མཁའ་ལ་སྤུར་བའི་སེམས་ཀྱི་གཤོག་པ།

དགའ་བཀྲ་ཤིས་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-04-20

                       མིག་ཆུ་ཅ་ནེ་གང་བོ་དེ་སུའི་རེད། ངའི་རེད།
                                                _____སྔོན་འགྲོའི་རོལ་དབྱངས།
  ཁྱོད་ཀྱིས་རང་གི་མིག་མདུན་གྱི་“རྐང་ལམ་ཕྲ་མོ”་དེ་དེད་ནས་ཉི་འོད་དང་འཇའ་ཚོན་གྱིས་སྤྲས་པའི་མཛེས་སྡུག་དང་སྒྱུ་མའི་ཞིང་ཁམས་ཤིག་དྲན་བཞིན་མཆིས།དེའང་རྒྱས་པར་བཤད་ན་ཁྱོད་ཀྱིས་བལྟ་བས་མཆོག་མི་ཤེས་པའི་“ཤེལ་གྱི་ཕོ་བྲང”་དེ་བཞེངས་ཆེད་རང་ཉིད་ཀྱིས་ཟ་ཁོམ་འཐུང་ཁོམ་མེད་པར་ལུས་སྟེང་གི་ཤ་ཁྲག་ལ་བརྟེན་ནས་དཀའ་སྡུག་གང་མང་ཞིག་སྤྱད་མྱོང༌།
  ཁྱོད་ཀྱི་ཉེ་འཁོར་གྱི་ལྟད་མོ་བ་དག་ནི་ཁྱོད་དང་མི་མཚུངས་པའི་ཚེར་མའི་མེ་ཏོག་རེ་རེ་དང་འདྲ།ཁོ་ཚོའི་ཁ་གཏད་ཕྱོགས་“གྲོས་བསྡུར་”དང“   འདུས་གྲངས”ཡིན་པས་ཁྱོད་རང་སྔར་བཞིན་ཁེར་རྐྱང་དང་དཀའ་སྡུག་གང་མང་གི་བདག་པོ་དེ་རེད།ཡིན་ཡང༌།ཁྱོད་ལ་མཚོན་ན་ཁེར་རྐྱང་དང་དཀའ་ སྡུག་གི་དུས་ཚིགས་དེ་“སྟོན་ཁའི་དུས་ཚིགས”་ཤིག་མ་ཡིན་ནམ།
  ཁྱོད་ཀྱི་བསམ་བློ་དང་འཆར་གཞི་དག་མངོན་སུམ་དུ་གྲུབ་ཆེད་ལྷ་ཚངས་པའི་སྤྱན་ལམ་ནས་ཁྱོད་ཀྱིས་མིག་ཆུ་དང་ཆུ་འཁྱགས་རྫོགས་མེད་བསྲེས་ནས་རང་ཉིད་ཀྱི་གྲིབ་མ་དེ་ཟུར་གསུམ་མ་ཞིག་ཏུ་བཟོ་འདོད་པ་མ་ཡིན་ནམ།ཡིན་ཡང༌།འཇིག་རྟེན་ན་ལོང་བ་དངརྒྱུ་འབྲས་གོ་ལྡོག་པ་མང་པོས་ནམ་ཞིག་ལ་ཁྱོད་རང་གྲོལ་མི་ཐུབ་པའི་ལྕགས་སྒྲོག་གིས་བཅིངས་ཨེ་འགྲོ་བའི་ཐེ་ཚོམ་ལས་བརྒལ་མི་ཐུབ།བཟང་རྒྱུ་ མེད་ལ་ངན་རྒྱུ་མེད་པའི་གནའ་བོའི་རྗེས་ཤུལ་གྱི་ཞིང་ཁམས་འདི་ནས་ཁྱོད་ཀྱིས་དབྱངས་དང་གསལ་བྱེད་སོ་བཞིས་རང་གི་རུས་མིང་ཡིག་ནོར་མེད་པར་འབྲི་ཞོར་དུ་ཐག་རིང་གི་རྨི་ལམ་ལྟ་བུའི་“ཤེལ་གྱི་ཕོ་བྲང”་དེར་ཕྲ་རྒྱན་རབ་དང་རིམ་པ་ཞིག་གསར་བཟོ་དང་འཚོལ་བསྡུ་བྱས་ཏེ་བགྲོད་ལམ་གསར་བ་ ཞིག་གི་དབུ་ཁྱུད་འབྲི་བཞིན་འདུག
  རང་ཉིད་ཀྱི་དགྲ་ཟླ་རང་ཉིད་ཡིན་པའི་འདུ་ཤེས་རྙེད་པ་ནས་བཟུང་ཁྱོད་ཀྱིས་“སྒེར་སེམས་ཅན”་དང་“ བདག་དབང་ཅན”་ལ་མ་གཏོགས་ཡོད་ཚད་ལ་ཆགས་པ་དང་སྡང་སེམས་སྐྱེས་མ་མྱོང༌།ད་དུང༌།མ་འོངས་པའི་ལམ་ཕྲན་ལ་རྒྱང་མིག་བལྟ་བཞིན་“སྟོན་གྱི་དུས་ཚིགས”་ལ་ཕྱག་རྒྱ་དང་སྨོན་ལམ་རྫོགས་མེད་ཅིག་འདེབས་མྱོང་བ་སུ་ཡིས་བསྙོན།
  ཁྱོད་རང་ཆེས་ཐོག་མར་ནགས་འདབས་ཤིག་ནས་ངུ་བཞིན་ངུ་བཞིན་ཡོང་ཞིང་སྤྲེའུ་དང་འདྲ་བར་རང་ཉིད་ཀྱི་ལུས་ཕུང་གི་ཤ་ཁྲག་ཉུང་ངུ་ལ་ བརྟེན་ནས་སླར་ཡང་ནགས་འདབས་ཤིག་ནས་འཚོ་སྡོད་བྱ་དགོས་བྱུང༌།དེའི་རྐྱེན་གྱིས་ད་ལྟའང་སྤྲེའུ་ལྡོམ་ཞིག་དང་འདྲ་བར་ནགས་ཚལ་སྟུག་པོ་ཞིག་  ནས་མགོ་འཁོར་ཏེ་ཆུ་ཚོད་བཅུ་གཉིས་ལ་སླེབས་འདུགའོན་ཀྱང༌།ཁྱོད་ཀྱི་རྗེས་ཤུལ་དག་རི་སྤྱང་གི་སྡེར་མོའི་བར་ན་བཙེར་ཏེ་ངུ་སྐད་ཐམས་ཅད་པོ་རི་ ལུང་ན་རྒྱུ་བཞིནལངས་མ་གོག་གིས་ཁྱོད་ཀྱི་རྗེས་ཆོད་ལ་ཉེ་བས་ཁྱོད་རང་རྟབ་རྟབ་པོར་ཡར་ལངས་ནས་སྤོབས་པ་ཆེན་པོས་མུ་མཐུད་དུ་མདུན་ཕྱོགས་སུ་རྒྱུག་དང༌།ཤམ་བྷ་ལའི་འཁོར་དང་བཅས་པས་སྒོ་ཁ་ན་གྲལ་སྒྲིག་སྟེ་ཁྱོད་ལ་ཟས་མཆོག་བདུད་རྩི་ལྟ་བུ།རྨི་ལམ་སྒྱུ་མ་ལྟ་བུ།སྨྲ་བསམ་བརྗོད་འདས་ལྟ་བུ་བཤམས་འདུགཡིན་ཡང༌།དུས་དེར་ཁྱོད་ཀྱིས་རྣམ་དཔྱོད་དང་བློ་རིག་དག་ཕྱོགས་གཅིག་ཏུ་བསྡུས་ནས་ས་རྡུལ་གྱིས་ཁེངས་པའི་སྒེའུ་ཁུང་ཞིག་གི་གྲུ་ཟུར་ནས་མ་འཇོག ཁྱོད་ལ་མཚོན་ན་གལ་ཆེ་བ་ནི་རང་གིས་ཅི་ཞིག་བྱས་པ་དེ་མ་ཡིན་པར་རང་གིས་ཅི་ཞིག་བསམ་པ་དེ་ཡིན།       ཁྱོད་རང་གི་“མལ་ཁྲི་ལས་ཐང་དུ་ལྷུང་སྟེ་གཉིད་ལས་མི་སད་དཀའ་མེད་ཡིན་”ནའང་ཁྱོད་ཀྱི་དྲན་པ་ཡོད་ཚད་གཏིང་ཟབ་པའི་“གཙང་བོ་”ལ་འདྲེས་འདུག
ཁྱོད་ཀྱིས་ཨ་སྟག་ལྷ་མོ་ཟེར་བའི་སྐྱོ་གྲོགས་ཤིག་གདམ་གསེས་བྱས་ཤིང་ཁོ་མོའི་མཚར་སྡུག་གིས་མི་ཡུལ་གྱི་“སྐྱིད་ཚལ”བསྲུང་བར་རེ་ནས་སྙན་ ངག་དང་རོལ་དབྱངས་རྫོགས་མཐའ་མེད་པ་ཞིག་ཁོ་མོའི་དཀར་ཡོལ་ནང་དུ་བཞག
འོན་ཀྱང༌།དོན་ངོ་མར་ཁོ་མོ་སུ་ཡིན་ནམ།ཁོ་མོའི་ལག་རྩལ་གྱིས་ཁྱོད་ཀྱི་མ་འོངས་པའི“ཤེལ་གྱི་ཕོ་བྲང”བཞེངས་ཐུབ་བམ།         
                    2008.7.2
                  ① སྐྱབས་ཆེན་གྱི་ཚིག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁའ་ལ་སྤུར་བའི་སེམས་ཀྱི་གཤོག་པ།

2013-04-20 དགའ་བཀྲ་ཤིས་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།