་བསད་པའི་ལག་དམར་གྱི་ཆུང་མ་བྱས་ཟིན་པས། ཕ་ཡུལ་དུ་འགྲོ་མ་ཕོད་ནས་བཱ་ཡན་ཁ་སྒང་དུ་ལུས།  ཕྱིས་སུ་ཁོ་བཟའ་བ་གཉིས་ལ་བུ་དང་བུ་མོ་སོགས་ནི་མ་སྐྱེས།    
  ད་ཆར་གཉི་ཀར་ལོ་ལོན་ནས་ས་ཞིང་ཡང་འདེབས་དཀའ་བར་གྱུར། ཁྱིམ་ཚང་ཡང་ཤིན་ཏུ་སྐྱོ་བོ་བྱུང་། མཐར་ཁྱིམ་དུ་ལྷག་པའི་ཡཱང་ཕུའུ་ཡང་བཙོང་དགོས་པར་ཐུག་སྟེ། ཡཱང་ཕོའུ་དེ་ངེད་ཀྱི་ཧེས་ཧུས་གྲོགས་པོ་དེའི་ཕ་རྒན་ལ་སྤྲད་འདུག་ཟེར་རོ།།        
   ངས་གཏམ་རྒྱུད་དེ་ཐོས་རྗེས་སེམས་མི་སྐྱིད་པ་ཞིག་བྱུང་སྟེ། དེང་སང་༼ཡཱང་ཕོའུ༽་དེ་གང་དུ་ཡོད་མེད་རྩད་གཅོད་ཅིག་བྱ་བསམ་སྟེ་བསོད་ནམས་རྒྱལ་ལ་དྲིས་ཀྱང་།    ཁོས་ཀྱང་ད་ལྟ་ཧེས་ཧུས་གྲོགས་པོ་དེའི་ཁ་པར་ཨང་གྲངས་མེད་པས། རྩད་གཅོད་དཀའ་མོ་རེད་ཟེར། རེད་ཡ། གནའ་དུས་མཱ་པུའུ་ཧྥང་དང་ཁོའི་ལག་འོག་གི་དམག་དཔོན་དག་གིས་ཨ་མདོ་ས་ཁུལ་དུ་འདི་འདྲའི་ཁྲིམས་མེད་ལུགས་མེད་ཀྱི་འཕྲོག་བཅོམ་སྲེག་བརྡུང་བྱས་པའི་ལོ་རྒྱུས་ནི་བགྲང་གིས་མི་ལང་བ་ཡོད་པས། འདི་ཙམ་ག་ལ་ཚད་ཨང་། ངས་དེ་ལྟར་ཁོང་ཁྲོས་གནོན་དཀའ་བ་ཞིག་གི་ངང་ནས་༼ཡཱང་ཕོའུ་ཞིག་གི་གཏམ་རྒྱུད༽་ཅེས་པ་འདི་ཟིན་ཐོར་བཀོད་པ་ཡིན་ཞིང་། དེ་དུས་སེམས་ལ་ཕྱིས་སུ་ཐེངས་གཅིག་གོང་དུ་བཤད་པའི་རྒན་རྒོན་བཟའ་བ་གཉིས་ལ་བཅར་འདྲི་ཞིག་བྱ་བསམ་ཡང་། ད་ལྟའི་བར་འགྲོ་མ་ཐུབ་པར་ལུས། ད་ནི་རྒན་རྒོན་བཟའ་བ་གཉིས་ཡོད་མེད་ཀྱང་མ་ཤེས། ལོ་གསུམ་བཞིའི་སྔོན་ཞིག་དུ་ང་དང་ངའི་གྲོགས་པོ་འཁྲབ་ཁྲིད་པ་ཞིག་གིས་། རྒན་རྒོན་བཟའ་བ་དེ་གཉིས་ལ་བཅར་འདྲིའི་༼གློག་བརྙན་ཟིན་བྲིས་༽ཤིག་ཕབ་སྐྲུན་བྱ་རྒྱུའི་འཆར་བཀོད་ཅིག་འཐེན་ཡང་།  རྗེས་སུ་དེའི་མགོ་ལའང་མ་སོང་། ད་ནི་འདི་ཙམ་གྱིས་མཇུག་རྫོགས་དགོས་པ་མིན་འགྲོ།   སྐྱོ་གདུང་དང་བཅས་ཚངས་དབང་བས།

རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡཱང་ཕོའུ་ཞིག་གི་གཏམ་རྒྱུད།

2013-06-19 ཚངས་དབང་དགེ་འདུན་བསྟན་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།