ཡ་རབས་ཀྱི་ཟུར་ཞིག
ཡ་རབས་ཀྱི་སྤྱོད་པས་བདེ་སྐྱིད་སྟེར་ཞིང་། མ་རབས་ཀྱི་སྤྱོད་པས་སྡུག་བསྔལ་སྐྲུན་པར་མི་ཀུན་ལ་ངོས་འཛིན་ཡོད། མ་རབས་སྤངས་ཏེ་ཡ་རབས་ལ་གཞོལ་དགོས་ཟེར་བ་དེ་ཁ་གཡེང་ཞིག་ཏུ་མ་གྱུར་ན་ཅི་མ་རུང་། མི་གཅིག་གི་ཡ་རབས་ཀྱི་སྤྱོད་བཟང་རེ་རེས་དེའི་རྒྱལ་ཁབ་དང་། མི་རིགས་ལ་སྣང་བརྙན་ཡག་པོ་སྟོན་གྱིན་ཡོད། དེའི་ལྡོག་ཕྱོགས་མ་རབས་ཀྱི་སྤྱོད་པས་མི་རིགས་དང་། རྒྱལ་ཁབ་ཀྱི་ལ་རྒྱའང་ནག་ཐིག་བཟོས་བཞིན་ཡོད་པ་སྨྲོས་ཅི་དགོས། བོད་དང་། རྒྱ་ནག་གི་ཀུན་སྤྱོད་ལ་ཧེ་བག་ཅི་ཙམ་ཡོད་པ་གཤིབ་བསྡུར་རེ་བྱས་ན། ང་ཚོ་ལ་ལག་ཆ་མི་དམན་པ་རེ་ལེན་རྒྱུ་ཡོད་སྲིད། དེ་རིང་གི་རྒྱ་ནག་གི་སྤྱི་ཚོགས་འདིའང་གངས་བོད་པའི་སྤྱི་ཚོགས་ལ་ལྟོས་ན། ཡ་རབས་ཀྱི་སྤྱི་ཚོགས་ཤིག་ལ་འགྱུར་བཞིན་འདུག་ཅེས་བརྗོད་ན་ཐལ་མི་ཆེ་བར་མ་ཟད། ཡ་རབས་ཀྱི་འཚོ་བའི་སྣེ་ཟུར་མང་བོ་ཞིག་མཇལ་རྒྱུ་འདུག ཉེ་ལམ་རྒྱ་ནག་གི་སྨན་ཁང་ཞིག་ཏུ་ང་རང་སྨན་པར་སྟོན་སར་སོང་སྟེ། ཕྱི་ལོག་ན་འདྲ་པར་ཞིག་ཏོག་ཙམ་བསྒུགས་ནས་ཡོད་པའི་སྐབས། སྨན་ཁང་དེའི་བྱ་བ་སྒྲུབ་མཁན་གྱི་བུ་མོ་ཞིག་གིས་བདག་གི་ཐོབ་དཔང་དེ་བསྟན་ནས་འདི་ཁྱོད་ཀྱི་ཡིན་ནམ་ཞེས་དྲིས་ཐལ། རེད་ཅེས་ཟེར་ཞོར་སྒོར་ཁུག་ཡོད་སར་རེག་ཙམ་བྱས་དུས་སྒོར་ཁུག་བོར་ཚར་ཞིག བུ་མོ་དེས་སྒོར་ཁུག་ཐོབ་དཔང་དང་བཅས་པ་ཚུར་ལ་སྤྲད་པས། བདག་ལ་ཚོར་སྣང་གསར་བ་ཞིག་སྤྱིན་པ་ནི། ང་ཚོས་དུས་རྟག་ཏུ་རྒྱ་ནག་གིས་ཡ་རབས་སྤྱོད་བཟང་དང་། རྒྱུ་འབྲས་དྲང་སྙོམས་སོགས་བོར་ཚར་རབ་བཤད་དེ། གདུག་ཅིང་རྩུབ་པའི་སྤྱི་ཚོགས་ཤིག་ཏུ་འདེད་ཀྱིན་ཡོད་ན་ཡང་། དོན་ངོ་མ་ནི། ཡ་རབས་སྤྱོད་བཟང་གི་རྣམ་ཤེས་བོར་འགྲོ་ས་ནི། རྒྱ་ནག་སྐམ་ས་ཆེན་པོ་མ་ཡིན་པར། འུ་ཅག་གི་མཐོ་སྒང་གི་ས་ཆ་འདི་ཡིན་ཏེ། ཉིན་དེར་བོད་པ་ཞིག་གིས་ངའི་སྒོར་ཁུག་ལོན་རྒྱུའི་དབང་བྱས་ན། “ས་སྟེང་རྒྱུ་ལ་བདག་པོ་མེད། ། བདག་པོ་ཡོད་ན་སྡུག་གྱོང་རེད། །”ཟེར་ནས་རིམ་ལ་བཅུག་སྟེ་འགྲོ་ནས་མི་རིགས་ཤིག་རེད། ཡིན་ན་ཡ་རབས་སྤྱོད་བཟང་གི་རྣམ་ཤེས་དེ་དོན་དམ་པར་སུས་བོར་བ་རེད།
2013 3 17ཉིན།
རྩོམ་ཁུངས། ངེད་དྲ་བ།